ཀན་སུའུ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མའི་སྦྱངས་རྩོམ་ཆེད་བཀོད། ཁག་དང་པོ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ཀན་སུའུ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མའི་སྦྱངས་རྩོམ་ཆེད་བཀོད། ཁག་དང་པོ།

ཡོང་ཁུངས། :   རྩོམ་པ་པོ། : དཀོན་མཆོག་ཚེ་རིང་སོགས།  ཀློག་གྲངས །: སྤེལ་དུས། : 2023-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།
གུས་པར་འོས་པའི་ཕ་མ།

དཀོན་མཆོག་ཚེ་རིང་། དམའ་འབྲིང་དང་པོའི་འཛིན་གྲྭ་དང་པོ།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངའི་འཇིག་རྟེན་འདིར་ཆེས་གུས་པར་འོས་པའི་ཕ་མ་ལགས། བུ་ཆུང་ངས་ད་བར་དུ་ཁྱོད་ལ་དྲིན་ལན་འཇལ་མེད། དྲིན་ལན་གཟོ་དགོས་པའང་སེམས་ལ་དྲན་མ་མྱོང་། ད་ལྟ་འདང་རེ་བརྒྱབ་ན། ཁྱེད་གཉིས་ཀྱིས་ང་ལ་ཅི་ཞིག་མཁོ་བ་ནམ་མཁའི་སྐར་མ་ཡིན་ཡང་སྟེར་ཐབས་བྱས་པ་རེད། གླེན་ཕྲུན་ངས་ད་གཟོད་དྲིན་ལན་ཞེས་པ་ནི་ཁ་ནས་བཤད་པ་ཙམ་གྱིས་མི་ཆོག་པ་ཤེས་སོང་།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       བུ་ཆུང་ངའི་སྲོག་གི་ཀ་བ་ཆེན་པོ་ལགས། ཁྱེད་ཀྱིས་སྒོ་ང་ཡིན་དུས་གཅུར་དུ་མ་བཅུག བྱེའུ་ཕྲུག་ཡིན་དུས་གསོད་དུ་མ་བཅུག་པར་གཉོར་སྐྱོང་གང་ལེགས་བྱས་ཀྱང་། བུ་ཆུང་ངས་ཁྱེད་ལ་སླ་མོ་དཀའ་བར་འགྱུར་བྱེད་ཀྱི་དོན་དག་གང་མང་བསྒྲུབས་ནས་ཡོང་། ངས་སྐབས་རེར་ང་ནི་ཁྱེད་ཀྱི་གཅེས་ཕྲུག་མ་རེད་ཀྱང་བསམ་མྱོང་། བསམ་བློ་ཞིབ་ཏུ་བཏང་ན། ཁྱེད་རང་སྟོད་རྒྱ་གར་ནས་སྨད་རྒྱ་ནག་ཏུ་སོང་ཡང་། དམའ་བ་རླངས་འཁོར་ནས་མཐོ་བ་གནམ་གྲུར་བསྡད་ཀྱང་། ཕྱི་རྒྱ་མཚོ་ནས་ནང་སྐམ་ས་རུ་ཐོན་ཡང་ཁྱེད་ཀྱི་སེམས་ན་ནམ་ཡང་ང་རང་མ་གཏོགས་མི་འདུགqTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ང་རང་ཆུང་དུས་སུ་ཁྱེད་ཕ་མ་གཉིས་ཀྱིས་ཁྲིད་ནས་མཆོད་མཇལ་དུ་འགྲོ་དུས། མི་ནི་གྲོག་ཚང་བརྡོལ་བ་བཞིན་ཧ་ཅང་མང་། འོན་ཀྱང་ཕ་མས་ངའི་ལག་པ་ནས་བཟུང་སྟེ་ལྷོད་ཙམ་ཡང་མི་བྱེད། ང་རང་པྲ་ཆལ་ཡིན་པས་དོན་མེད་ཀྱི་བྱ་བའི་སྟེང་ནས་ཀྱང་ཕ་མར་སེམས་འཁུར་གང་མང་བཟོས་སོང་། ད་ལྟ་བསམ་ན་འདི་ནི་ཡིད་སེམས་ལ་འདང་རྒྱག་ཡོང་བའི་དོན་དག་ཅིག་མ་རེད་དམ།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ལྟད་མོ་ཡག་པ་ཡོད་ན་ང་ལ་བལྟ་རུ་བཅུག གོན་པ་ཡག་པ་ཡོད་ན་ང་ལ་གོན་དུ་བཅུག ཟ་མ་ཞིམ་པོ་ཡོད་ན་ང་ལ་བཟའ་རུ་བཅུག བྱ་བ་དེ་དག་དྲན་ན་ང་རང་ཡིད་སེམས་སྐྱོ་བྱུང་། ཆུང་དུས་ནས་ཕ་མའི་དྲིན་ལན་གཟོ་བར་བསམ་བློ་གཏོང་དགོས། ང་ཚོ་རང་ཉིད་རྒས་པའི་དུས་སུ་ཕ་མའི་དྲིན་ལན་འཇལ་འདོད་ཀྱང་ཕ་མ་བཞུགས་མིན་ཅི་ཆ། གལ་ཏེ་ཕ་མ་བཞུགས་ཀྱང་ཁྱོད་ཀྱིས་ཕུལ་བའི་ཟ་མ་དག་ཕ་མས་ཆོད་རྒྱུ་ཡང་དཀའ་མོ་རེད། དེ་བས། ཆུང་བྱིས་པའི་དུས་ནས་ཕ་མའི་དྲིན་ལན་ཇི་ལྟར་འཇལ་བར་བསམ་བློ་གཏོང་དགོས། ང་ཚོར་ཕ་མར་ཞབས་ཞུ་བསྒྲུབ་པའི་ནུས་པ་ཆེན་པོ་མེད་རུང་། ང་ཚོས་ཕ་མ་དགའ་བའི་གཏམ་སྙན་བཤད་ན་ཆོག ང་ཚོ་བོད་ལ་དྲིན་ཕ་མ་དགའ་ན་དྲིན་ལན་ཡིན་ཟེར་བའི་གཏམ་དཔེ་ཡང་ཡོད་པ་མ་ཡིན་ནམ།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       རང་ཉིད་ཆུང་དུས་ནས་སློབ་གྲྭར་བསྐྱལ་མཁན་གྱི་ཕ་མ་དེ་ནར་སོན་དུས་རྒན་གསོ་ཁང་དུ་བསྐྱལ་མཁན་ནི་ཆེས་གདུག་རྩུབ་ཅན་གྱི་མི་དག་ཡིན་པས། ང་ཚོས་དེ་ལྟར་རྒྱུ་འབྲས་མེད་པའི་བྱ་བ་མི་བསྒྲུབ་པ་ནི་གལ་ཆེན་ནང་གི་དོན་ཆེན་དང་དོན་ཆེན་ནང་གི་འགངས་ཆེན་ཞིག་རེད།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་རང་ཆེས་དགའ་སའི་མི།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རིག་བྱེད་དབང་མོ། དམའ་འབྲིང་དང་པོའི་འཛིན་གྲྭ་ལྔ་པ།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ང་ཚོ་མི་རེ་རེ་ལ་རང་གི་མི་ཚེའི་ཁྲོད་དུ་ཆེས་དགའ་སའི་མི་རེ་ངེས་པར་དུ་བགྲང་རྒྱུ་ཡོད་དེ། ཁོ་མོར་མཚོན་ནའང་དེ་ལས་མ་འདས་ཏེ། ངས་མི་ཚེ་འདིར་ང་ལ་ཆེས་དགའ་བའམ་ཆེས་བརྗེད་མི་སྲིད་པའི་མི་དེ་ནི་བདག་གི་སློབ་ཆུང་གི་སྐད་ཡིག་དགེ་རྒན་རང་ཡིན་ནོ། །qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཁོང་ནི་ང་ཚོའི་འཛིན་གྲྭའི་སྐད་ཡིག་དགེ་རྒན་ཡིན་ལ་འཛིན་བདག་ཀྱང་ཡིན། ཁོའི་སྐྲ་ཅུང་ཟད་རིང་ལ་གནག་ཅིང་འོད་འཁྱུག་པ་ཞིག་ཡིན། མིག་ཟུང་གཉིས་ཆེ་ཞིང་སྣའི་གཟེངས་ཅུང་ཟད་མཐོ་བ་ཞིག་ཡིན། ཁོ་ནི་མི་གཟབ་ནན་ཅན་ཞིག་ཡིན་ལ། ལྷག་ཏུ་སློབ་ཁྲིད་ཀྱི་སྐབས་དང་ལས་བྱ་ལ་ཞུ་དག་བྱེད་དུས་ཀྱི་རྣམ་པ་ནི་ཆེས་གཟབ་ནན་བྱེད་པའི་སྐབས་ཡིན་པར་བཤད་ཆོག qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དགེ་རྒན་ཁོང་ནི་ཀླུ་ཆུ་རྫོང་གི་རྫས་ལུང་ཕྱུག་མོའི་ཁོངས་གཏོགས་ཏེ། རྫས་ཚ་འབྲོག་ནས་ཡིན་ཞིང་། ཁོས་བྱ་བ་མཐའ་དག་ལས་སློབ་ཁྲིད་སློབ་གསོའི་བྱ་བ་དེ་བྱ་བ་ཀུན་ལས་མཆོག་དང་ཕུ་རུ་འཛིན་ཕྱིར། ཁོའི་སློབ་ཁྲིད་ལ་ང་ཚོའི་འཛིན་གྲྭའི་སློབ་མ་ཡོངས་རྫོགས་ནས་དགའ་བསུ་བླ་ལྷག་བྱ་ངེས་ལ། དགེ་རྒན་ཁོང་ཡང་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཤིང་བརྩེ་བས་ཕྱུག་པས། ང་ཚོའི་དགེ་སློབ་བར་གྱི་མཛའ་བརྩེ་དེ་འོ་ཆུ་བཞིན་དུ་འདྲེས་ནས་ཡོད་ལ་གྲིབ་མ་བཞིན་དུ་འགྲོགས་ནས་ཡོད་པ་ཞིག་ཡིན།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དགེ་རྒན་ཁོང་གི་མི་ལོ་དྲུག་གི་སློབ་ཁྲིད་བརྒྱུད་ནས་བདག་གིས་ཀ་ཁ་ག་ང་ཤེས་བྱུང་། ང་དང་ཀ་ཁ་ག་ངའི་གཏམ་རྒྱུད་དེ་ནས་བྱུང་། ང་དང་ཀ་ཁ་ག་ངའི་ལས་དབང་དེ་ནས་འབྲེལ། དགེ་རྒན་ལགས། བཀའ་དྲིན་ཆེ། ཁྱེད་ཀྱིས་ང་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་པའི་གསུང་གསེར་ནག་གི་ཐིགས་པ་དག་ང་ཚོས་ཧུབ་ཀྱིས་བཞེས་ཏེ། རང་གི་རིག་སྟོབས་ནར་སོན་དུ་བཅུག་ཅིང་མི་རིགས་འདིའི་མ་འོངས་པའི་རྒྱུད་འཛིན་པ་རྣལ་མ་ཞིག་དང་། ཀ་ཁ་ག་ངའི་བདག་མོ་ཞིག་ལ་ཅི་ནུས་ཀྱིས་བརྩོན་པར་བྱའོ། །qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དགེ་རྒན་ལགས། བཀའ་དྲིན་ཆེ། ཁྱེད་ནི་ངའི་མི་ཚེ་འདིའི་མདུན་ལྗོངས་ལ་མཚར་སྡུག་གི་ཁ་དོག་བྲི་བའི་ལྷ་རིས་པ་དང་། ང་ལ་ལམ་སྟོན་གྱི་སྒྲོན་མེ་གནང་མཁན་དེ་ལགས་ན། ང་ནི་ནམ་ཡང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས་སོ། །qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གུས་པར་འོས་པའི་མི་ཞིགqTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འཕགས་དབུས་ཚེ་རིང་སྒྲོལ་མ། དམའ་འབྲིང་དང་པོའི་འཛིན་གྲྭ་བཅུ་བ།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       