རྒས་ན་མི་རྟག་པ་དྲན།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

རྒས་ན་མི་རྟག་པ་དྲན།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མགར་ཐང་དཀར།  ཀློག་གྲངས །: སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20190915112206.jpg1gJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མགར་ཐང་དཀར་ནི་དགུ་བཅུའི་སྨད་ལ་མཚོ་ལྷོ་འབའ་རྫོང་ནས་སྐྱེས། ཁོས་སྙན་ངག་ནི་ཚོར་བ་ལས་གཞལ་ཏེ་རྣམ་ཤེས་གཞན་དེས་བཙལ་འདོད་ཟེར། ཁོས་བརྩམས་ཆོས་༼ སེམས་ཀྱི་ན་ཟུག ༽་དང་༼ ལམ་འགྲོ་བ ༽་དྲ་ལམ་ཁག་ནས་རྒྱབ་སྐྱོར་ཐོབ་མྱོང་ཐོག། ད་ལྟ་འང་རྩོམ་རིག་གསར་རྩོམ་གྱི་ལས་ལ་བརྩོན་པར་རེམ།
རྒས་ན་མི་རྟག་པ་དྲན།
                                                  མགར་ཐང་དཀར། མཚོ་ལྷོ།
ཆོ་འཕྲུལ་སྒྱུ་མའི་གར་སྟབས་རང་སྟེང་དུ་འབབ་དུས།།
ཡང་སྤྲུལ་ཉི་མ་གཞོན་ནུ་སྐད་ཅིག་གིས་དྲན་ཡོང་།།
ཤི་གསོན་ལས་ཀྱི་བཀོད་པར་སྐྲག་སྣང་ནི་མི་སྐྱེ།།
རྣམ་ཤེས་སྦྲང་ཆུང་གར་འགྲོ་དོགས་པ་ཞིག་སྐྱེས་ཡོང་།།
 
ཚེ་ཡི་རིང་ཐུང་མག་མོག་ཟིན་བྲིས་སུ་བཀོད་ཀྱང་།།
ཉམ་ཐག་མགོ་བོ་དུད་དེ་འགྱོད་ཕྱག་ནི་མི་བྱེད།།
ན་ཟུག་འམ་སྐད་བརྒྱབ་དེ་ཤི་སྐད་ནི་མི་འདོན།།
མི་རྟག་སྒྱུ་མའི་ལུས་འདི་གཞན་དབང་ཞིག་ཡིན་ནོ།།
 
འགྲོ་དྲུག་འཛུམ་གྱི་གུར་ཁང་ཁྱོན་ཡོངས་སུ་འཇོ་དུས།།
རེ་ཐག་ཆད་དེ་ཨམ་གཙིགས་བསྡོམ་པ་ནི་མི་སྲིད།།
བསྐྱུར་ན་འཇིག་རྟེན་བསམ་ན་སྤྲོ་བ་ནི་འདོད་ཀྱང་།།
སེམས་པ་ནང་དུ་བཀུག་ན་སྡུག་པ་ལས་ཅི་ཡོད།།
 
མི་དང་མི་མོའི་ལས་ལ་སྐྱོ་སྡུག་གིས་མནར་ཀྱང་།།
རང་སེམས་རང་བཙན་ཁོ་ནར་འབད་པ་ནི་གལ་ཆེ།།
སྤྱིར་ན་དགའ་སྡུག་ས་བོན་རེས་མོས་ནི་ཡིན་པས།།
མྱུག་གུ་ལྷན་འབུས་དེ་ལ་དོགས་པ་ནི་ཅི་བྱེད།།
 
རྒས་ན་མི་རྟག་དྲན་པ་ཆོས་ཉིད་དུ་བསམ་ཀྱང་།།
མ་རྒས་འཆི་བའི་ཐང་ཆེན་དྲན་པ་ནི་མི་སྲིད།།
གང་དྲན་ལས་ཀྱི་བཀོད་པར་གསོལ་ལོ་ནི་མཆོད་ཚེ།།
སྣང་བའི་སྤང་ལ་མི་རྟག་ཆོལ་ཡིག་དེ་འཆར་རོ།།
 
                                                2018/8/28

 1gJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论