དཔལ་འབྱོར་དང་མིའི་རིགས་ཀྱི་འཚོ་བ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

དཔལ་འབྱོར་དང་མིའི་རིགས་ཀྱི་འཚོ་བ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མགར་ཐང་དཀར།  ཀློག་གྲངས །: སྤེལ་དུས། : 2019-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 དཔལ་འབྱོར་དང་མིའི་རིགས་ཀྱི་འཚོ་བ།yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

                  མགར་ཐང་དཀར། མཚོ་ལྷོ།yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

༿   ༡༾  yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ངས་མཚམས་འདི་ནས་མིའི་རིགས་ཀྱི་འཚོ་བ་གླེང་འདོད་སོང་། སྤྱིར་བཏང་ བཟོ་ལས་གསར་རྗེས ༽་ ཀྱི་སྔོན་ལ་ཆེ་ས་ནས་རྒྱལ་ཁབ་དང་ཆུང་ས་ནས་མི་རིགས་གང་དང་གང་ཡིན་ཡང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་དུ་ཕལ་ཆེར་བསམ་གཞིགས་ཆེན་པོ་བཏང་ཡོད་ས་མ་རེད་བསམ་སོང་།yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

༿    ༢༾      yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྒྱུ་མཚན་བཟོ་ལས་གསར་རྗེས་ཀྱི་སྔོན་ལ་༼གོང་མའི༽་ལམ་ལུགས་སོགས་ལམ་ལུགས་སྣ་མང་བྱུང་མྱོང་སྟབས་སྐབས་དེར་སྲིད་དབང་སྒེར་གཅོད་དང་དམངས་ཀྱི་འཚོ་བར་དེ་འདྲ་ཐེ་གཏོགས་མི་བྱེད་པར་མ་ཟད་སྲིད་དབང་༼རུལ་སུངས༽་ཀྱི་རྣམ་པ་འང་ཅུང་ཆེས་ཆེར་འདུག  དཔེར་བཞག་ན་གོང་མའི་ལམ་ལུགས་སྐབས་སུ་རང་རེའི་གོང་མ་རྣམས་ཀྱིས་ཀྱང་ཕྱི་ཕྱོགས་ཀྱི་ཚོང་ཟོག་དང་གཞན་གྱི་གསར་ཐོན་དངོས་བོར་དེ་འདྲ་དོ་སྣང་མི་བྱེད་པར་རང་སོ་སོའི་གསེར་དངུལ་ཟངས་ལྕགས་དང་ནོར་བུ་གཞན་རྣམ་གྱི་ཚིམས་ནས་འདུག་ལ།འོག་འབངས་མི་རྣམས་ཀྱི་གོང་རིམ་ལ་འཇལ་དགོས་བའི་དཔྱ་ཁྲལ་ལྕི་བ་སོགས་ཀྱི་གནས་ཚུལ་རྩད་གཅོད་དམ་གནས་ཚུལ་དེའི་རིགས་ཐག་གཅོད་ཀྱི་ཐད་དུ་བློ་ནུས་ཅི་ཡང་མི་འདོན་པ་ལྟ་བུ་རེད།རྒྱུ་རྐྱེན་ཏེ་གང་ནས་ཐོན་པ་རེད་ཟེར་ན།སྐབས་དེར་༼སྲིད་སྐྱོང་སྲིད་བདག༽་དག་མིག་འདུན་གྱི་རྒྱུ་ནོར་ལ་ཚིམས་ནས་དཔལ་འབྱོར་དང་འཚོ་བའི་བར་གྱི་གནད་དོན་དེར་བསམ་བློ་གསལ་བོ་མ་བཏང་བས་ལན་སོང་སྙམ། འོ་ན་༼དབྱིན་ཇི༽་དང་༼ཧྥ་རན་སི།༽༼འཇར་མན།འཇར་ཕན༽་སོགས་ཀྱིས་བཟོ་ལས་གསར་རྗེས་ལ་དེ་འདྲའི་ནུས་ཤུགས་ཆེན་པོ་བཏོན་པས་རྒྱུ་རྐྱེན་ཏེ་གང་རེད་ཟེར་ན།རྒྱལ་ཁབ་དེ་དག་གིས་དཔལ་འབྱོར་དང་འཚོ་བའི་བར་གྱི་གནད་འགག་ཏེ་ཉེ་བར་ཐག་གཅོད་དགོས་ཚེ་ངེས་པར་དུ་བཟོ་ལས་གསར་རྗེ་ཡི་མེ་ཁ་སྔ་མོ་ནས་གསོ་དགོས་བ་རྟོགས་སོང་བས་རེད།ཡང་གཅིག་བཤད་ན་རྒྱལ་ཁབ་དེ་དག་ཀྲུང་གོ་དང་བསྡུར་ན་མ་རྩ་དམའ་བ་མ་ཡིན་ལ་མི་དམངས་ཀྱི་འཚོ་བ་ཀྲུང་གོ་ལས་ཐབས་ཆག་པ་འང་མ་ཡིན་ཏེ།ཁོང་ཚོའི་བཟོ་ལས་གསར་རྗེ་ཡི་དགོས་བ་སྔ་མོ་ནས་ཤེས་བས་རེད།yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

