ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་རྩོམ་འབྲི་དགའ་ཕྱོགས་འཛིན་གྲྭའི་རྩོམ་ཡིག་བདམས་བཀོད། ༡
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་རྩོམ་འབྲི་དགའ་ཕྱོགས་འཛིན་གྲྭའི་རྩོམ་ཡིག་བདམས་བཀོད། ༡

ཡོང་ཁུངས། :   རྩོམ་པ་པོ། : དབང་མོ་རྒྱལ་སོགས།  ཀློག་གྲངས །: སྤེལ་དུས། : 2024-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།
ཉི་འོད་འོག་གི་འཚར་ལོངས།

རྩོམ་འབྲི་དགའ་ཕྱོགས་འཛིན་གྲྭའི་དབང་མོ་རྒྱལ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       རིག་གནས་ཀྱི་ཉི་འོད་ལ་ལུང་ཀུན་ཏུ་འཕྲོས་པའི་ལོ་ཟླའི་ཕྱི་ནང་ལ་ཕྱི་མིག་རེ་འཕངས་ན། ང་རང་སློབ་གྲྭར་ཐོག་མར་འགྲོ་དུས་ན་མཉམ་གྱི་རྩེད་རོགས་མང་པོ་དང་མཉམ་དུ་ཉི་འོད་ཀྱི་དྲོད་ཁོལ་ཐོག་མར་ཉམས་སུ་མྱང་པ་དེ་དྲན་པའི་ངོགས་སུ་ཝ་ལེར་ཤར།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       བཀྲ་ཤིས་བའི་ཉི་མ་དེ་རིང་ལ། ང་སློབ་ཆུང་གི་སྒོ་ཐེམ་ཐོག་མར་བརྒལ་བ་ཡིན། ཉིན་དེར་ནམ་མཁའ་ནི་སྔོ་ཞིང་དྭངས་ལ། ཉི་འོད་ནི་དྲོ་ཞིང་འཇམ། ང་སློབ་ཆུང་གི་སྒོ་ཆེན་དུ་འཛུལ་མ་ཐག་ལོ་རིམ་མཐོན་པོའི་སློབ་མ་སྐོར་ཞིག་གིས་བོད་ཡིག་གི་སློབ་ཚན་ཀློག་པ་ངའི་རྣ་ལམ་དུ་ལྷང་ལྷང་གྲགས་ཡོང་། དཔེ་ཀློག་གི་སྒྲ་ནི་ཆེས་སྙན་ཞིང་འཇེབས་ལ། ད་དུང་ཡང་ངའི་རྣ་ལམ་དུ་གཤགས་འདུགeDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       སྡེ་བའི་སློབ་ཆུང་དུ་སློབ་ཁྲིད་ཐོག་ཁང་མང་པོ་མེད་ལ། ཟ་མའི་དཀར་ཡོལ་ཅུང་ཙམ་ཆུང་བར་སྣང་། སློབ་གྲྭའི་ར་སྐོར་ནང་དུ་མེ་ཏོག་ལྡུམ་ར་ཆུང་ཆུང་ཞིག་ལས་མེད། འོན་ཀྱང་ལོ་གསུམ་བཞི་ཞིག་འགོར་རྗེས། སློབ་གྲྭའི་ཁོར་ཡུག་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང་། སློབ་ཁྲིད་ཐོག་ཁང་གསར་བ་བསྐྲུན་བྱུང་ལ། སློབ་གྲྭའི་མེ་ཏོག་ལྡུམ་ར་རྒྱ་ཆེ་བར་བཏང་བ་དང་མེ་ཏོག་ལྡུམ་རའི་ནང་དུ་མེ་ཏོག་སྣ་ཚོགས་དང་སྡོང་བོ་མང་པོ་བཙུགས་ཤིང་། སློབ་གྲྭའི་སློབ་མ་ཇེ་མང་དང་དགེ་རྒན་ཇེ་མང་དུ་སོང་། རྩལ་སྦྱང་ར་བའི་ནང་དུ་རྩལ་སྦྱོང་ལ་མཁོ་བའི་དངོས་པོ་གང་མང་བསྒྲིགས་ཤིང་། ཇ་ཁང་ནང་གི་ཇ་མ་ཚོས་གཡོ་སྐོལ་བྱེད་པའི་ཟས་སྣ་ཇེ་མང་དང་བྲོ་བ་ཇེ་ཞིམ་དུ་གྱུར་ཡོད་ལ། ཇ་མ་ཡང་མང་པོ་ཡོད། ཟས་རིགས་སྣ་ཚོགས་གཡོས་སྦྱོར་གྱི་དྲི་ཞིམ་དེ་སློབ་གྲྭའི་ར་སྐོར་ནང་དུ་འཐུལ་ཡོང་ན་ཟ་མ་ཟས་མ་ཐག་ཡིན་ནའང་ཧ་ཅང་ལྟོགས་སྣང་ཞིག་སྐྱེས་ཡོང་།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དེ་ནས་ལོ་གསུམ་འགོར་རྗེས། ང་དམའ་གཅིག་སློབ་མ་ཞིག་ཏུ་གྱུར། གནམ་གཤིས་ཧ་ཅང་བཟང་ཞིང་ཉི་འོད་ལམ་ལམ་འཚེར་བས་ངའི་མིག་ཀྱང་ཕྱེ་མི་ཐུབ་པའི་ཉིན་ཞིག་ལ། ང་རང་གིས་ཉལ་ཆས་དང་དཔེ་ཁུག་ཁུར་ནས་གྲོང་རྡལ་གྱི་སློབ་འབྲིང་གི་སྒོ་ཁར་སླེབས་པ་ན། སློབ་མ་མང་པོ་སློབ་གྲྭའི་སྒོ་ཆེན་དུ་འཚངས་ཁ་རྒྱག་བཞིན་ཡོད། ངས་རང་གི་དངོས་པོ་སར་བཞག་མ་ཐག་ཏུ་དམའ་གསུམ་གྱི་ཨ་ཅེ་གཉིས་ཡོང་ནས་ང་ལ་དངོས་པོ་འཛིན་རོགས་བྱས་ཏེ་ནང་དུ་འཁྲིད་སོང་། ང་རང་དམའ་གསུམ་གྱི་ཨ་ཅེ་དེ་གཉིས་ཀྱི་རྗེས་དེད་ནས་མཐའ་སྐོར་གྱི་སློབ་མ་དང་དགེ་རྒན་དག་ལ་ཡར་ལྟ་མར་ལྟ་བྱེད་ཞོར་སོང་བ་ན། ང་རང་བདུན་གཉིས་འཛིན་བདག་དགེ་རྒན་གྱི་མདུན་དུ་འཁྲིད་ཅིང་མིང་ཐོ་བཀོད་དུ་བཅུག དེ་རྗེས་ངས་དངོས་པོ་བཟུང་ནས་འགྲོ་སྐབས་སྔོན་ཆད་ཀྱི་སློབ་གྲོགས་ཞིག་ལ་ཐུག སློབ་གྲོགས་དེས་ང་མལ་ཁང་ནང་དུ་འཁྲིད་ཅིང་མལ་གདན་གཏོང་རོགས་བྱས་ཤིང་ཅ་ལག་མལ་ཁྲིའི་ཐོག་ཏུ་བཞག་ནས་ཕྱིར་ཡོང་བ་ན་འཛིན་བདག་གིས་ང་ཚོ་སློབ་ཁང་ནང་དུ་ཁྲིད་སོང་། ཉིན་དེར་སློབ་ཁང་གི་གནམ་གཅལ་འགའ་ལྷུང་འདུག སློབ་ཁང་གི་སྒྲ་འགོག་ནུས་པའང་མི་བཟང་ངོ་། དེ་ནས་ཉིན་འགའ་འགོར་རྗེས་སློབ་གྲྭས་སློབ་ཁང་ཞིག་གསོ་ཡག་པོ་བྱས་སོང་ལ། སློབ་གྲྭའི་ར་སྐོར་ཧ་ཅང་ཆེ། དགོང་ཚོགས་གྲོལ་རྗེས་སློབ་མ་ཚོ་ལ་སིལ་ཏོག་དང་ཟས་རིགས་སྣ་ཚོགས་སྟེར། ང་ཚོས་སློབ་ཁྲིད་ཐོག་ཁང་གི་གྱང་ངོས་སུ་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་སྣ་ཚོགས་དང་། གཙང་སྦྲ་དང་ཀུན་སྤྱོད་ལ་སྐུལ་བའི་སྐད་ཆ་བྲིས་བའི་ཤོག་བྱང་སྦྱར་བ་གཅིག་ལས་གཅིག་ལ་ཁྱད་ཆོས་ལྡན་ལ། བལྟས་ན་མིག་ལ་མཛེས་ཤིང་སློབ་ཁང་ནང་དུ་བསྡད་ན་སྣང་བ་སྐྱིད་པ་ཞིག་ཡིན།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཉི་འོད་ཀྱིས་མ་ཁྱབ་པ་མེད་པའི་སློབ་གྲྭའི་ཁོར་ཡུག་སྔར་ལས་ཡག་ཅིང་སྐྱིད་ལ། སློབ་སྒྲུབ་ཀྱི་ཆ་རྐྱེན་དང་ཟ་མ་སོགས་གང་ཡིན་ནའང་སྔོན་ལས་ཇེ་ལེགས་སུ་གྱུར་ཡོད། ཁོར་ཡུག་གིས་མི་ལ་བསྒྱུར་བཅོས་གཏོང་བ་དངོས་ཡོད་གནས་ཚུལ་རེད། ང་རང་སློབ་གྲྭའི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་བསྟུན་ནས་སློབ་སྦྱོང་ལའང་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཉི་འོད་འོག་གི་འཚར་ལོངས།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་འབྲི་དགའ་ཕྱོགས་འཛིན་གྲྭའི་སྒོམ་པ་ཚེ་རིང་།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དུས་ཚོད་ནི་རྒྱུན་མི་ཆད་པར་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་ལ། བདག་ཀྱང་སྐད་ཅིག་ཉིད་ལ་སློབ་འབྲིང་ཞེས་པའི་ཁོར་ཡུག་གསར་བ་ཞིག་ཏུ་སླེབས་བྱུང་།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       བཀྲ་ཤིས་པའི་ཉིན་མོ་ཞིག་ལ། བདག་ནངས་སྔ་མོ་སྐྱ་རེངས་དང་ལྷན་དུ་མལ་ལས་ལངས་ཤིང་། རྫ་ཆུ་བསིལ་མའི་ཁ་ལག་ཅིག་བཀྲུས་རྗེས། སྒེའུ་ཁུང་ཕྱེ་ནས་ཕྱི་རོལ་ཁོར་ཡུག་གི་མཛེས་ལྗོངས་ཉམས་སུ་མྱོང་བ་ན། དྭངས་གཙང་གི་མཁའ་དབུགས་སྒེའུ་ཁུང་ལས་ལྡང་ཞིང་རྫི་རླུང་གི་རེག་བྱ་འཇམ་པོས་ངའི་ལུས་ལ་བྱིལ་བྱིལ་ཡང་ཡང་བྱས་ལ། ངའི་དྲི་འཛིན་གྱི་དབང་བོ་མེ་ཏོག་གི་དྲི་ངད་སྣ་ཚོགས་ཀྱིས་སིམ་སོང་། རྟ་བདུན་དབང་པོ་ནི་ཞི་དུལ་བག་དང་ལྡན་པའི་སྒོ་ནས་དལ་བ་དལ་བུར་རི་རྩེ་ནས་ཡར་འཕགས་ཤིང་། སྔོ་སངས་གནམ་མཁའི་དབྱིངས་སུ་སྤྲིན་དཀར་གྱི་གྲིབ་མ་ཙམ་ཡང་མི་མཐོང་ཞིང་། བསིལ་རླུང་ལྡང་བ་དང་ལྷན་དུ་རབ་གསལ་ཕྱི་རོལ་གྱི་ཕྲ་ཞིང་རིང་བའི་གསར་སྐྱེས་ཀྱི་གསོམ་སྡོང་དང་ལྕུག་ཕྲན་དག་ཕར་གཡོ་ཚུར་གཡོའི་སྟངས་སྟབས་ལྡན་པའི་སྒོ་ནས་བྲོ་གར་འཁྲབ་བཞིན་ཡོད། དུས་དེར། བདག་གིས་ཁྱིམ་ལ་བྱི་དོར་དང་ཕ་མ་ལ་སྲི་ཞུ་