གངས་རིའི་དྲང་སྲོང་དྲན་པ།
སྤེལ་དུས། 2023-04-15 07:24:21 ཡོང་ཁུངས།ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ། རྡེབ་ཚད།
℃རྩོམ་པ་པོ། ཧུན • དུར་རོ། དཀར་མཛེས། ནང་དོན་འདི་སྤེལ་མཁན། lalong1985
མཐའ་བྲལ་ཆུ་གཏེར་ཀུན་གསལ་ལྷ་ལམ་ན།།
སྤྲིན་གྱི་མེ་ཏོག་གསར་བའི་མགོ་ལྕོག་ལྡེམ།།
དེ་སྟེང་རིག་བྱེད་འབུམ་གྱི་ཡོངས་གཏམས་པའི།།
ངག་དབང་དབྱངས་ཅན་ལྷ་མོ་ངོ་མཚར་མ།།
ཡིད་འོང་བྲག་སྐྱིབ་གུ་ཡངས་ཉམས་དགའ་བར།།
ཡིད་འཇོག་སྣང་བའི་གང་ཤར་གཟུགས་བརྙན་ལ།།
ཡིད་ལུས་མག་མོག་སྣ་ཚོགས་རི་མོའི་གར།།
ཡིད་འཇགས་གླུ་དབྱངས་བླངས་བ་ཤིན་ཏུ་དྲན།།
བརྗིད་ཆགས་གངས་དཀར་རི་ཁ་བས་བརྒྱན།།
དྭངས་གསལ་ཆུ་གཙང་བསིལ་མ་རབ་ཏུ་འཕྱོ།།
ཏིང་འཛིན་ཀློང་ལས་གུ་ཡངས་ཐོལ་གྱིས་གླུ།།
ཡང་ཡང་རྣ་བའི་བཅུད་དུ་སིམས་པ་དྲན།།
དལ་འགྲོས་གོམ་པའི་འདེགས་འཇོག་མི་སྤོ་བར།།
སྐྱེ་རྒུའི་ས་ལམ་བཟང་པོ་འཚོལ་མཛད་པའི།།
རི་ལུང་སྟོང་གི་ཆོད་པའི་ཕར་ངོགས་སུ།།
གཅིག་པུར་ལྷོད་ཀྱིས་བཞུགས་པ་རབ་ཏུ་དྲན།།
ཆུ་ཤེལ་དྲི་བྲལ་ཟླ་བའི་བསིལ་བ་འཇམ།།
ལྷིང་འཇགས་མཚན་གྱི་འཁོར་ཡུག་ཀུན་ནས་སྨིན།།
གཡོ་མེད་བསམ་གཏན་སྒྱུ་མའི་གུར་ཁྱིམ་ནང་།།
རྩེ་གཅིག་ཞི་བར་གནས་པའི་དྲང་སྲོང་དྲན།།
རི་ཁྲོད་འདུ་འཛི་མེད་པའི་བས་མཐའ་རུ།།
ཅ་ཅོའི་སྨྲ་བ་བོར་ཞིང་ཁེར་རྐྱང་ངང་།།
སེམས་ཀྱི་ཡིན་ལུགས་ངོས་ལ་ཞི་བའི་ལམ།།
ནན་ནན་འཚོལ་བར་མཛད་པའི་ཐུབ་པ་དྲན།།
རེ་དོགས་འཛིན་ཞེན་གཉེར་མ་ཀུན་རྟོག་རིས།།
གཞི་མེད་རིག་སྟོང་ངང་ལ་གདེང་བསྐྱེད་པའི།།
བྱར་མེད་ངེས་འབྱུང་རྣོན་པོས་ལྕེ་གཅོད་པའི།།
འཁྲུལ་བ་དབྱིངས་སུ་ཟད་པའི་བདེན་སྨྲ་དྲན།།
མི་འཕྲོག་དད་པའི་གཞལ་ཡས་ཁང་བཟང་ནང་།།
རྨད་བྱུང་དམ་ཆོས་བདུད་རྩི་གསོལ་མཛད་པའི།།
ཡང་དག་སླབ་གསུམ་ནོར་བུས་རྒྱུད་གཏམས་པ།།
ངེས་དོན་རྟགས་ཀྱི་འཁོར་ལོའི་སྡོམ་བརྩོན་དྲན།།
གསང་གསུམ་བྱེ་བའི་མཛོད་འཛིན་ཀུན་ཏུ་བཟང་།།
ཟབ་དོན་ཚུལ་བཞིན་མཁྱེན་པའི་རྫོགས་ཆེན་པ།།
མདོ་སྔགས་བསྟན་པའི་མངའ་བདག་གངས་ཅན་པ།།
ལྟོ་སྐྱ་གོས་ཧྲུལ་ཅན་གྱི་བྱ་བྲལ་དྲན།།
མ་བརྟགས་ཐོལ་བྱུང་བྲིས་པའི་ཚིག་གི་ཚོགས།།
དོན་མེད་འཆལ་གཏམ་རྒྱུ་རུ་འགྱུར་ངེས་ཀྱང་།།
གངས་རིའི་འོད་ཀྱི་སྐར་མ་དྲང་སྲོང་སྡེ།།
དལ་ཅིག་དྲན་པའི་མཐའ་རུ་རི་མོ་བྲིས།།
མཐོ་བོད་གངས་ཅན་ལྗོངས་ཀྱི་བས་མཐའ་རུ།།