འཇིག་རྟེན་འདིའི་སྟེང་དུ་ང་ལ་ངོ་ཤེས་པའི་མི་མང་པོ་ཞིག་ཡོད་མོད། དེ་དག་གི་ཁྲོད་ན་ཁྱེད་ལ་ཤ་ཚ་བའི་མི་དང་བཀའ་དྲིན་ཆེ་བའི་མི་ཞིག་ཡོད་པ་ནི་སློབ་ཆུང་གི་དགེ་རྒན་ལགས་ཡིན། སློབ་ཆུང་མཐར་ཕྱིན་མ་ཐག་པའི་བུ་མོ་ང་ལ་མཚོན་ན། ཆེས་གུས་པར་འོས་པ་དང་རྗེས་སུ་ཡི་རང་བྱེད་ས་ནི་སློབ་ཆུང་ལོ་དྲུག་གི་སྐད་ཡིག་དགེ་རྒན་ནམ་འཛིན་བདག་སྟེ་རྒན་སྒྲོལ་མ་སྐྱིད་ལགས་ཡིན་ནོ། །qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       མོས་དགེ་རྒན་གཞན་པ་དག་དང་འདྲ་བར་རྒྱུན་པར་བོད་ལྭ་མི་གོན་རུང་། ང་ཚོ་ལ་ནམ་རྒྱུན་བོད་ཡིག་ཡག་པོ་སྦྱོང་དགོས་པ་དང་བོད་སྐད་གཙང་མ་བཤད་དགོས་པ། བོད་ཀྱི་མ་འོངས་པ་ང་ཚོ་ལ་རག་ལས་ཡོད་པའི་སློབ་གསོ་གང་མང་མང་བྱེད་པ་ཡིན། གཞན་མོ་ནི་སློབ་མ་ལ་ཤ་ཚ་ཞིང་སློབ་སྦྱོང་ཐད་ལ་ཧ་ཅང་གཟབ་ནན་ཡིན་སྟབས། ང་ཚོའི་འཛིན་གྲྭའི་སྦྱང་འབྲས་སོགས་ཐམས་ཅད་ནི་སློབ་སྐོར་གྱི་ཡང་རྩེ་ཡིན། དེའི་ཕྱིར་མོ་ལྟ་བུའི་དགེ་རྒན་ཞིག་ལ་འཕྲད་པ་ནི་ང་རང་གི་གཟི་བརྗིད་དང་བསོད་ནམས་ཆེན་པོ་ཞིག་ཡིན་འདོད་ཡོད།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ལྷག་པར་ང་རང་གི་སྐད་ཡིག་གཙོ་བྱས་པའི་སྦྱང་འབྲས་ཅུང་བཟང་པ་འདིའང་མདོར་ན་དགེ་རྒན་ཉི་མ་འདྲ་བོ་ཁོང་མོའི་བཀའ་དྲིན་ཡིན། ཁོང་མོའི་རྒྱབ་སྐྱོར་དང་རྒྱུན་འཁྱོངས་མེད་ཚེ་ང་ནི་གཤོག་ཡ་མེད་པའི་རྒོད་ཕྲུག་ཅིག་དང་འདྲ་ལ། ལྷག་པར་དེ་རིང་གི་རྩོམ་ཡིག་འདི་འདྲ་འབྲི་བའི་ནུས་པའང་ཡོད་ག་ལ་སྲིད། གལ་ཏེ་ཁོང་མོའི་སྣེ་ཁྲིད་ལེགས་པོ་དེ་མེད་ཚེ། ང་རང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཚུལ་ལྡན་ཞིག་ཏུ་འགྱུར་གལ་སྲིད།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       མདོར་ན། ཁོ་མོའི་དྲུང་ནས་ང་ལ་ཐོབ་པ་ནི་ཤེས་བྱ་ཁོ་ན་མིན་པར། མི་གཞི་གཙང་བའི་སློབ་མ་ཞིག་བྱེད་ཚུལ་དང་། སློབ་གྲོགས་གཞན་ལ་མེད་པའི་བཀོད་འདོམས་དང་རྩ་འཛུགས་ཀྱི་ནུས་པའང་སྐྱེད་སྲིང་བྱས་པ་ཡིན། ཁོ་མོས་ད་དུང་ང་ལ་ཡུམ་ཆེན་ལྟ་བུའི་དྲོད་ཁོལ་དང་ཡབ་ཆེན་ལྟ་བུའི་གཟབ་ནན་གྱི་རེ་བ་བཏོན་མྱོང་།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དོ་དགོང་ཉལ་ཁྲིའི་སྒེའུ་ཁུང་ལས་དཀར་གསལ་ཟླ་བའི་དཀྱིལ་འཁོར་མཐོང་བའི་མོད་ལ་ཁྱེད་ཉིད་ཡིད་ལ་དྲན་ཞིང་། རྨི་ལམ་