ཆུང་ངུ་ཞིག་བསྒྲུབས་རྗེས། ཕངས་སེམས་མེད་པར་དཔེ་ཁུག་ཁུར་ཏེ་སློབ་གྲྭར་ཆས་པ་ཡིན། ཁྱིམ་ནས་སློབ་གྲྭའི་བར་གྱི་ལམ་ཐག་ཅུང་རིང་བོ་འདུག་ལ། རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་འགྲོ་དགོས། ལམ་བར་གྱི་ཡུལ་ལྗོངས་ནི་ཅི་འདྲའི་མཛེས་པ་ལ་ཨང་། དཀན་གཟར་མིན་ཞིང་བདེ་ཐང་ཡང་མིན་པའི་རི་བོ་ཞིག་གི་ངོས་སུ་གཡུ་འབྲུག་འཁྱུག་པ་ལྟ་བུའི་ལམ་ཕྲན་ཞིག་ཡོད་ལ། རི་བོའི་སྨད་དུ་ཞིང་ས་ཆེ་ཆུང་མང་པོ་བང་རིམ་བཞིན་བརྩེགས་ཡོད། ད་དུང་ལམ་ཁ་རུ་ཕག་རྒོད་ཀྱི་སོ་ཕྲེང་བཞིན་དུ་སྒྲིག་པའི་སྡོང་བོ་ཡང་ཀྲོང་ངེ་འགྱིང་འདུགeDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ད་ནི་བདག་གིས་ཡུན་རིང་ལ་རེ་སྒུག་དང་ཡི་རང་བྱེད་བཞིན་པའི་སློབ་འབྲིང་དུ་སླེབས་བྱུང་ལ། སློབ་གྲྭའི་སྒོ་ཆེན་ནས་ཡར་འཛུལ་མ་ཐག་ཐོག་མར་ངའི་མིག་མདུན་དུ་འཆར་བ་ནི་རྩེ་མོ་དགུང་ལ་སྙེག་པའི་ཐོག་རྩེག་འགའ་དང་སྐྱེལ་ཚལ་ལྟ་བུའི་སློབ་ར་ཡིན། དེང་སྐབས་རླབས་ཆེན་གྱི་ཏང་དང་མེས་རྒྱལ་གྱིས་སློབ་གྲྭ་མཐོང་ཆེན་བྱེད་ཅིང་། སློབ་མའི་སློབ་སྦྱོང་ལ་ཐུགས་ཁུརར་ཟབ་རྗེས་གནང་བས་སློབ་ཁྲིད་ཐོག་ཁང་གཉིས་འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་ཡོད་ལ། སློབ་མ་ཚོས་གནོན་ཤུགས་ཇེ་ཡང་ལ་གཏོང་ཆེད་སློབ་གྲྭས་ད་དུང་དགའ་ཕྱོགས་འཛིན་གྲྭ་བཙུགས་ནས་སློབ་མ་ཚོས་དགའ་ཕྱོགས་ཀྱང་སྐྱེད་སྲིང་བྱེད་བཞིན་མཆིས། མལ་ཁང་གི་མདུན་དུ་མེ་ཏོག་ལྡུམ་ར་ཆེན་པོ་ཞིག་ཡོད་པ་དེའི་ནང་དུ་ལྗོན་ཤིང་དང་མེ་ཏོག་སྣ་བརྒྱའི་ཁེངས་ཤིང་། བལྟས་པ་ཙམ་གྱིས་སྤྱི་གླིང་གི་སྐྱེལ་ཚལ་ཞིག་དང་གཉིས་སུ་མེད།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དོན་དེ་དག་ལས་ཀྱང་འཕོ་འགྱུར་ཆེས་ཆེ་བ་ནི་སློབ་མའི་མི་གཤིས་ཀྱི་ཐད་ཡིན་ལ། སྔོན་ཆད་སློབ་མ་ཁ་ཤས་ཡིས་སློབ་འབྲིང་སློབ་མའི་བསྲུང་བྱ་བརྩི་བསྲུང་མི་བྱེད་ཞིང་། སྒྲིག་ལམ་སྣང་མེད་དུ་བཞག་ནས་སྒྲིག་འགུལ་གྱི་བྱ་བ་སྣ་ཚོགས་བསྒྲུབས་པར་བཤད། ཁ་དཔེ་ལ་ཡང་། མཆོད་རྟེན་ལ་འགྲོགས་ན་དཀར་རག་དང་། སླ་ངར་འགྲོགས་