གསེར་ཁོག་གྲོང་རྡལ་སློབ་ཆུང་གི་སྐབས་དང་པོའི་རྩོམ་རིག་འགྲན་སྡུར་སྤེལ་བ །
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

གསེར་ཁོག་གྲོང་རྡལ་སློབ་ཆུང་གི་སྐབས་དང་པོའི་རྩོམ་རིག་འགྲན་སྡུར་སྤེལ་བ །

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ།: མི་གསལ  ཀློག་གྲངས།: སྤེལ་དུས། : 2021-04-07 10:59:33
ཡིག་གཟུགས། :ཆུང་། འབྲིང་། ཆེ།
     
ཉེ་ཆར། ངེད་གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་སློབ་ཆུང་གི་སློབ་གྲྭའི་དབུ་ཁྲིད་སྡེ་ཁག་དང་ལྷག་བསམ་གྱི་ཡོན་ཏན་གཞལ་མཐའ་བྲལ་བའི་སློབ་གྲྭའི་སློབ་གཙོ་སྐལ་བཟང་ཕུན་ཚོགས་ཀྱི་བཀའ་དྲིན་དང་།དགེ་རྒན་དམ་པ་ཕ་ལམ་ལགས་གཙོ་བྱས་ནས་བོད་སྐད་ཡིག་སྡེ་ཁག་གིས་དཀའ་སྤྱད་འབད་བརྩོན་དང་རང་མོས་རང་འཐད་ཀྱི་སྒོ་ནས་སློབ་མ་ཚོར་རྩོམ་ཡིག་འགྲན་སྡུར་ཅིག་སྤེལ་བ་ལ་ནུས་ཤུགས་གང་ཡོད་བཏོན་པ་དང་དེ་ལས་ཁ་ཕྱོགས་དང་དམིགས་ཡུལ་ངེས་ཅན་ཞིག་ལ་འབད་པ་ལྷོད་མེད་བྱས་ནས། ཀ་ཁའི་གཤོག་པ་ཞེས་པའི་རྩོམ་རིགས་འགྲན་སྡུར་ཅིག་སྤེལ་བ་ལེགསའགྲུབ་བྱུང་།  
 
སློབ་གླིང་ནས་འདི་འདྲས་ཤེས་རིག་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་ཆེད་ནི་སློབ་མའི་སློབ་སྦྱོང་གི་ཆུ་ཚད་གོང་མཐོར་དང་། སློབ་མའི་སྤྲོ་སྣང་སློབ་གསོ་འཕེལ་རྒྱས་གཏོང་ཆེད་ཡིན་ལ། སློབ་མའི་ཀླད་ཤུགས་ངལ་རྩོལ་དང་སློབ་མ་ཚོའི་བསམ་གཞིགས་དོགས་སློང་གི་ནུས་པ།  སློབ་མའི་སློབ་སྦྱོང་གི་འཚོ་བ་སོགས་ཕུན་སུམ་ཇེ་ཚོགས་དང་།ཡར་རྒྱས་གཏོང་བར་ཅི་ལ་མིན། སློབ་མ་སློབ་སྦྱོང་གི་བྱ་བཞག་ལ་དགའ་མགུ་ལྡན་ཚེ། སློབ་མའི་ཤེས་རིག་གི་ཚད་ཐིག་ཡང་ཇེ་བཟང་ཡིན་ལ། དེ་ནི་བརྩོན་གང་དགེ་ལ་སྤྲོ་བ་ཡིན་པས། བྱ་དངོས་གང་ལ་སྤྲོ་བ་དང་མོས་པ་ཡོད་ཚེ། བརྩོན་སེམས་དང་གྲུབ་འབྲས་ཀྱང་མེད་ཐབས་མེད་པ་ཞིག་ཡིན་པས། དེའི་ཕྱིར་དགེ་རྒན་རྣམས་ཀྱིས་མི་རིགས་སྐད་ཡིག་གཙོ་བོར་བྱས་ཤིང་། སློབ་མའི་བློ་རིག་མཉེན་པོ་གཏོང་བ་སོགས་བྱ་བའི་ཡང་སྙིང་དུ་བཟུང་ནས་བསྒྲུབས་པ་ལེགས་སོ།།   
        
