༄༅།།མི་ཚེའི་མཁའ་དབྱིངས་སུ་འཕུར་བའི་ཕུགས་འདུན་གྱི་གཤོག་རྩལ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

༄༅།།མི་ཚེའི་མཁའ་དབྱིངས་སུ་འཕུར་བའི་ཕུགས་འདུན་གྱི་གཤོག་རྩལ།

ཡོང་ཁུངས། : མི་གསལ   རྩོམ་པ་པོ། : སྙན་གྲགས་  ཀློག་གྲངས །: སྤེལ་དུས། : 2015-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།
  དེ་ཡང་མི་བུ་སུ་དང་གང་ཞིག་ཡིན་རུང་ཀུན་ལ་ཐུན་མོང་གི་ཕུགས་བསམ་མམ་ཐུན་མོང་གི་དགའ་ཕྱོགས་རེ་མཆིས་སྲིད།
  བདག་ཀྱང་དེ་ལས་མ་འདས། བདག་གི་ཕུགས་བསམ་མམ་དགའ་ཕྱོགས་དེ་གང་ཡིན་ཟེར་ན། བདག་ལ་ཕུགས་བསམ་མང་པོ་ཞིག་མེད་མོད། བདག་སློབ་གྲྭ་འགྲིམ་པའི་བརྒྱུད་རིམ་ནང་སྔོན་ཞིག་ནས་བདག་གི་དྲན་འཛིན་གྱི་མེ་ལོང་ངོས་སུ་འཆར་བ་དང་སྒྲ་འཛིན་གྱི་རྣ་བའི་བུ་ག་རུ་ཐོས་མྱོང་ཡོད་པའི་སློབ་གྲྭ་ཞིག་སྟེ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་པ་དེ་ཡིན། དེ་ནི་བདག་གི་ཕུགས་བསམ་ཡིན་ལ་བདག་གི་དགའ་ཕྱོགས་ཀྱང་ཡིན།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའམ་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་པ་འདི་ནི་བདག་སློབ་ཆུང་ལོ་རིམ་བཞི་བར་འགྲིམ་པའི་སྐབས་ནས་སློབ་གྲྭ་དེ་རུ་སློབ་སྦྱོང་བྱེད་པར་འགྲོ་བསམ་རྒྱུའི་ཕུགས་འདུན་ནི་སྔར་ལས་ལྷག་ཏུ་བརྗིད་ཆགས་པ་ཞིག་ཁོ་བོའི་སེམས་སུ་མཆིས། དེ་བཞིན་ཕུགས་བསམ་ཡང་མཐའ་གཅིག་ཏུ་འགྱུར་མྱོང་མེད། དེ་འདྲ་བྱས་ནས་བགྲང་བྱ་གཉིས་འགོར་རྗེས། སློབ་སྦྱོང་གི་གོ་རིམ་མམ་སློབ་གསོའི་འཆར་གཞི་ལ་གཞིགས་ནས་བདག་སློབ་ཆུང་མཐར་ཕྱིན་པའི་དུས་དེ་ལ་བསླེབས་བྱུང་། དེ་ནི་སློབ་ཆུང་གི་འཚོ་བ་དེ་མཇུག་བསྒྲིལ་ནས་དམའ་འབྲིང་གི་འཚོ་བ་འམ་དམའ་འབྲིང་ལ་སློབ་སྦྱོང་བྱ་བའི་འགོ་ཞིག་བརྩམས་སོང་། ཉིན་དེ་ནས་སློབ་སྦྱོང་གི་གོ་སྐབས་གསར་པ་ཞིག་སྤྲོད་བྱུང་། སློབ་སྦྱོང་གི་ཁོར་ཡུག་ཟ་ངེ་ཟིང་ངེ་ཞིག་གམ་སྔར་དང་མི་གཅིག་པ་ཞིག་ལ་བསྒྱུར་སོང་། གང་འདྲ་ཞིག་རེད་ཟེར་ན། སློབ་ཆུང་དང་སློབ་འབྲིང་གཉིས་བསྡུར་ན་གནམ་ས་ཡི་ཁྱད་པ་འདུག་ཟེར་ན་ཡང་མི་ཆོག་རྒྱུ་མི་འདུག་དྲན་གི། སློབ་ཆུང་གི་སྦྱང་བྱ་ཉུང་ལ་ཁོར་ཡུག་ལྷིང་འཇགས་དང་སྦྱང་བྱ་ཁག་སྟབས་བདེ་ལ་སྦྱང་བྱ་ཉུང་བས་གནོན་ཤུགས་ཟེར་བ་དེ་ཡང་དེ་འདྲ་ཆེན་མོ་ཞིག་གཏན་ནས་མ་རེད། ཡིན་ཡང་། དམའ་འབྲིང་གི་སྦྱང་བྱ་མང་ལ་རྙོག་འཛིང་ཆེ་བས་མཚམས་རེ་རང་སེམས་རང་གིས་བདག་པོ་ཡང་ཐུབ་ཀྱིན་མི་འདུག་ལ། ནང་དགོས་སུ་དམའ་གསུམ་ལ་སླེབས་པའི་ལོ་དེར། དེ་འདྲའི་རྒྱུ་རྐྱེན་འོག་སྦྱང་བྱ་ཁག་ལ་འབད་པ་བྱ་རྒྱུའི་བསམ་བློ་ཡང་མར་ཆགས་ཀྱིན་འདུག