གན་དྷིའི་མཚོན་ཆ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

གན་དྷིའི་མཚོན་ཆ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཇེང་ཤོའུ་ཧྥེ།  ཀློག་གྲངས །: སྤེལ་དུས། : 2019-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ༈གན་དྷིའི་མཚོན་ཆ།Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

                                               རྩོམ་མཁན།   ཇེང་ཤོའུ་ཧྥེ།Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

                                                 སྒྱུར་མཁན།  ཁམས་གསེར་ཐིགPhn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        རྒྱ་གར་རང་དབང་རང་བཙན་གྱི་དབུ་ཁྲིད་པ་ནི་མ་ཧ་ད་སི·ཁེལ་མོའོ་ཁྲེང་དི·གན་དྷི་མཆོག་ཡིན་ཞིང་།  མི་ཚོགས་ཀྱིས་ཁོང་ལ་“མ་ཧ་ཐི་མ”ཞེས་འབོད་ཅིང་།  དེའི་མཚོན་དོན་ནི་“བླ་ན་མེད་པའི་རྣམ་ཤེས”་ཀྱི་དོན་རེད།  ཁོང་གིས་སྔ་གཞུགས་ཐེངས་གསུམ་ལ་ཞི་བའི་ངོ་རྒོལ་དང་མཉམ་འབྲེལ་མི་བྱ་བའི་ལས་འགུལ་སྤེལ།  མི་རིགས་ཀྱི་རང་བཙན་དང་སྤྱི་ཚོགས་ཀྱི་དྲང་བདེན།  མེས་རྒྱལ་གཅིག་གྱུར་གྱི་ཕུགས་བསམ་མངོན་འགྱུར་ཡོང་ཆེད།   ཁོང་གི་མི་ཚེ་གཅིག་ལ།   ཟས་བཅད་ངོ་རྒོལ་ཐེངས་བཅུ་བདུན་ལ་སྤེལ་ཞིང་།  ཐེངས་བཅོ་བརྒྱད་ལ་ཁྲིམས་ལ་བཙན་འཛིན་བྱས།  ད་དུང་ཐེངས་ལྔ་ཙམ་ལ་ལྐོག་གསོད་ཀྱི་ཉེན་ཁ་ཡང་བྱུང་མྱོང་།Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      རྒྱ་གར་རང་བཙན་བྱུང་རྗེས།  དབྱིན་ཇིའི་གསར་འགོད་པ་ཞིག་གིས་གན་དྷི་མཆོག་ལ།  “ཁྱེད་དང་ཁྱེད་ཀྱི་རྗེས་འབྲང་བ་དེ་དག་གི་ལག་ཏུ་མཚོན་ཆ་སྣ་གཅིག་ཀྱང་བཟུང་མེད་ལ། ངེད་ཚོའི་དམག་དཔུང་གི་མཚོན་ཆ་ནི་འཛམ་གླིང་ཐོག་གི་ཆེས་སྔོན་ཐོན་ཅན་གྱི་མཚོན་ཆ་ཡིན་པ་མ་ཟད།  རབ་ཏུ་དམ་པའི་རྩ་འཛུགས་ཡོད་ཀྱང་ཁྱེད་ཅག་གིས་ཕམ་པར་བཏང་བ་དེ་ནི་ཡ་མཚན་དགོས་པའི་གནས་ཚུལ་ཞིག་མ་རེད་དམ།” Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      གན་དྷིས་ལྷོད་ལྷོད་ངང་འཛུམ་ཞིག་སྟོན་ཞོར།  “དམག་དཔུང་གི་ཆེ་ཆུང་དང་མཚོན་ཆ་ཡི་རྣོ་ངར་གྱིས་སྟོབས་ཤུགས་མཚོན་ཐུབ་པ་མ་རེད།  ཁྱེད་ཚོའི་དམག་མི་དག་གིས་མཚོན་ཆ་ལུས་ཡོངས་ལ་འཆིང་ཡང་སེམས་ཀྱི་གཏིང་རིམ་ལ་འཆིང་ཐུབ་མེད།  འོན་ཀྱང་ང་ཚོ་ལ་མཚོན་ན་ཏན་ཏན་གཡུལ་གྱི་འཁོར་ལོ་སྐོར་བར་མཁས་ཤིང་། སུས་ཀྱང་འགྲན་ཟླ་བྲལ་བའི་དམག་དཔུང་སྟོབས་ཆེན་ཞིག་ཡོད་པ་མ་ཟད།  ཆེས་རྣོ་ངར་ཅན་གྱི་མཚོན་ཆ་ཞིག་ཀྱང་ཡོད་པ་རེད།”Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     “ཁྱེད་ཚོ་དེ་ལྟ་བུའི་མཚོན་ཆ་ཞིག་ངེས་ཅན་ཡོད་དམ།  དེ་ཚོ་ག་པར་ཡོད་དམ།”དབྱིན་ཇིའི་གསར་འགོད་པ་ཏོག་ཙམ་ཧ་ལས་པའི་ཚུལ་གྱིས་ཡང་ཡང་དྲིས།  “ཁྱོད་ཀྱིས་ནམ་ཡང་གཉའ་གནོན་དང་མཐོང་ཆུང་།  བཙན་ཤུགས་ཀྱིས་དབང་དུ་བཏུལ་བའི་མི་ཚོགས་ཤིག   རང་ཉིད་ཀྱི་ལས་དབང་ལ་རྒོལ་བ་གཏོང་སྐབས་ཀྱི་ངར་སེམས། བཙན་འཛིན་འདི་ལས་འོས་ལངས་བྱེད་འདོད་ཀྱི་ཆོད་སེམས།  གནས་བབས་འདི་ལ་ཁ་ལོ་སྒྱུར་སྐབས་ལས་བྱུང་བའི་སྟོབས་ཤུགས་དེ་དག་ནི་ཅི་ལྟ་བུ་ཞིག་ཡིན་པ་རྟོགས་མི་སྲིད།   གང་ཞིག་མཚོན་ཆ་འདིའི་རིགས་ལུས་སེམས་ལ་ཐོགས་མཁན་ཞིག་དང་འཕྲད་ཚེ་འདྲེ་གདོན་ཡིན་ཡང་ཉེ་སར་བཅར་མི་ཕོད།  རྒྱུ་མཚན་མཚོན་ཆ་འདི་ནི་མདའ་གྲི་ཁྲི་སྟོང་གིས་ཀྱང་གཞོམ་པར་མི་ནུས་སོ།།” དེ་ལྟར་འཆད་ཞོར་གན་དྷིས་རང་གི་ལག་པ་བྲང་ཁར་བཞག་ནས།  “ང་ཚོའི་མཚོན་ཆ་ཡོད་ཚད་འདི་རུ་ཡོད།  དེ་ནི་ཆོད་སེམས་དང་སྙིང་སྟོབས་ཡིན།”  ཞེས་གསུངས།Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ས་སྒང་རིལ་བོ་འདིའི་ཐོག་ཏུ་ང་ཚོའི་རེ་བ་ཡོད་ཚད་ཀྱི་འདོད་པ་སྐོང་མཁན་ནི་ཆོད་སེམས་ཡིན་ལ། དོན་དག་གང་ཞིག་ལེགས་སྒྲུབ་བྱུང་མིན་གྱི་ཀག་དང་གྲོགས་ཀྱང་རང་ཉིད་ཀྱི་ཆོད་སེམས་ལ་ཐུག་ཡོད་དོ།།Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ལོ་ཙཱ་པའི་ངོ་སྤྲོད།Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

微信图片_20190402130426.jpgPhn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཁམས་གསེར་ཐིག  1997ལོར་སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་དུ་སྐྱེས།  སྔ་གཞུགས་སུ་ཡུལ་དེའི་སློབ་ཆུང་དང་སློབ་འབྲིང་ནས་སློབ་གཉེར་བྱས་ཤིང་།  2016ལོར་དཀར་མཛེས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན།  2016ལོར་རྒྱ་གར་གྱི་སྙན་ངག་མཁན་ཐེ་ཀོར་མཆོག་གི་སྙན་དེབ<<འཕུར་བྱའི་ཚོམས>>བོད་འགྱུར་བགྱིས་ཤིང་པར་དུ་བསྐྲུན། 2019ལོར<<འཛམ་གླིང་ཤར་ནུབ་ཀྱི་སྙན་ངག་གཅེས་བཏུས>>ཞེས་པའི་བསྒྱུར་དེབ་པར་དུ་བསྐྲུན། ད་ལྟ་འབའ་ཐང་རྫོང་དུ་དགེ་རྒན་གྱི་ལས་ལ་གཞོལ་ཞིང་། ཞོར་དུ་རྫོང་དེའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་ཡང་ཁུར་ཡོད།Phn康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论