རྟ་མགྲིན་མ་བུ་གཉིས་ཀྱི་གཏམ་རྒྱུད།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

རྟ་མགྲིན་མ་བུ་གཉིས་ཀྱི་གཏམ་རྒྱུད།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2024-02-01 11:22:18
ཡིག་གཟུགས། :ཆུང་། འབྲིང་། ཆེ།
རྟ་མགྲིན་མ་བུ་གཉིས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མང་ར་ཤང་གི་ཡིན། དེ་ཡང2022ལོའི་ལོ་མཇུག་ལ་ཧྲའན་ཞིའི་རྒྱལ་སྤྱིའི་ཚོང་དོན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་རྟ་མགྲིན་གྱིས་རང་ཁྱིམ་དུ་དྲ་ཐོག་ནས་སློབ་ཁྲིད་ལ་ཉན་སྐབས། ཉེ་འགྲམ་དུ་ལས་ཀ་ཙག་ཙིག་གནང་བཞིན་པའི་ཨ་མ་ལགས་ཀྱིས་ལས་ཞོར་དུ་ངག་ལས་སྙན་པོའི་དབྱངས་རྟ་ལེན་ཞིང་། འགྱུར་ཁུག་ནི་དེ་འདྲའི་སྙན་པོ་ཞིག་ཡོད་པ་ཐོས་སྐབས། རྟ་མགྲིན་གྱིས་རང་གི་ཨ་མས་གླུ་གཞས་ལེན་བཞིན་པའི་རྣམ་པ་དེ་ཁ་པར་ནང་བརྙན་བླངས་ཏེ་སྟེགས་བུའི་ཐོག་སྤེལ།
       དེ་རྗེས། མ་བུ་གཉིས་ཕྱིར་ཕྱུགས་འཚོ་བར་འགྲོ་བ་དང་། ཕྱི་དྲོ་མ་བུ་གཉིས་ཁྱིམ་དུ་ལོག་ནས་རྟ་མགྲིན་གྱིས་བསྐུར་བའི་བརྙན་ཐུང་དེའི་ལན་འཇོག་སྟེགས་བུའི་ཐོག་དྲ་གྲོགས་མང་པོ་ཞིག་གིས་རང་གི་ཨ་མས་གླུ་སྙན་པོ་གཏོང་གི་འདུག་ཅེས་བསྔགས་བརྗོད་བྱས་པ་དང་། དྲ་ཐོག་ཏུ་དོ་ཁུར་བྱེད་མཁན་མང་ལ་མི་མང་པོ་ཞིག་གིས་རང་གི་ཨ་མར་བསྟོད་བསྔགས་བྱས་པ་མཐོང་སྐབས། རྟ་མགྲིན་ཧ་ཅང་དགའ་པོ་བྱུང་བ་དང་དེ་རྗེས་ཨ་མར་ད་དུང་གླུ་གཞས་ཁ་ཤས་གཏོང་རྒྱུའི་རེ་བ་ཞུས། ཨ་མ་ཡང་ཆུང་དུས་ནས་གླུ་གཞས་གཏོང་རྒྱུར་མཉེས་པོ་ཡོད་པས་མུ་མཐུད་དྲ་བ་བརྒྱུད་གླུ་གཞས་གཏོང་རྒྱུར་མོས་མཐུན་གནང་། དེ་རྗེས་རྟ་མགྲིན་གྱིས་རོལ་ཆ་དཀྲོལ་བ་དང་ཨ་མས་གླུ་གཞས་གཏོང་བའི་རྣམ་པ་དེ་དྲ་ཐོག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པ་དང་དོ་ཁུར་བྱེད་མཁན་ཡང་དེ་བས་མང་བར་གྱུར་ཁར། དགའ་བསུའང་ཆེན་པོ་ཐོབ་ཡོད།
       ཨ་མ་ཀུན་བཟང་སྒྲོལ་མ་ལགས་ནི་རྒྱུན་པར་སྐད་ཆ་བཤད་རྒྱུ་ཉུང་མོད། ཁོང་མོས་གླུ་གཞས་གཏོང་སྐབས་ཀྱི་སྐད་ངག་སྙན་མོ་དེས་དྲ་གྲོགས་མང་པོ་ཞིག་གི་ཡིད་དབང་བཀུག་ཅིང་། སྐད་ངག་དེས་རང་གི་བུ་རྟ་མགྲིན་ལ་ཡང་བྱིས་དུས་ཀྱི་བདེ་སྣང་ཞིག་ངང་ངམ་ཤུགས་ཀྱིས་ཚོར་དུ་བཅུག