གྱི་ཞིང་དུ་ཁྱེད་དང་མཇལ་བར་སྨོན་ལམ་རྒྱག་བཞིན་ཡོད་དོ། །qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ངའི་ཕ་ཡུལ་གནས་མཆོག་བླ་བྲང་།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བསོད་ནམས་དབང་མོ། དམའ་འབྲིང་དང་པོའི་འཛིན་གྲྭ་ལྔ་པ།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངའི་ཕ་ཡུལ་ནི་འཛམ་གླིང་བོད་རིག་པའི་སློབ་གླིང་དུ་གྲགས་པའི་བྱང་ཉི་མ་བླ་བྲང་ཞེས་པ་དེ་ཡིན། གནས་དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་རྗེའི་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་ཞིང་། དད་ལྡན་གྱི་དང་བ་འདྲེན་པའི་བསོད་ནམས་ཀྱི་ཞིང་ས། ཆོས་ཀྱི་སྒྲ་དབྱངས་ཀྱིས་ས་གསུམ་འགེངས་པར་བྱེད་པའི་གནས་མཆོག་ཁྱད་པར་ཞིག་གོ །qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངའི་ཕ་ཡུལ་བླ་བྲང་ལ་མཚོན་ན། འདུ་ཁང་དང་གཙུག་ལག་ཁང་སོགས་སྐུ་གསུང་ཐུགས་རྟེན་གྱི་རྟེན་རྫས་འགངས་ཆེན་ལས་གཞན། ལྷ་ཡུལ་ཁམས་དང་འདྲ་བའི་རང་བྱུང་གི་ཡུལ་ལྗོངས་ཀྱང་མང་དུ་ཡོད་དེ། དཔེར་ན། གཡུ་ཡི་མདངས་ལྟར་སྔོ་བའི་བསང་གཞུང་རྩྭ་ཐང་། བརྗིད་ཉམས་ཀྱི་ཀུན་ནས་ཕྱུག་པའི་བདེ་མཆོག་གི་ཕོ་བྲང་དུ་གྲགས་པའི་རྒན་གྱའི་བྲག་དཀར། སྔོ་མེར་འཁྱིལ་བའི་རྟ་རྫོང་གཡུ་མཚོ་སོགས་ལྷའི་གཞལ་ཡས་ཁང་ཡང་སྐྱེངས་པར་བྱ་བའི་ངོ་མཚར་བའི་ཡུལ་ལྗོངས་མང་དུ་ཡོད་པ་རེད།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       མདོར་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གང་ལ་བརྟག་ཀྱང་། ངའི་ཕ་ཡུལ་བླ་བྲང་ནི་མྱང་ན་ཚར་རྒྱུ་མེད་ལ། བྲིས་ན་རྫོགས་རྒྱུ་མེད་པའི་གླེགས་བམ་རྔམས་མཐུག་པོ་དེ་དང་འདྲ་བས། མི་ཚེ་འདིར་བྱང་ཉི་མ་བླ་བྲང་དུ་སྐྱེས་ཤིང་ཉི་མ་བླ་བྲང་གི་ཆོས་ཀྱི་སྒྲ་དབྱངས་སྙན་མོ་དང་ལྷན་དུ་འཚར་ལོངས་བྱུང་བ་ནི་ངའི་མི་ཚེའི་འདིའི་བསོད་ནམས་དུ་སྒོམ་ཆོག་པས། ང་རང་ཕ་ཡུལ་བླ་བྲང་ལ་སེམས་ནས་དགའ་ཞིང་སྙིང་ནས་བརྩེའོ། །qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཛུབ་སྟོན་དགེ་རྒན། མགོ་ཚ་སྟག་ཐར་སྐྱབས།qTC康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论