༿   ༣༾  yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འོ་ན་རང་རེ་རྒྱལ་ཁབ་དུས་ཐོག་དབྱིན་ཇི་སོགས་སྟོབས་ལྡན་རྒྱལ་ཁབ་ཀྱི་ལམ་ཁར་ཞུགས་མ་ཐུབ་པས་རྒྱུ་མཚན་ཅི་རེད་ཟེར་ན་དེ་ནི་ཕལ་ཆེར་ཆེ་མཐོང་གི་བསམ་བློ་ཆེ་ཐོག་ནུས་ལྡན་མི་སྣ་སྐྱེལ་བསྲིངས་ཀྱི་ཕྱོགས་ལ་དེ་འདྲའི་ཤུགས་མ་བརྒྱབ་པས་རེད། བསམ་གཞིགས་རེ་ཞིབ་དུ་བཏང་ན་དཔལ་འབྱོར་དང་འཚོ་བའི་བར་གྱི་ཆེས་ཉེ་བའི་གནད་དོན་ནི་༼གསར་གཏོད་ཀྱི་སྙིང་སྟོབས༽་སམ་༼གསར་གཏོད་ཀྱི་ནུས་པ༽་ལ་རག་ལས།དཔེར་ན་འཛམ་གླིང་ལ་ཆ་བཞག་ན་འདྲ།ཡང་ན་རྒྱལ་ཁབ་ཞིག་ལ་ཆ་མཚོན་ན་ཡང་འདྲ།གང་ལྟར་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་མིའི་རིགས་ཀྱི་འཚོ་བའི་གནས་བབས་ཇེ་བཟང་ཇེ་ལེགས་སུ་གཏོང་དགོས་ཚེ་ངེས་པར་མཁོ་གལ་ཆེ་བ་ནི་༼གསར་གཏོད་ཀྱི་སྙིང་སྟོབས༽་དང་༼གསར་གཏོད་ཀྱི་ནུས་པ༽་སྐྱེལ་བསྲིངས་བཅའ་རྒྱུ་དེ་རེད།སྔོན་དུས་ཀྱི་༼བཟོ་ལས་གསར་རྗེ༽་དང་༼ཕྱི་ཕྱོགས་སྒོ་འབྱེད༽་སོགས་བྱེད་ཐབས་འདི་དག་གི་རྗེས་སུ་རང་རེ་རྒྱལ་ཁབ་ཅུང་ལུས་སྟབས་ད་ལྟ་འང་རང་རེ་རྒྱལ་སྟོབས་ལྡན་རྒྱལ་ཁབ་མིན་པར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་རེད།yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

