༄༅།། ང་དང་ངའི་སློབ་གྲྭ
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

༄༅།། ང་དང་ངའི་སློབ་གྲྭ

ཡོང་ཁུངས། : བོད་ཀྱི་སློབ་འབྲིང་དྲ་བ།   རྩོམ་པ་པོ། : པ་སངས་སྒྲོལ་མ།  ཀློག་གྲངས །: སྤེལ་དུས། : 2015-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ང་ཚོ་སུ་ཡིན་རུང་མི་ཡུལ་གྱི་མགྲོན་དུ་ཐོན་པ་ནས་བཟུང་ཕྲག་ཏུ་ལྷུང་བའི་འགན་འཁྲི་ཉག་གཅིག་ནི་བདེན་དོན་དང་གནས་ལུགས་ཁྲོད་ནས་འཚོལ་སྙེག་བྱེད་རྒྱུ་དེ་རེད། ངའི་ཚེ་སྲོག་གི་ངུ་སྐད་ཐོག་མས་མཚན་མོ་ཞིག་གི་ལྷིང་འཇགས་དཀྲོགས་ཤིང་། གསལ་ལ་མི་གསལ་བའི་དབྱངས་རྟ་གཉོམ་པོ་རྩྭ་ཐང་དང་གངས་རིའི་གསེབ་ཏུ་འཕུར། རལ་གྲིའི་དབར་ལྟར་ཚ་བའི་གྲང་རླུང་གི་ངར་ཁ་དང་འགྲོགས་ནས་ཕྱུགས་རིགས་ཀྱི་རྨིག་རྗེའི་སྙེག་བཞིན་ལང་ཚོ་ལ་གཉོམ་ལག་རྒྱས།aQy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ཉིན་ཞིག་ངས་རྩྭ་ཐང་དང་ཉི་འོད་ཀྱི་དཔལ་ཡོན་ལ་ལོངས་སུ་སྤྱོད་བཞིན་མི་ཚེ་ལ་མཚར་སྡུག་བསྐྲུན་ཕྱིར་ཤེས་རིག་གི་སྒོ་ཐེམ་ལ་གོམ་པ་དང་བོ་སྤོས། དུས་དེ་ནས་བཟུང་། སློབ་གྲྭ་ནི་ང་དང་ང་ལྟ་བུ་གང་མང་ཞིག་གིས་སྣ་མང་ཤེས་རིག་གི་མེ་ཏོག་གང་འདོད་དུ་འཐུ་ས་དང་། བླང་དོར་དང་འཇུག་ལྡོག་གསལ་བའི་མིག་ཟུང་རྙེད་སའི་ཞིང་མཆོག་ཅིག་ཡིན་ཚུལ་གྱི་གནས་ལུགས་མང་དུ་ཐོས། རབ་དཀར་རླབས་ཀྱི་ཟེགས་མ་མཁའ་ལ་འཕྱོ་ཞིང་ལྷུང་ལྷུང་སྙན་པའི་སྒྲ་དབྱངས་ཕྱོགས་སུ་སྒྲོག་པའི་དགུ་ཆུ་སྔོན་མོའི་འགྲམ་རྒྱུད་ན་འཛུགས་སྐྲུན་གྱི་བཀོད་པ་རི་མོ་མཁན་གྱི་པུར་རྩེ་ནས་ཐོན་པ་ལྟ་བུའི་ཤེས་རིག་གི་དགའ་ཚལ་དེ་ནི་ངའི་མ་ཡུམ་ལྟ་བུའི་སློབ་གླིང་ཡིན།aQy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
འོན་ཀྱང་དེ་དུས་ང་རང་ལོ་ན་ཆུང་བ་སོགས་རྐྱེན་མང་བོ་ཞིག་གིས་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པའི་ནུས་པ་གཉོམ་ལ་། མ་འོངས་པའི་བདེ་སྡུག་ལ་དོ་སྣང་དང་ཕུགས་བསམ་ལ་ཁ་ཕྱོགས་དེ་བས་ཀྱང་མེད། མི་ལོ་འགའི་ལང་ཚོ་རྣམ་གཡེང་དང་རྩེད་འཇོས་ཟད་སོང་། བརྩེ་བ་སྟོང་གིས་ཕྱུག་པའི་སྐྱབས་མགོན་རྣམ་གྱིས་ཉམ་ཆུང་ང་ཚོ་དཀའ་སྡུག་གི་རྒྱ་མཚོ་ལས་འདྲེན་ཕྱིར་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་གསར་དུ་བཙུགས་ནས་མི་ཡུལ་གྱི་བདེ་སྐྱིད་དང་སྤྲོ་སྣང་ལ་སྤྱོད་པའི་སྐར་བཟང་མངོན་དུ་གྱུར།aQy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
སྡོང་ཕྲུག་ཅིག་སྦོམ་ཞིང་རིང་བའི་ནགས་སྡོང་ཞིག་ཏུ་འགྱུར་དགོས་ན་ཉི་འོད་དང་ཆར་ཆུ་ལ་བརྟེན་དགོས་པ་ལྟར། ང་དང་ང་ལྟ་བུའི་དྭ་ཕྲུག་མང་བོ་ཞིག་མ་རིག་པའི་རྨོངས་མུན་ལས་ཐར་དགོས་ན་སློབ་གྲྭ་དང་དགེ་རྒན་ཚོར་བརྟེན་དགོས།aQy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
དེའི་ཕྱིར་མ་ཡུམ་ལས་ལྷག་པའི་མ་ཡུམ་ལགས། ཁྱེད་ནི་ལྷིང་འཇགས་ཀྱི་མཚན་མོར་འཕྲོ་བའི་དཀར་གསལ་གྱི་ཟླ་འོད་ཡིན་ལ། ནོར་འཛིན་མའི་དབུ་རྒྱན་དང་རིན་ཆེན་སྣ་བརྒྱའི་འབྱུང་གནས་ཡིན། མ་ཡུམ་ལགས། ཁྱེད་ནི་ངའི་ཕུགས་བསམ་གྱི་གངས་རྩེར་བསྒྲེངས་བའི་བ་དན་ཡིན་ལ། ལས་དབང་གི་བསྒོ་སྐལ་དུ་ཐོབ་པའི་ནོར་བུའང་ཡིན། ང་ལ་ལེགས་ཉེས་བླང་དོར་སྟོན་པའི་སློབ་དཔོན་ཐོན་མི་གཉིས་པ་དང་། མཛེས་སྡུག་གི་རྨི་ལམ་ལས་བྱུང་བའི་མངར་ཁ་དང་མུན་སེལ་གྱི་སྒྲོན་མེ་ཡིན།aQy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
མ་ཡུམ་སློབ་གྲྭ་ལགས། ཁྱེད་ཀྱི་བྱམས་སྐྱོང་འོག་ནས་ངས་མི་ཚེ་ལ་འཚོལ་སྙེག་བྱེད་དེ་མཛེས་སྡུག་དང་བདེ་སྐྱིད་ཐོབ།aQy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论