ན་དྲི་མག་ཅེས་པའི་དཔེ་ལྟར། སློབ་གྲོགས་གཞན་ཡང་ལོག་ལམ་ལ་ཁྲིད་པ་ཡོད་ལ། དོན་དེས་སློབ་མའི་སློབ་སྦྱོང་སོགས་ཕྱོགས་གང་ཅིའི་ཐད་ལ་ཤུགས་རྐྱེན་ངན་པ་ཐེབས་པ་ཐོས་མོད། འོན་ཀྱང་། དེང་སྐབས་ཏང་དང་རྒྱལ་ཁབ་ཀྱི་ཇུས་བཟང་དང་སློབ་གསོ་འཕེལ་རྒྱས་སོང་སྟེ། དོན་དེ་རིགས་ཇེ་ཉུང་དུ་སོང་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་གྲོགས་གང་མང་ཞིག་བྱུང་དང་འབྱུང་མུས་ཡོད་པར་མ་ཟད། རང་རྒྱལ་ལ་གནའ་སྔ་མོ་ནས་དཔུང་བ་མཉམ་གཤིབ་ཀྱིས་རོགས་རེས་མཉམ་ལས་དང་འགྲོགས་བདེ་གཤིབ་བདེ་བྱེད་པའི་སྲོལ་བཟང་ཞིག་ཡོད་ལ། སྤྱོད་བཟང་དེ་དག་ད་ལྟ་ཡང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བཞིན་མཆིས། ད་ལྟ་ལོ་རེར་རྒྱལ་ཁབ་ཀྱིས་དཔལ་ཡོན་ལྡན་པའི་དམངས་ཕན་སྲིད་ཇུས་གང་མང་སྤེལ་བར་མ་ཟད། དཀའ་ཁག་ཡོད་པའི་སློབ་མར་རོགས་སྐྱོར་རབ་དང་རིམ་པ་བྱེད་ཅིང་། སློབ་མ་ཚང་མར་སློབ་སྲུང་བྱོལ་འགོག་གིས་སློབ་སྦྱོང་བྱེད་པའི་སྐལ་བ་བཟང་བོ་འདི་བསྐྲུན་པ་ཡིན་པས་ང་ཚོས་ཅིས་ཀྱང་སློབ་སྦྱོང་ལ་ཧུར་བརྩོན་བྱེད་འོས།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        བདག་ནི་མེས་རྒྱལ་གྱི་ཉི་འོད་གསར་བའི་དྲོད་ཁོལ་འོག་འཚར་ལོངས་འབྱུང་བཞིན་པའི་གསར་སྐྱེས་མེ་ཏོག་རྐང་གཅིག་ཡིན་པས། མེས་རྒྱལ་གྱི་རིག་གནས་སྐྱེལ་ཚལ་ལ་མཚར་སྡུག་བསྐྲུན་པའི་དམ་བཅའ་སྙིང་ན་ཡོད།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཉི་འོད་འོག་གི་འཚར་ལོངས།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་འབྲི་དགའ་ཕྱོགས་འཛིན་གྲྭའི་བསམ་འཕེལ་དབང་རྒྱལ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       བཀྲ་ཤིས་པའི་ཉི་མ་དེ་རིང་། ཀུན་གསལ་ནི་སྔོ་ཞིང་དྭངས་ལ། ཉི་འོད་ནི་དྲོ་ཞིང་འཇམ། བསང་གི་དུ་བ་ལྷོག་ལྷོག་དགུང་དུ་འཕྱུར་བ་དང་། ཐབ་ཚང་གི་དྲི་བསུང་གང་སར་འཐུལ་འདུག  