གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སྐབས་སོ་ལྔ་བའི་སློབ་མའི་མཛེས་རིས་འགྲེམས་སྤེལ་གྱི་བྱ་འགུལ་སྤེལ་བ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སྐབས་སོ་ལྔ་བའི་སློབ་མའི་མཛེས་རིས་འགྲེམས་སྤེལ་གྱི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།: ཚེ་རིང་རྣམ་རྒྱལ།  ཀློག་གྲངས།: སྤེལ་དུས། : 2020-06-29 18:42:44
ཡིག་གཟུགས། :ཆུང་། འབྲིང་། ཆེ།

Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སྐབས་སོ་ལྔ་བའི་སློབ་མའི་མཛེས་རིས་འགྲེམས་སྤེལ་གྱི་བྱ་འགུལ་སྤེལ་བ།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཞིར་བཟུང་སྟེ་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་བརྩོན་ལེན་དང་འཆམ་མཐུན་མཛེས་སྡུག་གི་སློབ་ར་གསར་བ་འཛུགས་སྐྲུན་བྱེད་པ་གཞིར་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་ལྟ་བ་མཐོར་འདེགས་དང་མ་འོངས་པའི་སྤྱོད་ཡོན་གཉིས་ལྡན་གྱི་མེས་རྒྱལ་གྱི་བདག་པོ་སྐྱེད་སྲིང་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ལ། ཁྱད་པར་དུ་སློབ་མའི་དགའ་ཕྱོགས་སྔོག་འདོན་དང་སློབ་མའི་ནུས་པ་རྒྱུན་འཁྱོངས་བྱས་ཏེ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ་སློབ་རའི་རིག་གནས་འཚོ་བ་སྔར་ལས་འཐུས་ཚང་དང་ཕུན་སུམ་ཚོགས་པར་བྱེད་དགོས་ཤིང་སློབ་མའི་རང་རྐྱ་འཕེར་བའི་སློབ་སྦྱོང་གི་ཁོར་ཡུག་གསར་བ་ཞིག་བཞེངས་སྐྲུན་བྱེད་དགོས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་དམིགས་འདུན་ཉག་གཅིག་ཏུ་གྲུབ་ཡོད་པ་ཡིན་ལ། སྒོས་སུ་སློབ་མའི་ཤེས་རིག་གི་ཆུ་ཚད་དང་བསྟུན་ནས་དགའ་ཕྱོགས་ཀྱི་འདུན་པར་སྣེ་ཁྲིད་དེ་མཛེས་རིས་སྒྱུ་རྩལ་གྱི་བྱང་ཚད་མཐོར་འདེགས་སུ་གཏོང་བའི་ཆ་ལ་འབད་པ་བླ་ལྷག་བྱེད་དགོས་པ་མ་ཟད། སློབ་མ་རང་རང་གི་དགའ་ཕྱོགས་ལྟར་གང་ལ་གང་འཚམ་གྱིས་སློབ་རའི་རིག་གནས་ཀྱི་དགེ་མཚན་དྲིལ་བསྒྲགས་དང་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་འཚོ་བ་ཡར་རྒྱས་སུ་གཏོང་བར་མཐུན་རྐྱེན་གང་ལེགས་སྐྲུན་དགོས་པ་རེད། སློབ་རའི་རིག་གནས་འཚོ་བ་འཕེལ་རྒྱས་སུ་གཏོང་དགོས་ན་སློབ་མའི་དགའ་ཕྱོགས་དང་ལེན་བྱེད་དགོས་པ་ཡིན་ལ། སློབ་མའི་དགའ་ཕྱོགས་མངོན་འགྱུར་བྱེད་པ་ནི་འཇོན་ཐང་ལྡན་པའི་མི་སྣ་གསོ་སྐྱོང་གི་ཐབས་ལམ་ཤིག་ལས་མ་འདས་སོ།།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་མའི་མཛེས་རིས་བརྩམས་ཆོས།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    