བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་གསལ་བརྡ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་གསལ་བརྡ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་།   རྩོམ་པ་པོ།: མི་གསལ།   ཀློག་གྲངས།: སྤེལ་དུས། : 2016-06-07 12:14:02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

捕获.JPG1.JPGbL4uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཨ་མའི་མངལ་རྒྱ་ལས་གྲོལ་བའི་སྐད་ཅིག་དེ་ཉིད་ནས་མི་རེ་རེ་ནི་སྒེར་ཚུགས་ཀྱི་ཚེ་སྲོག་རེ་རེར་གྲུབ་ཚར་ཀྱང་། འཚར་སྐྱེ་ནར་སོན་གྱི་གོ་རིམ་ལས་སླར་ཡང་སྤྱི་ཚོགས་དང་རང་བྱུང་གི་ཁོར་ཡུག་ཁྲོད་ནས་སོ་སོའི་ཚེ་སྲོག་ལ་རིན་ཐང་གི་ངེས་ཤེས་རྙེད་དགོས་པ་སྨོས་མེད་རེད། དེ་ཡང་མཐོ་འབྲིང་སློབ་མ་དག་ལ་མཚོན་ན། འཚར་སྐྱེ་ནར་སོན་དང་རྩོམ་འབྲིའི་ནུས་པ་སྦྱོང་བའི་རྫོགས་ལྡན་གྱི་དུས་སུ་གནས་ཡོད་པས། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་མཐོ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་དང་། ངེད་ཚགས་པར་གྱི་སློབ་གསོའི་པར་ངོས་འཁྲུག་ཆ་དོད་པོར་གཏོང་བ་སོགས་ལ་དམིགས་ནས། རྒྱལ་ཡོངས་བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་ཞིག་བསྡུ་འཆར་ཡོད། ཐེངས་འདིའི་བྱ་འགུལ་གྱི་སྤྱིའི་བརྗོད་བྱ་ནི་རང་ཉིད་ཀྱི་ཉེ་འཁོར་དུ་བྱུང་བའི་གཏམ་རྒྱུད་དེ། དཔེར་ན་ཕ་ཡུལ་གྱི་ཕ་མ་གཉེན་ཉེ་དང་ཡུལ་མི་སྒོ་ཕྱུགས། སློབ་གྲྭ་ཡི་དགེ་རྒན་མཆེད་གྲོགས་དང་སློབ་གཉེར་འཚོ་བ། རང་བྱུང་ཁམས་ཀྱི་རི་ཆུ་ནགས་གསུམ་དང་བྱ་བྱེའུ་འབའ་འབུ་ལ་སོགས་པ་དང་རྟེན་ཅིང་འབྲེལ་བར་བྱུང་ཞིང་། རང་ཉིད་ཀྱི་སེམས་ནང་ལ་བག་ཆགས་ཆེས་ཟབ་མོ་བཞག་པའི་གཏམ་རྒྱུད་དང་མྱོང་ཚོར། བརྩེ་དུང་། འཆར་སྒོ་སོགས་མཚོན་དགོས་པ་དེ་ལགས་ན། ཁྱོད་ཀྱི་བརྩམས་ཆོས་ནི་ཆེས་མི་སེམས་སྒུལ་ཅིང་ཆེས་མཛེས་སྡུག་ལྡན་པའི་གཏམ་རྒྱུད་དེ་ཡིན་པར་ང་ཚོ་རྩོམ་སྒྲིག་པ་དག་ཡིད་ཆེས་ཀྱིས་བརྟས་ཡོད་ལ། ཁྱོད་ཀྱིས་རང་སེམས་ཀྱི་རི་མོ་ཡི་གེར་ཕབ་ནས་བསྐུར་ཡོང་བར་ང་ཚོས་རེ་ཞིང་སྒུག་ཡོད།bL4uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    རྩོམ་ཡིག་འགྲན་བསྡུར་ལ་ཞུགས་ཚེ་ངེས་པར་དུ་གཤམ་གསལ་གྱི་དོན་ཚན་འགའ་བརྩི་སྲུང་བྱ་དགོས་ཏེ།bL4uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    དང་པོ། རྩོམ་ལུས་ངེས་པར་དུ་ལྷུག་རྩོམ་ཡིན་དགོས་ལ། དེ་བཞིན་དུ་ཡིག་འབྲུ2500ལས་མི་ཉུང་བ་ཞིག་དགོས། བརྗོད་བྱ་འབུར་དུ་ཐོན་དགོས་ཤིང་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པ་ལས། ནད་མེད་འཁུན་སྒྲ་འབྱིན་པ་དང་ཁུངས་མེད་ཀུ་ཅོ་འདོན་པའི་རིགས་མི་འགོད་པ་དང་། རྗོད་བྱེད་གསལ་དག་ཅིག་ཐོན་དགོས་པ་ལས། སྣང་བ་རབ་རིབ་དང་དོན་མེད་ཚིག་ཤོམ་སྤྲོ་བའི་རིགས་མི་འགོད། རྩོམ་ཡིག་གི་ཁ་བྱང་ནི་གོང་གསལ་སྤྱིའི་བརྗོད་བྱ་ལས་མི་འདའ་བར་ཁྱོད་རང་ཉིད་ཀྱིས་གདགས་ཆོགbL4uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    གཉིས་པ། རྩོམ་ཡིག་བསྡུ་བའི་དུས་ཚོད་ནི2016ལོའི་ཟླ4བའི་ཚེས1ཉིན་ནས2016ལོའི་ཟླ12པའི་ཚེས་30བར་ཡིན་ལ། དེའི་རིང་ལ་འབྱོར་བའི་རྩོམ་ཡིག་ལས་རྩེ་གྲས་དག་མཚོ་སྔོན་བོད་ཡིག་གསར་འགྱུར་སྟེང་དགོད་རྒྱུ་ཡིན།bL4uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    གསུམ་པ། 2017ལོའི་ཟླ་དང་པོར་ཆེད་མཁས་པ་གདན་འདྲེན་གྱིས་དཔྱད་འདེམ་བྱ་རྒྱུ་ཡིན་ལ། བྱ་དགའི་རིམ་པ་ལ་ཨང་དང་པོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། རྟིང་སྐུལ་ལྔ་བཅས་དང་། རིམ་པ་ལྟར་སོ་སོར་སྒོར2000དང་སྒོར1500 སྒོར1000 སྒོར500 བཅས་དང་དཔང་ཡིག་གནང་རྒྱུ་ཡིན།bL4uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    བཞི་པ། འགྲན་ཞུགས་རྩོམ་ཡིག་རྣམས་གློག་རྡུལ་ཡིག་ཟམqhzwb@126.comབརྒྱུད་ནས་བསྐུར་རྒྱུ་དང་། རྩོམ་ཡིག་སྐུར་དུས“འགྲན་ཞུགས་བརྩམས་ཆོས”ཞེས་གསལ་པོར་འབྲི་དགོས་པར་མ་ཟད། རྩོམ་ཡིག་གི་མཇུག་ཏུ་རྩོམ་པ་པོའི་ས་གནས་དང་རུས་མིང་། ཁ་པར་ཨང་གྲངས་སོགས་གསལ་པོར་འབྲི་དགོས་པ་བཅས་ཐུགས་འཇགས་གནང་བར་འཚལ།bL4uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 འབྲེལ་གཏུག་པ། པདྨ་རྡོ་རྗེ། bL4uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 ལག་འཁྱེར་ཁ་པར། 13897474752 uZW康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论