སྡེ་རོང་རྫོང་གྲོང་མཐིལ་ཕྱོགས་ཁག་ཞག་སྡོད་སློབ་གྲྭའི་བོད་སྐད་ཡིག་ཚོགས་ཆུང་གིས་སློབ་དཔྱོད་བྱེད་སྒོ་སྤེལ་བ །
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སྡེ་རོང་རྫོང་གྲོང་མཐིལ་ཕྱོགས་ཁག་ཞག་སྡོད་སློབ་གྲྭའི་བོད་སྐད་ཡིག་ཚོགས་ཆུང་གིས་སློབ་དཔྱོད་བྱེད་སྒོ་སྤེལ་བ །

ཡོང་ཁུངས། : དྲ་བ །   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2021-03-25 20:34:41
ཡིག་གཟུགས། :ཆུང་། འབྲིང་། ཆེ།
    2021ལོའི་ཟླ3ཚེས25ཉིན་གྱི་སྔ་དྲོར། སྡེ་རོང་རྫོང་གྲོང་མཐིལ་ཕྱོགས་ཁག་ཞག་སྡོད་སློབ་གྲྭའི་བོད་སྐད་ཡིག་ཚོགས་ཆུང་གིས་སློབ་དཔྱོད་བྱེད་སྒོ་སྟེ་ཕུལ་བྱུང་དགེ་རྒན་གྱིས་དཔེ་སྟོན་སློབ་ཁྲིད་དུས་ཐོག་ནས་སྤེལ་བ།43H康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    ཐེངས་འདིའི་བྱེད་སྒོ་ནི་ལོ་རིམ་བཞི་པའི་འཛིན་གྲྭ་གསུམ་པའི་དགེ་རྒན་དཀོན་མཆོག་ལྷ་མཚོས《ནོར》ཞེས་པའི་སློབ་ཚན་ཞིག་དཔེ་སྟོན་བྱེད་ཅིང་།བོད་ཡིག་དགེ་རྒན་ཡོངས་ཀྱིས་སློབ་ཁྲིད་ཉན་པ་དང་།དཔྱད་བསྡུར་བྱེད་པའི་བྱེད་སྒོའི་ནང་འཚང་ཁ་ཤིག་ཤིག་གིས་ཞུགས་ཡོད།
43H康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
སློབ་མས་བསླབས་ཟིན་པའི་ཤེས་བྱ་ཕྱིར་དྲན་བྱེད་ཅིང་སློབ་སྦྱོང་ལ་ཧུར་ཐག་གིས་ཞུགས།དགེ་རྒན་གྱིས་དྲི་བ་བཏོན་ནས་གསར་འདྲེན་བྱེད་པ།43H康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
  དགེ་རྒན་དཀོན་མཆོག་ལྷ་མཚོས་རང་ཡུལ་སློབ་མའི་ཤེས་རྟོགས་ཀྱི་རྨང་གཞི་དང་ཟུང་འབྲེལ་བྱས་ནས་སྤྲོ་སྣང་་འཕེལ་བ་དང་། ཞི་མཐུན་ལྡན་པ། བརྩེ་སེམས་ཀྱིས་ཁེངས་པའི་སློབ་ཁང་གི་རྣམ་པའི་ཁྲོད་དུ། ཁྲིད་ཆས་དང་སློབ་ཁྲིད་ཡོ་བྱད་འགྲེམས་སྟོན་བྱས་པ་བརྒྱུད་ནས་ཤེས་བྱ་རྣམས་མདོར་བསྡུས་དང་གསོན་ཉམས་དོད་པའི་ཁ་སྐད་ཐོག་ནས་སློབ་མར་བརྒྱུད་སྤྲོད་བྱས་ཏེ་སློབ་མའི་རིག་སྟོབས་འཕེལ་རྒྱས་བཏང་བ་དང་།སློབ་ཚན་དེའི་ནང་དོན་གཙོ་བོ་སྟེ་ནོར་གྱི་འཚོ་བའི་གོམས་གཤིས་དང་།ཕྱིའི་ཁྱད་ཆོས་གསོན་ཉམས་དོད་པོས་སློབ་མར་བསྟན་ནས།སློབ་མས་ལྟ་ཞིབ་བྱས་པ་བརྒྱུད་ནས་མངོན་སུམ་གྱི་ཤེས་རྟོགས་ཐུབ་ནས་དཀའ་གནད་ལས་སླ་པོར་འགྱུར་བ་དང་།གཙོ་གནད་མངོན་གསལ་དོད་པོ་ཡོང་བ།དཀའ་གནད་ལས་སྒྲོལ་ཐུབ་པ་བཅས་ཀྱི་སློབ་ཁང་གི་ཕན་འབྲས་ཐོན་ཡོད་དོ།
  སློབ་མའི་ཚོགས་ཆུང་གིས་མཉམ་ལས་གྲོས་བསྡུར་དང་། གནད་དོན་ལ་དམིགས་པ་ནས་རང་རང་གི་ལྟ་སྟངས་བརྗོད་པ།  བྱེད་སྒོ་བརྒྱུད་ནས་ཤེས་བྱ་ཐོབ་པ།དགེ་རྒན་གྱིས་སྦྱོང་བརྡར་གྱི་ཐབས་ལ་བརྟེན་ནས་སློབ་མར་མཛུབ་སྟོན་བྱས་ཏེ་ཤེས་བྱ་སྲ་བརྟན་དང་། ཤེས་བྱ་བཀོལ་ནས་ལག་རྩལ་གྱི་ཐབས་ཤེས་སུ་གྲུབ་བོ།
  སློབ་ཚན་གྲོལ་རྗེས། དགེ་རྒན་པད་མ་མཁའ་འགྲོས་སྣེ་ཁྲིད་འོག་སློབ་ཁྲིད་བྱེད་མཁན་གྱིས་རང་ཉིད་ཀྱི་སློབ་ཁྲིད་་བསམ་ཕྱོགས་དང་སློབ་ཁྲིད་དམིགས་ཚད་འགྲུབ་ཚུལ་སོགས་ལ་རང་གིས་གདེང་འཇོག་བྱས་པ་དང་།དེ་རྗེས་དགེ་རྒན་གཞན་དག་གིས་དམངས་གཙོ་དར་སྤེལ་དང་།བློ་བསྡུས་དགེ་འཚོལ་བྱས་ནས་དཔྱད་བསྡུར་བྱེད་པ།ནང་དུ་ཞུགས་མཁན་ཚོ་ལ་རང་ནུས་གང་ཡོད་ཀྱིས་ཤེས་ཚད་གླེང་བ་དང་བསམ་ཚུལ་གང་ཡོད་བརྗོད་དུ་འཇུག་གོ།   43H康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
      ད་ཐེངས་ཀྱི་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་སློབ་དཔྱོད་བྱེད་སྒོ་ལས་སློབ་ཁྲིད་བྱས་ནས་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་ཞིབ་འཇུག་བྱས་ནས་སློབ་ཁྲིད་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོན་ཡོད་པས།ང་ཚོས་མུ་མཐུད་དུ་སེམས་ཤུགས་གཅིག་སྒྲིལ། སྐྱིད་སྡུག་མཉམ་མྱོང་གིས་ཕ་ཡུལ་གྱི་སློབ་གསོ་ལས་དོན་ལ་ཧུར་ཐག་ན་སློབ་ཁྲིད་ཀྱི་སྤུས་ཚད་ཇི་བཞིན་མཐོ་འདེགས་གཏོང་ཐུབ་ངེས།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论