ཀུན་བཟང་སྒྲོལ་མ་ལགས་ཉིན་ལྟར་ཁྱིམ་ལས་ལ་བྲེལ་ཡང་ལས་བྲེལ་གྱི་བར་གསེང་དུ་གླུ་གཞས་གཏོང་རྒྱུར་ཧ་ཅང་དགའ་པོ་ཡོད། རྟ་མགྲིན་གྱིས། ངའི་ཨ་མ་ལགས་གླུ་གཞས་གཏོང་རྒྱུར་མཉེས་པོ་ཡོད། ཁོང་ནས་ཕྱུགས་འཚོ་སྐབས་རྟག་ཏུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་གླུ་གཞས་གཏོང་བར་མ་ཟད། ཁྱིམ་ལས་ཙག་ཙིག་གནང་སྐབས་ཀྱང་སྐད་གདངས་དམའ་པོས་གླུ་གཞས་གཏོང་བ་དང་རང་ཉིད་ཀྱི་དགའ་ཕྱོགས་ལ་བརྟེན་ནས་འཚོ་བར་སྤྲོ་སྣང་སྦྱིན་གང་ཐུབ་གནང་བཞིན་ཡོད་ཅེས་བརྗོད་པ་རེད།
       ལོ་བཞི་བཅུ་ལྷག་ཙམ་རིང་། ཀུན་བཟང་སྒྲོལ་མ་རྩྭ་ཐང་དུ་འཚོ་བ་རོལ་བཞིན་པ་དང་། གླུ་གཞས་ནི་ཁོང་མོར་མཚོན་ན་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་འོད་སྣང་ཞིག་དང་མཚུངས། བུ་རྟ་མགྲིན་གྱིས་སློབ་ཆེན་སྐབས་སློབ་སྦྱོང་གི་ཞོར་དུ་སློབ་གྲྭའི་དཔེ་མཛོད་ཁང་ནང་ལས་ཀ་རྒྱུན་འཁྱོངས་བྱས་ཏེ་འཚོ་བའི་ཐད་ཀྱི་དཀའ་ངལ་སེལ་གང་ཐུབ་བྱེད་བཞིན་ཡོད། ཁྱིམ་དུ་བསྡད་དེ་དྲ་ཐོག་སློབ་ཚན་འཚོགས་རིང་། སློབ་གསེང་དུས་ཚོད་ནང་ཨ་མའི་རྗེས་སུ་འབྲངས་ནས་རྫོང་གྲོང་དུ་ཨར་ལས་རྒྱུག་པར་ཕྱིན། སློབ་ཆེན་ནས་མཐར་ཕྱིན་རྗེས། རྟ་མགྲིན་ཕ་ཡུལ་དུ་ཕྱིར་ལོག་ནས་ཕ་མ་གཉིས་ལ་ཁྱིམ་ཚང་གི་འཚོ་བའི་ཐད་རོགས་རམ་བྱེད་ཀྱི་ཡོད། ཨ་མའི་ལྷད་མེད་ཀྱི་སྐད་ངག་སྙན་པོ་དེ་མི་མང་བས་ཉན་ཐུབ་ཆེད། རྟ་མགྲིན་གྱིས་ཨ་མ་ལགས་ཁྲིད་ནས«སྐར་ཚོགས་ལམ་ཆེན»དང«གསེར་གྱི་སྐར་ཆ་བརྒྱ»ཞེས་པ་སོགས་ལེ་ཚན་ནང་ཞུགས་ཤིང་། དུས་དེ་ནས་བཟུང་ཀུན་བཟང་སྒྲོལ་མ་རྩྭ་ཐང་ནས་རྡོག་ཐོན་གྱིས་རྒྱུན་པར་བུ་རྟ་མགྲིན་དང་མཉམ་དུ་གྲོང་ཁྱེར་མང་པོ་ཞིག་ཏུ་བསྐྱོད་དེ་ལེ་ཚན་སྣ་ཚོགས་ནང་ཞུགས་པ་དང་ས་གནས་མི་འདྲ་བའི་ཡུལ་གོམས་མི་འདྲ་བར་མྱོང་རོལ་གནང་ཡོད།
       རྟ་མགྲིན་གྱིས། ཨ་མ་ལགས་དགུང་ལོ་ཆུང་དུས་སུ་གླུ་གཞས་གཏོང་རྒྱུར་དགའ་བའི་བུ་མོ་ཞིག་རེད། ཁོང་མོ་རྒྱུན་པར་འཚོ་བའི་ཁྲོད་ཀྱི་ལས་ཀ་དེ་དག་ལ་བྲེལ་བཞིན་ཡོད་པས། གཞས་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱུང་མེད། ངས་ཨ་མའི་ཕུགས་འདུན་འདི་མངོན་འགྱུར་ཡོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་དང་། འབྱུང་འགྱུར་སྐོར་གླེང་སྐབས་རྟ་མགྲིན་གྱིས་སླད་ཕྱིན་ད་དུང་ཨ་མ་དང་མཉམ་དུ་གླུ་གཞས་གསར་རྩོམ་བྱས་ནས་ཨ་མའི་སེམས་ནང་གི་གཏམ་རྒྱུད་གླེང་རྒྱུ་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论