བསླབ་བརྩོན་ཐོས་བསམ་སྒོམ་པ་མཐར་འཁྱོལ་བའི།།
གདོད་མའི་དྲང་སྲོང་ཆེན་པོའི་རྗེས་འཚོལ་བ།།
གཡོ་མེད་དཀའ་ཐུབ་སྤྱོད་རྣམས་རྒྱལ་གྱུར་ཅིག།
སྤྲིན་གྱི་མེ་ཏོག་གསར་བའི་མགོ་ལྕོག་ལྡེམ།།
དེ་སྟེང་རིག་བྱེད་འབུམ་གྱི་ཡོངས་གཏམས་པའི།།
ངག་དབང་དབྱངས་ཅན་ལྷ་མོ་ངོ་མཚར་མ།།
ཡིད་འོང་བྲག་སྐྱིབ་གུ་ཡངས་ཉམས་དགའ་བར།།
ཡིད་འཇོག་སྣང་བའི་གང་ཤར་གཟུགས་བརྙན་ལ།།
ཡིད་ལུས་མག་མོག་སྣ་ཚོགས་རི་མོའི་གར།།
ཡིད་འཇགས་གླུ་དབྱངས་བླངས་བ་ཤིན་ཏུ་དྲན།།
བརྗིད་ཆགས་གངས་དཀར་རི་ཁ་བས་བརྒྱན།།
དྭངས་གསལ་ཆུ་གཙང་བསིལ་མ་རབ་ཏུ་འཕྱོ།།
ཏིང་འཛིན་ཀློང་ལས་གུ་ཡངས་ཐོལ་གྱིས་གླུ།།
ཡང་ཡང་རྣ་བའི་བཅུད་དུ་སིམས་པ་དྲན།།
དལ་འགྲོས་གོམ་པའི་འདེགས་འཇོག་མི་སྤོ་བར།།
སྐྱེ་རྒུའི་ས་ལམ་བཟང་པོ་འཚོལ་མཛད་པའི།།
རི་ལུང་སྟོང་གི་ཆོད་པའི་ཕར་ངོགས་སུ།།
གཅིག་པུར་ལྷོད་ཀྱིས་བཞུགས་པ་རབ་ཏུ་དྲན།།
ཆུ་ཤེལ་དྲི་བྲལ་ཟླ་བའི་བསིལ་བ་འཇམ།།
ལྷིང་འཇགས་མཚན་གྱི་འཁོར་ཡུག་ཀུན་ནས་སྨིན།།
གཡོ་མེད་བསམ་གཏན་སྒྱུ་མའི་གུར་ཁྱིམ་ནང་།།
རྩེ་གཅིག་ཞི་བར་གནས་པའི་དྲང་སྲོང་དྲན།།
རི་ཁྲོད་འདུ་འཛི་མེད་པའི་བས་མཐའ་རུ།།
ཅ་ཅོའི་སྨྲ་བ་བོར་ཞིང་ཁེར་རྐྱང་ངང་།།
སེམས་ཀྱི་ཡིན་ལུགས་ངོས་ལ་ཞི་བའི་ལམ།།
ནན་ནན་འཚོལ་བར་མཛད་པའི་ཐུབ་པ་དྲན།།
རེ་དོགས་འཛིན་ཞེན་གཉེར་མ་ཀུན་རྟོག་རིས།།
གཞི་མེད་རིག་སྟོང་ངང་ལ་གདེང་བསྐྱེད་པའི།།
བྱར་མེད་ངེས་འབྱུང་རྣོན་པོས་ལྕེ་གཅོད་པའི།།
འཁྲུལ་བ་དབྱིངས་སུ་ཟད་པའི་བདེན་སྨྲ་དྲན།།
མི་འཕྲོག་དད་པའི་གཞལ་ཡས་ཁང་བཟང་ནང་།།
རྨད་བྱུང་དམ་ཆོས་བདུད་རྩི་གསོལ་མཛད་པའི།།
ཡང་དག་སླབ་གསུམ་ནོར་བུས་རྒྱུད་གཏམས་པ།།
ངེས་དོན་རྟགས་ཀྱི་འཁོར་ལོའི་སྡོམ་བརྩོན་དྲན།།
གསང་གསུམ་བྱེ་བའི་མཛོད་འཛིན་ཀུན་ཏུ་བཟང་།།
ཟབ་དོན་ཚུལ་བཞིན་མཁྱེན་པའི་རྫོགས་ཆེན་པ།།
མདོ་སྔགས་བསྟན་པའི་མངའ་བདག་གངས་ཅན་པ།།
ལྟོ་སྐྱ་གོས་ཧྲུལ་ཅན་གྱི་བྱ་བྲལ་དྲན།།
མ་བརྟགས་ཐོལ་བྱུང་བྲིས་པའི་ཚིག་གི་ཚོགས།།
དོན་མེད་འཆལ་གཏམ་རྒྱུ་རུ་འགྱུར་ངེས་ཀྱང་།།
གངས་རིའི་འོད་ཀྱི་སྐར་མ་དྲང་སྲོང་སྡེ།།
དལ་ཅིག་དྲན་པའི་མཐའ་རུ་རི་མོ་བྲིས།།
མཐོ་བོད་གངས་ཅན་ལྗོངས་ཀྱི་བས་མཐའ་རུ།།
བསླབ་བརྩོན་ཐོས་བསམ་སྒོམ་པ་མཐར་འཁྱོལ་བའི།།
གདོད་མའི་དྲང་སྲོང་ཆེན་པོའི་རྗེས་འཚོལ་བ།།
གཡོ་མེད་དཀའ་ཐུབ་སྤྱོད་རྣམས་རྒྱལ་གྱུར་ཅིག།
མཉམ་སྤྱོད་བྱེད་གནས།