ཕྱུགས་རྫི་རྣམས་ཀྱིས་ནངས་ཇ་འཐུང་ནས་ཕྱུགས་ཟོག་དེད་དེ་རི་ལ་འགྲོ་བའི་སྟ་གོན་བྱེད་པ་དང་། ཞིང་བ་རྣམས་ཀྱིས་སྒོ་ཕྱི་ཁྱིམ་གད་བདར་དང་ནངས་ཇ་འཐུང་རྗེས་ཞིང་ཁར་འགྲོ་བར་བྲེལ་དུས་ང་རང་གིས་སློབ་འབྲིང་གི་སྒོ་ཐེམ་ཐོག་མར་བརྒལ་བ་ཡིན།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       སློབ་འབྲིང་གི་འཚོ་བར་ཞུགས་ནས་ཕྱིར་འདང་ཞིག་བརྒྱབ་ན། སློབ་ཆུང་གི་འཚོ་བ་མིག་རྡེབ་དབང་ཙམ་གྱིས་བུད་སོང་བའི་སྣང་བ་དང་དུས་ཚོད་ཀྱི་བགྲོད་པ་ཧ་ཅང་མགྱོགས་པའི་ཚོར་བ་ཞིག་སྐྱེས་བྱུང་། གློ་བུར་དུ་སློབ་འབྲིང་གི་འཚོ་བར་མི་གོམས་ཤིང་ཅི་བྱ་གཏོལ་བྲལ་གྱི་གནས་སུ་ལྷུང་མྱོང་། བདག་སློབ་འབྲིང་དུ་ཐོན་ནས་ཉིན་འགའ་འགོར་རྗེས་སློབ་ཆུང་དང་སློབ་འབྲིང་གཉིས་ཀྱི་འཚོ་བ་ཁྱད་པར་ཡོད་པ་གསལ་ལེར་རྟོགས་སོང་། ཐ་ན་སློབ་གྲྭའི་སྡོང་འཛུགས་ནགས་སྐྲུན་དང་སློབ་རའི་རིག་གནས་འཛུགས་སྐྲུན་སོགས་ཕྱོགས་གང་ཐད་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། མེས་རྒྱལ་གྱི་ཉི་མའི་དྲོད་ཁོལ་ལམ་ལམ་འཕྲོ་བའི་སློབ་རའི་མེ་ཏོག་ལྡུམ་རར་དབྱར་ཁ་ཐོན་དུས། མེ་ཏོག་སྣ་ཚོགས་བཞད་ནས་སློབ་གྲྭའི་གྲུ་ཟུར་ཀུན་ཏུ་མེ་ཏོག་གི་དྲི་ཞིམ་གྱིས་དྲི་འཛིན་སིམ་པར་བྱེད་ཅིང་། ལྷག་པར་དུ་རྩྭ་ལྗང་མང་པོ་འདེབས་འཛུགས་བྱས་ཏེ་ལྗང་མདོག་གི་སློབ་གྲྭའི་འཚོ་བ་དང་སློབ་སྦྱོང་གི་ཁོར་ཡུག་ནི་དག་ཞིང་ཅིག་ཏུ་བསྒྱུར་འདུག་པས། ངའི་ཡིད་ལ་ཉི་མའི་འོད་ཟེར་ཤར་བྱུང་། ངས་བལྟས་ན་རང་རེའི་ཏང་གིས་འགོ་ཁྲིད་པའི་ཇུས་བཟང་འོག་ནས་སློབ་གྲྭའི་སློབ་སྒྲུབ་ཀྱི་ཆ་རྐྱེན་འཕེལ་རྒྱས་སུ་བཏང་བའི་བཀའ་དྲིན་གྱིས་སློབ་གྲྭའི་འཛུགས་སྐྲུན་ཧ་ལས་ཤིང་ཧང་སངས་པར་མ་ཟད། ཚན་རྩལ་གྱི་སྒེའུ་ཁུང་ཕྱེ་ཞིང་སྔོན་ཐོན་གྱི་སྒྲིག་ཆས་སྣ་ཚོགས་སློབ་རར་འབྱོར་བས་སློབ་སྦྱོང་ནི་ཡར་ངོའི་ཟླ་བཞིན་འཕེལ་ཞིང་མ་འོངས་མདུན་ལྗོངས་རྒྱ་ཆེ་བ་གདོན་མི་ཟ། དེ་མིན་ཞིང་གྲོང་འཛུགས་སྐྲུན་གྱི་ཉི་འོད་ང་ཚོའི་སློབ་གྲྭའི་མཐའ་འཁོར་ཀུན་ཏུ་འཕྲོས་ཏེ་སྡོང་བོ་དང་མེ་ཏོག་སྣ་ཚོགས་བཏབ་ནས་སློབ་གྲྭའི་ཁོར་ཡུག་ཇེ་རྒྱས་ཇེ་ལེགས་སུ་སོང་བས་སློབ་མ་རྣམས་ཀྱི་སེམས་ཁམས་དགའ་སྤྲོས་ཁེངས་ཡོད། བདག་གིས་སློབ་སྦྱོང་བྱེད་པའི་ཁོར་ཡུག་གཙང་ན