༄༅།།སྡེ་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་རྒྱ་བོད་རྒྱུན་བཀོལ་ཐ་སྙད་ཀྱི་ཤེས་བྱ་འགྲན་བསྡུར།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

༄༅།།སྡེ་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་རྒྱ་བོད་རྒྱུན་བཀོལ་ཐ་སྙད་ཀྱི་ཤེས་བྱ་འགྲན་བསྡུར།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2020-06-01 10:09:12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སྤྱི་ལོ༢༠༢༠ལོའི་ཟླ༥པའི་ཚེས༣༠ཉིན་གྱི་ཕྱི་དྲོར་སྡེ་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་བོད་ཡིག་སློབ་དཔྱོད་ཚོགས་ཆུང་གིས་རྒྱ་བོད་རྒྱུན་བཀོལ་ཐ་སྙད་ཀྱི་ཤེས་བྱ་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འཛིན་གྲྭ་སོ་སོའི་སློབ་གྲོགས་ཚང་མས་ཟླ་ངོ་གཅིག་ལྷག་གི་རིང་དུ་ནངས་སྔ་དགོང་འཕྱི་སྒོས་དུས་ཚོད་དམ་འཛིན་དང་།ཐ་སྙད་གསོག་འཇོག་གི་ཐད་ལ་ཧུར་བརྩོན་གྱིས་གྲ་སྒྲིག་གང་ལེགས་མཛད་དེ་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་རྒྱུའི་ཆོད་སེམས་དང་ཡིད་ཆེས་ཁེངས་ཏེ་རེབ་འདིའི་འགྲན་བསྡུར་ལ་ཞུགས་།ཤེས་བྱ་འགྲན་བསྡུར་གྱི་ནང་དོན་ལ། རྒྱུན་པར་འཚོ་བའི་ཁྲོད་རྒྱ་སྐད་ཀྱི་མིང་བཏགས་ཤེས་ཀྱང་བོད་སྐད་ཀྱི་མིང་བཏགས་མི་ཤེས་པའི་ཐ་སྙན་གསར་པ་ཤ་སྟག་ཡིན་པའི་ཁར་ཐོག་མར་འཛིན་གྲྭ་ནང་ལོགས་འགྲན་སྡུར་བྱས་རྗེས་ཁྱད་དུ་འཕགས་པའི་སློབ་མ་གཉིས་རེ་བདམས་ནས་རྟིང་རྩོད་ཀྱི་འགྲན་སྡུར་ལ་ཞུགས།ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འགྲན་ཞུགས་པ་རེ་རེས་རྒྱ་བོད་རྒྱུན་བཀོལ་ཐ་སྙད་ཆུ་བཞུར་བ་ལྟར་ཤར་མར་བློ་རུ་སྐྱོར་བར་བློ་ལྡན་སློབ་གྲོགས་རྣམས་ཀྱིས་བསྟོད་པའི་ཐལ་མོ་ལྷང་ལྷང་དུ་བརྡབས་པ་མ་ཚད། ལྷག་པར་དགེ་རྒན་རྣམས་ཀྱང་བཞུགས་སྟེགས་ལས་རང་དབང་མེད་པར་ཡར་བཞེངས་ནས་ཡི་རང་གི་ལྷ་རྫས་ཁ་བཏགས་འབུལ་བ།ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བྱ་འགུལ་གྱི་མཇུག་ཏུ་སློབ་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་བྱ་འགུལ་ལ་སྤྱི་སྡོམ་གྱི་ཚུལ་དུ་རྗེས་མུར་རྒྱ་བོད་རྒྱུན་བཀོལ་ཐ་སྙད་གསོག་འཇོག་ཕྱོགས་ལ་ཤུགས་ཆེན་པོ་རྒྱག་དགོས་པའི་རེ་བ་བཏོན་པ་དང་། བོད་ཡིག་སློབ་དཔྱོད་ཚོགས་ཆུང་གི་ཚོགས་གཙོ་ཡེ་ཤེས་ཕུན་ཚོགས་ཀྱིས་ཐེངས་འདིའི་བྱ་འགུལ་ཁྲོད་ཀྱི་ལེགས་ཆ་ལ་བསྟོད་པ་དང་མི་འདང་བའི་ཆ་ལ་ད་དུང་ཧུར་ཐག་བྱ་དགོས་པའི་སྐོར་གྱི་སྙིང་ཕུར་བརྡབས་ཏེ་རྒྱུན་པར་ཕ་སྐད་བཤད་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་སྟེ་འགྲན་ཞུགས་པ་སོ་སོའི་སྐར་གྲངས་ཁྱབ་བསྒྲགས་བྱས་ཤིང་ཨང་རིམ་ལྟར་བྱ་དགའི་ལེགས་སྐྱེས་གནང་ཞིང་མགོ་བཀྲ་ཤིས་པར་བརྩམས་ཏེ་མཇུག་བདེ་ལེགས་པར་བསྡུས་པའོ།།ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སྒང་པ་བོད་ཀྱི་སྐད་ཆའི་ནང་། །ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཞེ་ཚིག་མངོན་བརྗོད་ཕལ་སྐད་སོགས། །ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཐ་སྙད་ཕུན་སུམ་ཚོགས་པས་ན། །ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གཞན་སྐད་བསྲེས་པ་ཡ་མ་བརླ། །ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ATC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论