2020ལོའི་ཟླ6ཚེས24ཉིན་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་མཛེས་རིས་ཁྲིད་དཔྱོད་ཁག་གིས་བཀོད་སྒྲིག་དང་རྩ་འཛུགས་བྱས་པའི་སློབ་གྲྭའི་སྐབས་སོ་ལྔ་བའི་སློབ་མའི་མཛེས་རིས་བརྩམས་ཆོས་འགྲེམས་སྤེལ་གྱི་བྱ་འགུལ་དེ་སློབ་གྲྭའི་ཐོན་མིའི་ཐང་ཆེན་དུ་དུས་ལྟར་སྤེལ་བ་ཡིན་ལ་སློབ་གྲྭའི་དགེ་རྒན་དང་སློབ་མ། གཞན་ཡང་ལས་བཟོ་བ་སོགས་ཀྱིས་སློབ་མའི་དགའ་ཕྱོགས་ཀྱི་སྦྱངས་འབྲས་མངོན་གསལ་སྒོས་དྲིལ་བསྒྲགས་བྱས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཆེན་པོ་དང་དགའ་མོས་བརྩོན་ལེན་གྱི་བྱས་འབྲས་ལ་བག་ཆགས་ཟབ་མོ་བཞག་པ་རེད།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་མའི་མཛེས་རིས་བརྩམས་ཆོས།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    ཐེངས་འདིའི་འགྲན་སྡུར་ལ་ཞུགས་མཁན་ནི་དམའ་གཅིག་ལོ་རིམ་ཁག་དང་དམའ་གཉིས་ལོ་རིག་ཁག་གི་སློབ་མའི་མཛེས་རིས་འགྲེམས་སྤེལ་གྱི་བྱ་འགུལ་ཞིག་ཡིན་པའི་ཆ་ནས་དམའ་འབྲིང་སློབ་མའི་བསམ་གཞིགས་ཀྱི་ཆུ་ཚད་དང་ཁོར་ཡུག་གི་མཐོང་ཐོས། རྟོགས་བཟོ་དང་འཆར་ཡན་གྱི་ལམ་ནས་གསར་བཞེངས་བྱས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ་སྤྱི་ཡོངས་ནས་དུས་རབས་གསར་བའི་སློབ་གྲྭའི་ཉམས་འགྱུར་དང་སློབ་མའི་རང་གཤིས་མངོན་གསལ་དོད་པོས་དྲིལ་བསྒྲགས་བྱས་པར་དགེ་རྒན་དང་ཁོར་ཡུག་གིས་བསྐྱེད་པའི་དགེ་མཚན་མི་དམན་པ་ཞིག་ཐོབ་པར་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་དག་གིས་གཟེངས་བསྟོད་བྱ་བའི་གྲས་སུ་ཚུད་པ་རེད།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་མའི་མཛེས་རིས་བརྩམས་ཆོས།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     ཐེངས་འདིའི་འགྲན་སྡུར་ལ་ཞུགས་པའི་རི་མོའི་བརྩམས་ཆོས་ཕལ་ཆེ་བ་ནི་དགེ་རྒན་གྱིས་མཛུབ་སྟོན་ལྟར་སློབ་མ་རང་ཉིད་ཀྱིས་གསར་བཟོ་བྱས་པས་རི་མོའི་ཉམས་འགྱུར་དང་ཚོན་གྱི་ཁ་དོག་སོགས་གང་ཐད་ནས་མཛེས་རིས་འབྲི་སྦྱོང་ལ་བྱང་ཆ་ལྡན་ཞིང་འཕེལ་རྒྱས་ཀྱི་རྨང་གཞི་ངེས་ཅན་ཞིག་ཆགས་པར་བྱས་ཡོད་པ་ཡང་ངང་ངམ་ཤུགས་ཀྱིས་རྟོགས་པར་བྱེད་པ་ལས་སློབ་མ་རང་རང་གི་དགའ་མོས་དང་ལེན་གྱི་ཆ་ལ་སྔར་ལས་ལྷག་པའི་སྣེ་ཁྲིད་དང་མཛུབ་སྟོན་གྱི་ནུས་པ་ཐོན་དགོས་པའི་བསམ་པའི་ཀུན་སློང་དབང་མེད་དུ་སྐྱེས་པར་བྱེད་པ་རེད། འགྲན་སྡུར་འདིའི་བྱ་དགའི་ཨང་རིམ་གྱི་ཆ་ནས་ཀྱང་དམའ་གཅིག་དང་དམའ་གཉིས་ལོ་རིམ་ཁག་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ།གསུམ་པ་བཅས་དགར་ཡོད་ལ་དེ་ལས་བྱ་དགའ་ཨང་དང་པོ་ཅན་གཉིས་དང་ཨང་གཉིས་པ་ཅན་ལྔ། ཨང་གསུམ་པ་ཅན་བརྒྱད་འགྲན་སྡུར་གྱི་ཁོངས་སུ་ཚུད་པར་བྱས་ཡོད་པ་རེད།