དེའི་མ་ཟད་ས་ཕྱོགས་ཀུན་ནས་མི་བུ་འདྲ་མིན་ཞིག་འཛོམས་པས་རང་སེམས་རང་གིས་མ་འཛིན་ན་མ་རབས་ཐ་ཤལ་གྱི་སྤྱོད་ལམ་ལ་འགྲོ་བའི་ཉེན་ཁ་ཡང་འདུག དམའ་འབྲིང་གི་འཚོ་བ་ནི་མ་འོངས་རང་ཉིད་འཕྲང་ལམ་དུ་བཞུད་དམ་ཡང་ན་ལེགས་ལམ་དུ་གཞུད་བསམ། མདོར་ན་འདི་དག་བདམ་ག་གནང་སའི་གནས་བབ་གཙོ་བོ་ཞིག་རེད་འདུག་བསམ་གི་ཡོད། དེའི་རྐྱེན་གྱིས་བདག་དམའ་འབྲིང་འགྲིམ་པའི་སྐབས་རང་ཉིད་ཀྱིས་ཕུགས་བསམ་དེ་སློབ་ཆུང་སྐབས་ཀྱི་ཕུགས་བསམ་དེ་འགྱུར་མྱོང་མེད་ལ་དེ་བས་ཕུགས་བསམ་དེ་སེམས་ནས་གཏན་ནས་དོར་མྱོང་མེད། ཡིན་ཡང་སློབ་བུ་ང་རང་ཤེས་ཡོན་དང་ཀུན་སྤྱོད་གང་གི་ཐད་ནས་ཧ་ཅང་དབུལ་བས་བཅུ་བཞི་ལོའི་འབྲིང་རྒྱུགས་ལ་ཞུགས་ཀྱང་ཤེས་ཡོན་དང་གང་གིས་ཐད་ནས་ཧ་ཅང་དམན་པས་བོད་ཡིག་སློབ་གྲྭའི་སློབ་མ་ཚད་ལྡན་ཞིག་ཆགས་ཐུབ་མ་སོང་བས། དང་ཐོག་སེམས་ཧ་ཅང་སྐྱོ་བྱུང་། ཐ་ན་ལྕིབས་དགོས་ཡང་བསམ་མྱོང་། རེད་དེ། བསམ་བློ་དེ་རྒྱང་རིང་ཙམ་ཞིག་གཏོང་ན། ང་རང་གིས་ནོར་འདུག་པ་དེ་ཤེས་བྱུང་། དེའི་མ་ཟད་དྲིན་ཆེན་ཕ་མས་མི་ལུས་རིན་ཆེན་ཐེངས་གཅིག་གནང་བ་དེ་ལ་འདི་འདྲའི་སྣང་མེད་ཅིག་བྱས་ན་མ་རུང་སྙམ། དེ་དང་མཉམ་དུ་དགེ་རྒན་བཀའ་དྲིན་ཅན་པོ་ཁ་ཤས་དང་བཅོས་མིན་སྙིང་གི་སློབ་གྲོགས་ཁ་ཤས་ཀྱིས་རྒྱབ་སྐྱོར་དང་བདག་ལ་མཐའ་གཅིག་ཏུ་སྐུལ་མ་གཏོང་བའི་བཀའ་དྲིན་གྱིས་སེམས་ནས་མི་གཙང་བའི་བསམ་བློ་དེ་དག་རིམ་གྱིས་དག
ད་ཐེངས་ཡིན་ན་ཉིས་སྟོང་བཅོ་ལྔ་ལོའི་རིམ་པའི་མཐར་ཕྱིན་འཛིན་གྲྭ་ཞིག་ལ་ཞུགས་ནས་ཡང་སྔོན་གྱི་ཕུགས་འདུན་གྱི་ཆེད་དུ་མུ་མཐུད་དུ་སློབ་གྲྭ་ལ་འགྲིམ་ནས་ཡང་བསྐྱར་འབྲིང་རྒྱུགས་ལ་ཞུགས་བཞིན་ཡོད། དེའི་རྐྱེན་གྱིས་ངས་ད་དུང་མུ་མཐུད་དུ་སྔོན་གྱི་ཕུགས་བསམ་ལ་ཡིད་ཆེས་དང་འབད་བརྩོན་བྱས་ནས་མཐར་ཐུག་གི་རྒྱལ་ཁབ་དེ་ཐོབ་པ་བྱ་དགོས། གང་ཡིན་ཟེར་ན། རྒྱལ་སྤྱི་ན་སྐད་གྲགས་བླ་ན་མཐོ་བའི་ཧཱ་ཧྥུ་སློབ་ཆེན་ཟེར་བ་དང་ད་དུང་ཀྲུང་གོ་ན་ཆིང་ཧཱ་སློབ་ཆེན་དང་ཀྲུང་དབྱངས་སློབ་ཆེན་ཟེར་བ་སྐད་གྲགས་ཆེ་བའི་སློབ་གྲྭ་གང་མང་ཞིག་ཡོད་པ་ནི་གོར་མ་ཆག ཡིན་ཡང་བདག་གི་སེམས་སུ་ནམ་ཡང་མངའ་བ་ནི་སི་བོད་ཁྱེད་ཡིན་ལ། དྲན་སླ་བ་དང་བརྗེད་དཀའ་བ། ཡང་ན་མཚན་མོའི་རྨི་ལམ་དང་ཉིན་དཀར་གྱི་བསམ་བློ་འཁོར་ས་སྟེ་དུས་གཏན་དུ་བརྗེད་མེད་ཀྱི་སློབ་གྲྭ་ནི་སི་བོད་ཁྱེད་ལས་མ་འདས།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论