“ཐོན་མིའི་ལོ་ཙཱ”རྟགས་མའི་བྱིས་སྒྲུང་འགྲན་སྡུར་སྤེལ་བའི་གསལ་བརྡ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

“ཐོན་མིའི་ལོ་ཙཱ”རྟགས་མའི་བྱིས་སྒྲུང་འགྲན་སྡུར་སྤེལ་བའི་གསལ་བརྡ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2022-03-30 13:09:38
ཡིག་གཟུགས། :ཆུང་། འབྲིང་། ཆེ།
         བྱིས་སྒྲུང་ནི་རྟོག་བཏགས་དང་སྟོང་བསམ། འུད་བརྗོད་སོགས་ཀྱི་ལག་ཐབས་ལ་བརྟེན་ནས་གསར་རྩོམ་བྱས་པ་ཡིན་ཕྱིར། བྱིས་པའི་བློ་ཁ་དང་འཚམ་ཞིང་། བྱིས་པ་ཚོ་བཀླག་རྒྱུར་སྤྲོ་བའི་རྩོམ་ལུས་ཤིག་ཡིན། བདེན་དགེ་མཛེས་གསུམ་ལ་བསྟོད་བསྔགས་བྱེད་པ་དང་། རྫུན་ངན་བཙོག་གསུམ་ལ་ངོ་རྒོལ་བྱེད་པ་ནི་བྱིས་སྒྲུང་གི་བརྗོད་སྙིང་གཙོ་བོ་ཡིན་པས། བྱིས་པ་ཚོས་ཆུང་དུས་ནས་བྱིས་སྒྲུང་ལེགས་པོ་བཀླགས་ན། འཆར་སྒོའི་རྒྱ་སྐྱེད་པ་དང་། བླང་དོར་གྱི་གནད་ཤེས་པ། མི་ཚེའི་དོན་སྙིང་རྟོགས་པ་སོགས་ལ་རྔོ་ཐོགས་ངེས་ཡིན།

           རང་རེའི་བོད་ཀྱི་བྱིས་པ་རྣམས་ལ་མཚོན་ན། ཕ་སྐད་ཀྱི་ལམ་ནས་བརྩམས་པའི་བྱིས་སྒྲུང་ལེགས་པོ་ཞིག་ལྟ་ཞོག ཐ་ན་བསླབ་ཕྱིའི་ཀློག་དེབ་ཡག་པོ་ཞིག་ཀྱང་དཀོན་པའི་ཚུལ་དུ་ལུས་ཡོད་པས་ན། མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་མ་དངུལ་གྱི་མཐུན་རྐྱེན་གྱ་ནོམ་པ་སྦྱར་ཏེ། ངེད་རྩོམ་སྒྲིག་ཁང་དང་མཉམ་འབྲེལ་སྒོས«གངས་རྒྱན་ན་ཆུང་ཚགས་པར»སྟེང“ཐོན་མིའི་ལོ་ཙཱ”རྟགས་མའི་རྒྱལ་ཡོངས་བོད་ཀྱི་བྱིས་སྒྲུང་འགྲན་སྡུར་སྐབས་དང་པོ(2021ལོའི་ཟླ5པའི་ཚེས20ཉིན་ནས2022ལོའི་ཟླ5པའི་ཚེས20ཉིན)སྤེལ་རྒྱུ་ཡིན་ལ། དེ་ནི་གཅིག་ནས་གོང་དུ་གླེང་བའི་གནས་བབ་སྐྱོ་བོ་དེར་དམིགས་པ་དང་། གཉིས་ནས་བོད་ཀྱི་རྩོམ་རིག་སྤྱི་དང་སྒོས་སུ་བྱིས་སྒྲུང་གསར་རྩོམ་ཐད་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་རེ་འཐོན་པར་དམིགས་པ་ཡིན། ང་ཚོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སྨྱུག་ཐོགས་པ་དག་རང་འགུལ་ངང་ཐེངས་འདིའི་འགྲན་སྡུར་ནང་ཟབ་ཞུགས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཞར་དུ་མཉམ་འཇོག་དང་དོ་སྣང་བྱེད་དགོས་ས་འགའ་ཡོད་པ་གཤམ་གསལ་ལྟར།Fe2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        