     སྐབས་འདིའི་སློབ་མའི་མཛེས་རིས་འགྲེམས་སྟོན་འགྲན་སྡུར་གྱི་བྱ་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི་འདྲ་མཉམ་དང་དྲང་བདེན་སྒོས་སློབ་མའི་མཛེས་རིས་བརྩམས་ཆོས་ལ་གཟབ་ནན་གྱིས་དཔྱད་བསྡུར་བྱས་པ་བརྒྱུད་ནས་དམའ་གཉིས་ལོ་རིམ་ཁག་གི་འཛིན་གྲྭ་ལྔ་བའི་སློབ་གྲོགས་རྣམ་སྐྱིད་མཚོ་དང་བརྒྱད་པའི་ཚེ་རིང་བཀྲ་ཤིས་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། འཛིན་གྲྭ་བཅུ་བཞིའི་བསོད་ནམས་བསྟན་འཛིན་དང་ལྔ་བའི་གཅོད་པ་ཚེ་རིང་།བ རྒྱད་པའི་རིན་ཆེན་འབུམ་དང་ཀུན་བཟང་རྡོ་རྗེ། དྲུག་པའི་མཁའ་རྩེ་རྒྱལ་བཅས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། འཛིན་གྲྭ་བཅུ་གཉིས་ཀྱི་པདྨ་གཡང་སྐྱིད་དང་ཚེ་འཛིན་དབང་མོ། གཉིས་པའི་སྨན་ཐར་སྐྱིད། དགུ་པའི་ཤེས་རབ་སྒྲོལ་མ། གཉིས་པའི་དཔལ་ལྡན་ཟླ་བ། དགུ་པའི་སངས་རྒྱས་སྒྲོལ་མ་དང་ལྷ་མོ་ཚེ་རིང་། གཉིས་པའི་འཕྲིན་ལས་ལྷ་མོ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

   དམའ་གཅིག་ལོ་རིམ་ཁག་ལས་འཛིན་གྲྭ་བཅུ་བཞིའི་ལྷ་མོ་སྐྱིད་དང་བཅོ་ལྔའི་ཚེ་རིང་ལྷ་མོ་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། འཛིན་གྲྭ་བཅུ་གསུམ་གྱི་སངས་རྒྱས་སྒྲོལ་མ་དང་གསུམ་པའི་ཚེ་རིང་སྒྲོལ་མ། བཅུ་བཞིའི་བདེ་ཆེན་སྐྱིད། བདུན་པའི་རྡོ་རྗེ་རིག་འཛིན། བཅུ་གསུམ་གྱི་ལྷ་མོ་གཡང་འཛོམས་བཅས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། འཛིན་གྲྭ་བདུན་པའི་ལྷ་མཚོ་རྒྱལ་དང་བཅུ་བཞིའི་མཁར་མོ་རྒྱལ། ཆོས་དབྱངས་སྒྲོལ་མ། གཉིས་པའི་ལྷ་མཚོ་སྒྲོལ་མ། བཅུ་གསུམ་གྱི་ཚེ་རིང་སྐྱིད། བཅུ་བཞིའི་པདྨ་དབྱངས་ཅན། བཞི་པའི་པདྨ་དབང་ཆེན་དང་རྣམ་དཀར་རྒྱལ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    སྐབས་སོ་ལྔ་བའི་སློབ་མའི་མཛེས་རིས་འགྲེམས་སྟོན་གྱི་བྱ་འགུལ་འདི་སྤེལ་བས་སློབ་གྲྭའི་དགེ་སློབ་དག་གི་སེམས་ལ་བཞག་པའི་མྱངས་ཚོར་ནི་རྗེས་ཕྱོགས་ཀྱི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་སློབ་མའི་དགའ་ཕྱོགས་སྔོག་འདོན་དང་ཡར་རྒྱས་སུ་གཏོང་བའི་ཆ་ལ་རང་ནུས་གང་ཡོད་འདོན་དགོས་ཤིང་སློབ་རའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་བྱ་བར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདོན་སྤེལ་བྱ་དགོས་པའི་བསམ་བློའི་ཀུན་སློང་བསྐྱེད་པར་བྱས་པ་རེད།Ja6康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论