༿༤༾yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཡང་གཅིག་བཤད་ན།སྐབས་དེ་དུས་ཀྱི་བཟོ་ལས་གསར་རྗེ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་དེས་༼དཔལ་འབྱོར༽་དང་༼འཚོ་བའི༽་གནས་བབས་ལ་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱི་འཕེལ་རྒྱས་བླ་ལྷག་བརྩལ་བ་རེད།འོ་ན་བཟོ་ལས་གསར་རྗེ་ཟེར་ན་ཇི་འདྲ་ཞིག་རེད་ཟེར་ན།འཕྲུལ་ཆས་གསར་གཏོད་བྱས་ནས་དངོས་ཟོག་གསར་བ་བཟོས་ཏེ་ཕྱོགས་ཡར་མར་ལ་འགྲེམ་འཚོང་བྱེད་པ་ལྟ་བུ།དེ་དང་དེ་འདྲ་བའི་ལག་ཤེས་ཀྱིས་དཔལ་འབྱོར་འཕེལ་ནས་མི་དམངས་ཀྱི་འཚོ་བའི་གནས་བབས་ཐག་གཅོད་པ་ལྟ་བུ།དེ་ལས་ད་དུང་ཕྱི་ཕྱོགས་སྒོ་འབྱེད་ག་འདྲ་ཞིག་རེད་ཟེར་ན། དེ་ཡང་བཟོ་ལས་གསར་རྗེ་ཡི་དམིགས་བྱ་དང་མི་མཐུན་པ་ཅང་མེད་དེ། རྒྱལ་ཁབ་ཀྱིས་༼ཚོང་འབྲེལ་གྱི་སྲིད་ཇུས༽་གསར་བ་བཙུགས་ཏེ། ཕྱི་ཕྱོགས་ལ་ཚོང་འབྲེལ་འབྲེལ་བ་བཙུགས་པ་ལྟ་བུ།དཔེར་ན་རྒྱལ་ཁབ་དང་རྒྱལ་ཁབ་མི་རིགས་དང་མི་རིགས།འཚོ་བ་དང་འཚོ་བའི་བར་ལ་༼ཚོང་ཟོག་བརྗེ་རེས༽་བྱེད་པ་ལྟ་བུ། དེ་ལྟར་བྱས་སྟབས་ད་ལྟའི་དཔལ་འབྱོར་དང་འཚོ་བའི་བར་གྱི་འབྲེལ་ལམ་གསལ་བོ་འདི་བྱུང་བ་རེད། གལ་ཏེ་ཚོང་ཟོག་ཟེར་བ་འདི་མེད་ན་དཔལ་འབྱོར་ཟེར་བ་ཞིག་ཡོད་མི་སྲིད་ལ་འཚོ་བ་ཟེར་བ་ཞིག་ཏེ་ལས་ཀྱང་ངོ་།དེ་ཡིན་ཙང་ངས་ཀྱང་བཟོ་ལས་གསར་རྗེ་དང་ཕྱི་ཕྱོགས་སྒོ་འབྱེད།ད་དུང་གསར་གཏོད་ཀྱི་སྙིང་སྟོབས་དང་ནུས་པ་སོགས་དྲུད་ཡོང་བ་ཡིན།གང་ལྟར་ཀུན་པོའི་ཕྲན་གྱི་གཏམ་ལྷུག་མ་འདིར་བདེན་གཤིས་ཕྲན་ཙམ་ཡོད་འདུག་བསམ་ན་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་ནུས་བ་ཞེས་པའི་མིང་བརྡ་འདི་གཉིས་ལ་བསམ་གཞིགས་ཕྲ་ཞིབ་རེ་ཐོངས་དང་།གསར་གཏོད་ཀྱི་སྙིང་སྟོབ་དང་གསར་གཏོད་ཀྱི་ནུས་པ་ལྡན་ཚེ་མིང་བརྡ་འདི་གཉིས་ལ་རྒྱ་སྐད་དུ་()་ཟེར་བ་དེ་མེད་པར་ནམ་ཡིན་ཡང་ཆེ་ས་ནས་འཛམ་གླིང་དང་ཆུང་ས་ནས་རྒྱལ་ཁབ།དེ་ལས་ཆུང་བ་མི་རིགས།ད་དུང་མི་སྒེར་སོགས་འཕེལ་རྒྱས་བླ་ན་མཐོ་བ་གཏོང་བའི་ལག་ཆ་བཟང་ཤོས་ཏེ་ཡིན་པ་སྐྱེས་ཕོ་མོ་ཀུན་གྱིས་ངེས་པར་འཚལ་ལོ། །yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

༢༠༡༩/༩/༡---༢༠༡༩/༩/༡༦yMm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论