ངའི་ཕུགས་བསམ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ངའི་ཕུགས་བསམ།

ཡོང་ཁུངས། : ཁམས་པའི་སློབ་འབྲིང་དྲ་བ།   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      འཇིག་རྟེན་འདིར་འཚོ་གནས་བྱེད་པའི་མི་སུ་འདྲ་ཞིག་ཡིན་ཡང་རང་ཉིད་ལ་ཕུགས་བསམ་རེ་ཡོད་པ་ནི་སྨོས་མེད་རེད། ཡིན་ནའང་མི་སོ་སོའི་ཕུགས་བསམ་མི་འདྲ་སྟེ་མི་ཁ་ཤས་ཤིག་ནི་ནར་སོན་རྗེས་སྨན་པ་མཁས་པ་ཞིག་བྱས་ཏེ་ནད་ཀྱི་སྡུག་བསྔལ་གྱི་མནར་བའི་མི་མང་པོ་ཞིག་ལ་ཚེ་སྲོག་གཉིས་པ་ཞིག་སྦྱིན་སྙམ་པ་དང་། ཡང་མི་ཁ་ཤས་ཤིག་ནི་རྫིག་ཉམས་དོད་པའི་དམག་ཆས་དང་མེ་མདའ་ལག་ཏུ་འཁྱེར་ཏེ་མེས་རྒྱལ་གྱི་མཐའ་མཚམས་བརྟན་པོར་སྲུང་མཁན་གྱི་དམག་མི་ཞིག་བྱེད་སྙམ་པ་སོགས་བརྗོད་མི་ཚར་བའི་ཕུགས་བསམ་མང་པོ་ཡོད།rgr康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ཡིན་ནའང་ངའི་ཕུགས་བསམ་ནི་རྒན་ལ་ལོངས་རྗེས་སྒེར་སེམས་སྤུ་ཙམ་ཡང་མེད་པར་རང་རྒྱུད་ལ་ཡོད་པའི་ཤེས་བྱ་རྣམས་ཕང་སེམས་སྤུ་ཙམ་ཡང་མེད་པར་མི་གཞན་ལ་སྦྱིན་མཁན་གྱི་དགེ་རྒན་བཟང་པོ་ཞིག་བྱེདའདོད་པ་དེ་ཡིན། ང་རང་དགེ་རྒན་བཟང་པོ་ཞིག་བྱེད་འདོད་པའི་རྒྱུ་མཚན་ནི་རླབས་ཆེན་གྱི་དགེ་རྒན་ནི་སྒེར་སེམས་མེད་ལ་ཤེས་བྱ་ཡོན་ཏན་ལ་མཁས་པ། མི་རིགས་དང་མེས་རྒྱལ་གྱི་འབྱུང་འགྱུར་ཁོ་ནའི་ཆེད་ཕུལ་བྱུང་གི་མི་སྣ་ནམ་མཁའི་སྐར་ཚོགས་བཞིན་གསོ་སྐྱོང་བྱེད་མཁན་ཞིག་ཡིན་པས་སོ།rgr康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ལྷག་པར་དུ་རྣམ་ཀུན་རྒན་ལགས་ཚོས་སློབ་ཁྲིད་གནང་སྐབས་ང་རང་གི་སེམས་དབུས་སུ་ཁོ་ཚོ་ནི་དེ་འདྲའི་ཟིལ་སྙམ་ཆེ་ལ་ཡིད་སྨོན་དགོས་པ་ཞིག་འདུག ངས་ད་ལྟ་ནས་རྔོ་བཟུང་སློབ་སྦྱོང་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གི་བརྩོན་འགྲུས་བྱས་ཏེ་ང་རང་གི་སེམས་དབུས་སུ་སྐལ་བརྒྱའི་བར་དུ་ཡལ་ཐབས་མེད་པའི་རླབས་ཆེན་གྱི་ཕུགས་བསམ་དེ་ལེགས་འགྲུབ་ཡོང་བ་བྱ་ཡི་ཡིན།rgr康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论