མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་སྒྲ་སྙན་བཀྲ་ཤིས་རྒྱལ་པོ་སྐལ་བཟང་བཀྲ་ཤིས་ལ་ཐོབ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་སྒྲ་སྙན་བཀྲ་ཤིས་རྒྱལ་པོ་སྐལ་བཟང་བཀྲ་ཤིས་ལ་ཐོབ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2020-11-19 11:57:51
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 wOb康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཨང་དང་པོ། སྐལ་བཟང་བཀྲ་ཤིས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ། ཟླ11པའི་ཚེས16ཉིན་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་ངང་ཡོངས་སུ་མཇུག་བསྡུས།wOb康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཨང་གཉིས་པ། དཀོན་མཆོག་སྐྱབས།

འགྲན་ཚོགས་འདི་ཟླ6པའི་ཚེས18ཉིན་ཟི་ལིང་འགྲན་ཁུལ་ནས་ཚོགས་མགོ་བརྩམས་ཏེ། ཐོག་མའི་དབུ་ཁྱུད་ལེགས་པོར་བྲིས་པ་དང་། དེ་ནས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཐོག་མའི་འགྲན་ཁུལ་དྲུག་ནས་སྔ་རྗེས་སུ་འགྲན་ཞུགས་རྡུང་ལེན་པ400ཉེ་བ་ཙམ་གར་སྟེགས་སུ་ཞུགས་པར་མ་ཟད། འགྲན་ཞུགས་པ་དག་གིས་ལག་སོར་མོའི་རྩལ་ཉམས་དང་། ངག་མགྲིན་པའི་འགྱུར་ཁུགས་འགྲན་ཏེ། དབྱར་ཟླ་གསུམ་ལ་སྤང་ལ་མེ་ཏོག་བཞད་བཞད་དང་སྟོན་ཟླ་གསུམ་ལ་འབྲས་བཟང་ཁུར་གྱིས་དུད་པ་བྱས། wOb康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཨང་གཉིས་པ། བསམ་ཁོ།

སྤྱི་ཟླ10བའི་ཚེས14ཉིན་ནས་བསྐྱར་འགྲན་གྱི་མགོ་བརྩམས་ཤིང་འགྲན་ཞུགས་པ59འགྲན་ཚོགས་སུ་ཞུགས་ཤིང་། དེ་ལས་འགྲན་ཞུགས་པ39རྟིང་རྩོད་དུ་ཚུད། རྟིང་རྩོད་འགྲན་སྡུར་ཉིན་གཉིས་རིང་བྱས་མཐར་འགྲན་ཞུགས་པ20མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་ཚུད། ཟླ11པའི་ཚེས7ཉིན་ནས་བཟུང་འགྲན་ཞུགས་པ་དང་རོལ་ཚོགས་མཉམ་སྡེབ་ཀྱིས་གཞས་ར་ཁྲ་མོ་སོ་སོ་ནས་འཁྲབ་སྦྱོང་ལེགས་པོ་བྱས་ཏེ། མཇུག་མཐའི་རྟིང་རྩོད་འགྲན་སྡུར་ལ་གྲ་སྒྲིག་གྱ་ནོམ་པ་བྱས།wOb康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཨང་གསུམ་པ། ཕག་མོ་སྒྲོལ་མ།

སྤྱི་ཟླ11པའི་ཚེས14ནས16སྟེ་ཉིན་གསུམ་རིང་མཇུག་མཐའི་རྟིང་རྩོད་ཀྱི་འཁོར་ལོ་མཚོ་སྔོན་ལུས་རྩལ་ལྟེ་གནས་ནས་བསྐོར་ཏེ་འགྲན་ཞུགས་པ་རྣམས་ཀྱིས་འགྲན་བསྡུར་རབས་དང་རིམ་པ་སྐས་དང་ཐེམ་པ་བརྒྱུད་མཐར་འགྲན་ཞུགས་པ20ལས་མི10འགྲན་རིམ་གཉིས་པར་ཚུད་ཅིང་། དེ་ནས་འགྲན་རིམ་གཉིས་པ་ལས་འགྲན་ཞུགས་པ་མི6རྟིང་མའི་འགྲན་རིམ་གསུམ་པའི་ནང་དུ་ཚུད། wOb康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཨང་གསུམ་པ། དཔལ་ཆེན་རྡོ་རྗེ།

ཚེས16ཉིན་འགྲན་ཞུགས་པ6གིས་རང་རང་གི་སྦྱངས་པ་མཐའ་རུ་ཕྱིན་པའི་འགྲན་ཞུགས་བརྩམས་ཆོས་དག་གར་སྟེགས་སུ་འཕོས་ནས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གྱི་རང་མདངས་འོད་དུ་བཀྲ་ཞིང་། ངོ་མཚར་ཆེ་བ། དྭངས་བ་འདྲེན་པའི་ཁྱད་ཆོས་མ་ལུས་མནྜལ་བརྩེགས་པའི་དོ་ཟླ་ཡིས། གར་སྟེགས་ཁྲོམ་ཆེན་ཟིལ་གནོན་དབྱངས་ཀྱིས་ཕབ་ཅིང་། རྩལ་གྱིས་མནན་མཐར། རྔམ་བརྗིད་ཀྱི་གར་སྟེགས་ཟིལ་གནོན་ལ་ཁ་ལོ་བསྒྱུར་བའི་དབང་འབྱོར་ཞིང་། གཟི་དཔལ་བཀྲ་བའི་གར་སྟེགས་སྟེང་དུ་འགྲན་ཞུགས་པ་དག་ནི། ལྷའི་བུ་དང་བུ་མོ་འཇིག་རྟེན་ཁམས་སུ་བྱོན་ནས་གླུ་གར་དཔལ་ལ་རོལ་བའི་ཚུལ་དང་གཉིས་སུ་མཆིས་མ་སོང་།wOb康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཨང་གསུམ་པ། རྟ་མགྲིན་རྡོ་རྗེ།

འགྲན་སྡུར་བརྒྱུད་གླུ་བ་ཆུང་ཆུང་རྟ་མགྲིན་རྡོ་རྗེ་དང་ཕག་མོ་སྒྲོལ་མ། དཔལ་ཆེན་རྡོ་རྗེ་གསུམ་ཨང་གསུམ་པའི་མཚན་རྟགས་ཐོབ་ཅིང་། གླུ་བ་བསམ་ཁོ་དང་དཀོན་མཆོག་སྐྱབས་ལ་ཨང་གཉིས་པའི་བདག་དབང་ཐོབ། སྒྲ་སྙན་རྩལ་ལ་མངའ་བརྙེས་ཤིང་ཁྲོམ་ཆེན་གར་སྟེགས་ཟིལ་གྱིས་མནན་པའི་གླུ་བ་སྐལ་བཟང་བཀྲ་ཤིས་ལ་ཆེས་བླ་མེད་ཀྱི་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་སྙན་ཐོབ།wOb康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论