ངེད་སློབ་གྲྭས་སྤྱིར་ཤེས་བྱའི་འགྲན་གླེང་ངམ་དགོས་རྩོམ་རིག་འགྲན་སྡུར་གྱི་ཡུལ་ངོས་ཀྱི་བྱེད་སྒོར་གཙིགས་ཆེན་བྱས་ནས་སློབ་གསོའི་མཁའ་ལམ་ཡངས་པོར་གཏོང་བཞིན། དགེ་སློབ་ཡོངས་ཀྱིས་རིག་གནས་རིན་ཐང་དང་། གནའ་དེང་རིག་པའི་འཇོན་ཐང་ཤེས་བྱ་ལ་ངོས་ཟིན་ལེགས་པོ་གནང་བཞིན་པའི་ཕྱོགས་སུ་བསྐྱོད་པ་ཙམ་ཡིན་ལ། སྐབས་འདིར་ཡང་། ཤེས་རིག་འགྲན་གླེང་གི་གོ་རིམ་ཞིབ་ཆ་ལྡན་ཞིང་། འཆར་གཞི་གཟབ་ནན་གྱི་སྤུས་ཀ་ལྡན་པའི་སྒོས་བྱ་བའི་མགོ་མཇུག་བར་གསུམ་ལེགས་པོར་གྲུབ་ཡོད། དེ་ལས་ཐོག་མའི་འགྲན་རིམ་དུ་རྩོམ་རིག་ལ་མོས་མཁན་གྱི་སློམ་མ་རྩོམ་འབྲི་བ་ཚོའི་ཡིན་མིན་གཉིས་ཀྱི་རྩོམ་ཡིག་དང་ཉིན་ཐོ་སོགས་ཡར་བསྡུས་ནས་དབྱེ་བསལ་བྱས་ཡོད་ལ། དེ་ནས་སློབ་མ་རྩོམ་འབྲི་བ་བརྒྱ་དང་ལྔ་བཅུ་ཙམ་ལ་ཡང་བསྐྱར་ཁ་བྱང་ངེས་མེད་ཀྱི་རྩོམ་ཡིག་འབྲི་རུ་བཅུག་ལ།དེ་དག་ནས་བསལ་བཀྲབ་བྱས་ནས་སློབ་མ་བརྒྱ་ཅུའི་རྩོམ་ཡིག་བདམ་ཐོན་བྱུང་བ་རེད། སློབ་མ་རྩོམ་འབྲི་བ་དེ་དག་ལ་ཡང་བསྐྱར་ཁ་བྱང་གཅིག་པའི་རྩོམ་ཡིག་འབྲི་རུ་བཅུག་ནས་སློབ་མ་སུམ་ཅུའི་རྩོམ་ཡིག་མཐའ་མའི་རྟིང་རྩོད་དང་བྱ་དགའི་རིམ་པ་རུ་ཞུགས་པ་བཅས་ཡིན།   

XaJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

  ཐེངས་འདིའི་ཀ་ཁའི་གཤོག་པ་ཅེས་པའི་རྩོམ་ཡིག་འགྲན་སྡུག་འདི་དགེ་སློབ་ཚོས་རྒྱལ་ཁ་དང་གཟི་བརྗིད་ལྡན་པའི་ངང་ནས་རྒྱ་ཆེའི་ཀློག་པ་པོ་དང་ཁྱིམ་བདག་ཚོའི་སྦྱན་ལམ་དུ་ལྷག་བསམ་རྣམ་དག་དང་འདུ་ཤེས་གཙང་མ་ཞུག་གིས་ཕུལ་བ་ཡིན་ནོ༎
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论