ཀྲུང་གོའི་ཕུལ་བྱུང་སློབ་མའི་དབྱིན་ཡིག་འགྲན་བསྡུར་གྱི་ཡུལ་ཤུལ་འགྲན་ཁུལ་བསྡུས་པ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ཀྲུང་གོའི་ཕུལ་བྱུང་སློབ་མའི་དབྱིན་ཡིག་འགྲན་བསྡུར་གྱི་ཡུལ་ཤུལ་འགྲན་ཁུལ་བསྡུས་པ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།: སྨན་འཕགས།  ཀློག་གྲངས།: སྤེལ་དུས། : 2016-05-28 13:23:06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

XkP康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ཀྲུང་གོའི་ཕུལ་བྱུང་སློབ་མའི་དབྱིན་ཡིག་འགྲན་བསྡུར་གྱི་ཡུལ་ཤུལ་འགྲན་ཁུལ་བསྡུས་པ།XkP康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
XkP康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཡུལ་ཤུལ་དུ་XkP康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཉེ་སྔོན། 2016ལོའིCCTVཀྲུང་གོའི་ཕུལ་བྱུང་སློབ་མ“རེ་བའི་སྐར་མ”དབྱིན་ཡིག་བརྗིད་ཉམས་འགྲན་ཆེན་ཡུལ་ཤུལ་འགྲན་ཁུལ་གྱི་རྟིང་རྩོད་འགྲན་ཚོགས་ཆེན་མོ་དེ་ཡུལ་ཤུལ་གྲོང་ཁྱེར་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་ཚོགས།XkP康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
CCTVཀྲུང་གོའི་ཕུལ་བྱུང་སློབ་མ“རེ་བའི་སྐར་མའི”དབྱིན་ཡིག་བརྗིད་ཉམས་འགྲན་ཆེན་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་གཉིས་ཀྱིས་ཆོག་འཆན་ཐོབ་ཅིང་། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ལ་ཁ་ཕྱོགས་པའི་གཞི་རྒྱ་ཆེ་བའི་གློག་བརྙན་དབྱིན་ཡིག་འགྲན་བསྡུར་ཞིག་ཡིན་ལ། ཀྲུང་གོ་ནས་གཞི་ཁྱོན་དང་ཤུགས་རྐྱེན་ནུས་པ་ཆེས་ཆེ་བའི་ཕྱི་སྐད་འགྲན་བསྡུར་ཞིག་ཀྱང་ཡིན། འགྲན་ཆེན་འདི2000ལོ་ནས་བཟུང་ལོ་རེར་ཐེངས་རེ་ཚོགས་བཞིན་ཡོད་པ་དང་། ད་བར་ཐེངས་མ16ལེགས་འགྲུབ་བྱུང་ཞིང་། མི་ཁྲི8000ལྷག་ལ་ཤུགས་རྐྱེན་གྱི་ནུས་པ་ཐོན་གྱིན་ཡོད།XkP康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
འགྲན་བསྡུར་འདི་ཉིད2015ལོའི་ཟླ12ཚེས25ཉིན་དངོས་སུ་འགོ་ཚུགས་ཤིང་། དང་ཐོག་བསྡོམས་པས་སློབ་མ321ཡུལ་ཤུལ་འགྲན་ཁུལ་གྱི་འགྲན་བསྡུར་ཁྲོད་དུ་ཞུགས་ཡོད་པ་དང་། ཐོག་འགྲན་དང་བསྐྱར་འགྲན་སོགས་བརྒྱུད་དེ་འགྲན་ཞུགས་སློབ་མ27དངོས་སུ་ཆེས་མཐའ་མཇུག་གི་འགྲན་བསྡུར་ཁྲོད་དུ་བདམས་ཐོན་བྱུང་ཡོད།XkP康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
འགྲན་ཞུགས་པ་དེ་དག་ཁྲོད་གྱི་སློབ་མ་ཆུང་ཆུང་རིག་འཛིན་མཚོ་མོ་ནི་ཆེས་དམིགས་གསལ་གྱི་འགྲན་ཞུགས་པ་ཞིག་སྟེ། ཁོ་མོས2015ལོར་རྒྱལ་ཡོངས་དབྱིན་ཡིག་འགྲན་བསྡུར་སྐབས་ཕུལ་བྱུང་བདམས་ཐོན་པ20ཡི་གྲལ་དུ་ཚུད་ཅིང་། 2015ལོའིCCTVཀྲུང་གོའི་སློབ་མ་བཟང་པོ“རེ་བའི་སྐར་མ”དབྱིན་ཡིག་བརྗིད་ཉམས་ཅེས་པའི་མཚོ་སྔོན་འགྲན་ཁུལ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ལོན་པ་དང་། ད་ཐེངས2016ལོའིCCTVཀྲུང་གོའི་ཕུལ་བྱུང་སློབ་མ“རེ་བའི་སྐར་མ”དབྱིན་ཡིག་བརྗིད་ཉམས་འགྲན་ཆེན་ཡུལ་ཤུལ་འགྲན་ཁུལ་གྱི་ཆེས་མཐའ་མཇུག་འགྲན་བསྡུར་དུའང་ཨང་དང་པོའི་ཁྲོད་དུ་ཚུད།XkP康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论