དང་པོ། བོད་ཡིག་གི་ལམ་ནས་གསར་རྩོམ་བྱེད་མཁན་རྩོམ་པ་པོ་རྒན་དར་གཞོན་གསུམ་ཚང་མ་ཞུགས་ཆོགFe2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        གཉིས་པ། ཚིག་ཉུང་གཏམ་གྱི་མེ་ལོང་དུ། དོན་མང་གཟུགས་ཀྱི་རྣམ་པ་འཆར་ཞེས་པའི་དཔེ་ལྟར། སྐད་ཆ་བབ་ཆགས་ཤིང་གོ་སླ་ལ། བྱིས་པའི་བློ་ཁ་དང་འཚམ་པ་ལས། སྒྱུ་རྩལ་གྱི་མཛེས་པ་དང་སྣང་བརྙན་གྱི་མཛེས་པ། བསམ་བློའི་མཛེས་པ་སོགས་ཀྱིས་ཁྱོགས་པར་བྱས་ཏེ། བརྗོད་བྱར་ཡར་སྐུལ་རང་བཞིན་དང་སློབ་གསོ་རང་བཞིན་ཆེས་ཆེར་ལྡན་དགོས།Fe2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        གསུམ་པ། ཡིག་འབྲུ་ཉིས་སྟོང་ལས་རྒལ་མི་རུང་བ་དང་། ཡིག་གཟུགས་ཧི་གཟུགས་ཡིན་དགོས། ཡིག་ཟམ(bacaier@qq.com)བརྒྱུད་ནས2022ལོའི་ཟླ4པའི་ཚེས30སྔོན་ལ་ངེད་རྩོམ་སྒྲིག་ཁང་ལ་བསྐུར་རྒྱུ་དང་། རྩོམ་ཡིག་གི་མགོར“བྱིས་སྒྲུང་འགྲན་སྡུར”ཞེས་འབྲི་དགོས།Fe2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        བཞི་པ། བཤུ་འབྲི་ནི་སྤྱོད་ངན་ཞིག་ཡིན་པས། གཞན་རྩོམ་བཤུ་འབྲི་བྱེད་མི་རུང་ལ། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་བྱིས་སྒྲུང་བོད་ཡིག་ཏུ་བསྒྱུར་རྗེས། རང་གི་གསར་རྩོམ་ཡིན་ཁུལ་སོགས་གཏན་ནས་བྱེད་མི་རུང་།Fe2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        ལྔ་པ། 2022ལོའི་ཟླ6པའི་ནང་དཔྱད་འདེམ་པ་གདན་ཞུ་བྱས་ཏེ། དཔྱད་འདེམ་དྲང་གཞག་དང་གཟབ་ནན་བྱེད་རྒྱུ་ཡིན་ལ། བྱ་དགའི་རིམ་པར་ཨང་དང་པོ་གཅིག་སྟེ་བྱ་དགའི་དངུལ་སྒོར10000དང་། ཨང་གཉིས་པ་གཉིས་ཏེ་རེ་རེར་བྱ་དགའི་དངུལ་སྒོར6000 ཨང་གསུམ་པ་གསུམ་སྟེ་རེ་རེར་བྱ་དགའི་དངུལ་སྒོར3000བཅས་ཡིན།Fe2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        དྲུག་པ། རྗེས་མར་བྱ་དགའི་དངུལ་དང་། དཔང་ཡིག རྩོམ་ཡོན་སོགས་སྐུར་བདེ་ཆེད། རྩོམ་མཁན་ཚང་མས་རྩོམ་ཡིག་གི་མཇུག་ཏུ་མིང(ཐོབ་ཐང་ལག་ཁྱེར་དང་མཐུན་དགོས)དང་། ས་གནས། འབྲེལ་གཏུག་ཁ་པར། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། དངུལ་བྱང་ཨང་གྲངས་དང་ཐོ་ཁུངས་དངུལ་ཁང་གི་མིང་བཅས་བོད་རྒྱ་སྦྲགས་མས་གསལ་བོར་འབྲི་དགོས་པ་ཐུགས་འཇགས་འཚལ། ཞེས«གངས་རྒྱན་ན་ཆུང་ཚགས་པར»རྩོམ་སྒྲིག་ཁང་ནས།Fe2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论