་སློབ་སྦྱོང་བྱེད་འདོད་པའི་འདུན་པ་ཆེ་རུ་འགྲོ་བ་དངོས་ཡོད་གནས་ཚུལ་རེད་བསམས་བྱུང་ལ། ང་ཚོས་འདི་དག་ལ་གཅེས་སྤྲས་དང་རྒྱུ་རྫས་ལ་སྲུང་སྐྱོབ་ཅིས་ཀྱང་བྱེད་དགོས་པར་མ་ཟད། སློབ་སྦྱོང་ལ་བརྩོན་འགྲུས་བྱས་ཏེ་འབྲས་བུ་གཡུར་དུ་ཟ་བ་བླངས་ནས་མ་འོངས་པར་རྒྱལ་ཁབ་དང་ཏང་ལ་ཕན་པའི་བྱ་བ་མང་པོ་བསྒྲུབ་རྒྱུའི་འདུན་པ་དྲག་ཏུ་འཕྱུར་བཞིན་ཡོད་ལ། ལར་ང་ཚོ་ཚང་མ་ཕ་ཡུལ་དང་མེས་རྒྱལ་ལ་དགའ་བའི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡ་རབས་ཏག་ཏག་བྱེད་འདོད་དང་མ་འོངས་གངས་ལྗོངས་འཛུགས་སྐྲུན་བྱེད་པའི་འདུན་པ་སྙིང་ན་ཡོད།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་འབྲིང་གི་འཚོ་བ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་འབྲི་དགའ་ཕྱོགས་འཛིན་གྲྭའི་ཚེ་བརྟན་སྒྲོལ་མ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       བཀྲ་ཤིས་པའི་ཉི་མ་དེ་རིང་ལ་ནམ་མཁའ་ན་སྤྲིན་དཀར་བྱེའུ་མགོ་ཙམ་ཡང་མེད་པས་སྔོ་ཞིང་དྭངས། རྟ་བདུན་དབང་བོ་ནི་དྲོ་ཞིང་འཇམ་ལ། བསང་གི་དུ་བ་སྔོ་ལྷོག་ལྷོག་དགུང་དུ་འཕྱུར་བ་དང་སྨན་ཤར་རྣམས་ཀྱི་བཞོ་དབྱངས་གང་སར་ཁྱབ་ཅིང་། རྟ་ནོར་ལུག་གསུམ་བྲེས་ལ་མར་ཁུ་འཁྱིལ་བ་ལྟར་བསྐྱིལ་བར་མ་ཟད། ཨ་ཅེ་འབྲོག་མོས་ནངས་ཇ་སྐོལ་དེ་ཐབ་ཚང་གི་དྲི་བསུང་གང་སར་འཐུལ་པའི་ཞོགས་པ་དེར། ང་རང་སྤྲོ་སེམས་འཁོལ་བས་སློབ་གྲྭར་ཆས་ཏེ་མ་ཡུམ་སློབ་འབྲིང་གི་སྒོ་ཐེམ་ཐོག་མར་བརྒལ་བ་ཡིན། ང་རང་སློབ་འབྲིང་གི་སྒོ་ལམ་དུ་ཐོན་མ་ཐག་ངས་སྐར་འོད་ལམ་ལམ་འཕྲོ་བའི་མིག་ཆེན་གཉིས་ཀྱིས་རང་དབང་མེད་པར་ཡར་ལྟ་མར་ལྟ་བྱས་པ་ཡིན། ངས་ཐེངས་དང་པོར་མཐོང་བ་ནི་སློབ་གྲྭའི་སྒོ་ཆེན་ཐོག་ཏུ་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པ་ཞེས་པའི་སློབ་གྲྭའི་མཚན་བྱང་འཁོད་ཡོད་པ་མཐོང་བ་དང་དེ་ནས་སློབ་རའི་ནང་དུ་འཛུལ་ན་མིག་ལམ་དུ་མངོན་ཡོང་བ་ནི་ཁོད་ཡངས་བའི་ལམ་ཆེན་པོ་ཞིག་ཡིན་ལ། ལམ་དེའི་འགྲམ་གཉིས་སུ་གྲལ་འགྲིག་པའི་གསོམ་སྡོང་གི་ཕྲེང་བ་བསྟར་ཞིང་། གཡས་ལོགས་སུ་ཧ་ཅང་མཛེས་སྡུག་ལྡན་པའི་མེ་ཏོག་ལྡུམ་ར་ཚད་དང་རན་པ་ཞིག་ཡོད། དེ་ནས་ལམ་ཆེན་བརྒྱུད་དེ་སྔོན་དུ་སོང་ན་ལོགས་གཉིས་སུ་ཧ་ཅང་མཐོ་ཞིང་རྔམས་བརྗིད་ཆེ་བའི་སློབ་ཁྲིད་ཐོག་ཁང་གཉིས་ཡོད་པ་དེའི་དཀྱིལ་དུ་བརྗིད་ཉམས་ལྡན་པའི་སྐར་ལྔའི་རྒྱལ་དར་རླུང་གིས་ལྷབ་ལྷབ་བསྐྱོད་བཞིན་མཆིས།  དེ་མུར་གཡོན་ཕྱོགས་སུ་དཀྱོགས་ན་ཁོད་ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་ཆེན་དང་སྤོ་ལོ་འགྲན་སྡུར་ཁང་དག་མཐོང་མ་ཐག་ང་ལ་བཤད་མི་ཤེས་པའི་སྤྲོ་སྣང་ཞིག་ཤར། ད་དུང་མདུན་དུ་སོང་ན་དགེ་རྒན་མང་པོ་མཐོང་མོད། ང་ཚོ་ཐོན་མ་ཐག་ཡིན་ལ་འཛིན་གྲྭ་བགོས་མེད་པས་ངའི་རང་ཉིད་ཀྱི་འཛིན་བདག་དང་བསླབ་ཚན་དགེ་རྒན་སུ་ཡིན་མ་ཤེས། ཅུང་ཙམ་འགོར་རྗེས་དགེ་རྒན་རྣམས་ཀྱིས་ང་ཚོ་རྒྱལ་དར་ཀྱི་མདུན་དུ་གྲལ་སྒྲིག་ཏུ་བཅུག་པ་རེད། དེར་བལྟས་ན་ས་ཁོད་ཆེན་པོའི་གནས་དེ་ནི་བྱ་འགུལ་སོགས་སྤེལ་སའི་གནས་ཡིན་པ་ཤེས་ཐུབ། དེ་ནས་དགེ་རྒན་ཞིག་རྒྱལ་དར་གྱི་གམ་ནས་ལངས་ཏེ་སློབ་མ་རེ་རེའི་མིང་བཏོན་ནས་འཛིན་གྲྭ་བགོས་བྱུང་། ཅུང་ཙམ་འགོར་རྗེས་ངའི་མིང་བོས་བྱུང་བས་ང་རང་འཛིན་གྲྭ་གཉིས་པའི་སློབ་མ་ཡིན་པ་ཤེས། དེ་མིན་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་བའི་དོན་ཞིག་ཡོད་དེ་ནི་ངའི་སློབ་ཆུང་གི་གྲོགས་མོ་དང་ངེད་གཉིས་ཡང་བསྐྱར་འཛིན་གྲྭ་གཅིག་ཏུ་བགོས་ཡོད་པ་དེ་རེད། འཛིན་གྲྭ་བགོས་ཚར་རྗེས་ང་ཚོ་དགེ་རྒན་ཞིག་གིས་འཁྲིད་ནས་སློབ་ཁང་ནང་དུ་སོང་བ་ཡིན། ཁོས་ང་ནི་འཛིན་གྲྭ་འདིའི་འཛིན་བདག་ཡིན་ཟེར། ངས་ཁོང་གི་གདོང་ལ་ཡུན་རིང་ཞིག་ལ་བལྟས་ནས་བསྡད་ན་ཁོང་ནི་དགུང་ལོ་ཅུང་ཙམ་མཐོ་བ་ཤེས་ཐུབ་ལ། ངའི་སེམས་ལ་ཁོ་ད་དུང་ང་ཚོའི་བོད་ཡིག་དགེ་རྒན་ཡིན་འདོད་མོད། འོན་ཀྱང་ངའི་སློབ་གྲོགས་ཞིག་གི་ཁ་ནས་གོ་ཚུལ་ལྟར་ན་ཁོང་ནི་ང་ཚོའི་ཕུལ་བྱུང་གི་དབྱིན་ཡིག་དགེ་རྒན་རེད་ཟེར་བས་ངས་འབྲོག་པ་ཞིག་གིས་དབྱིན་ཡིག་དེ་འདྲ་ཡག་པོ་ཞིག་ཇི་ལྟར་ཤེས་པ་ཡིན་པར་ཡ་མཚན་སྐྱེས་པ་ཡིན། དེ་ནས་ཕྱི་དྲོ་དགོང་ཇ་འཐུང་དུ་འགྲོ་དགོས་ཟེར་ནས་དགེ་རྒན་དག་གིས་ང་ཚོ་འདུག་གནས་བཀོད་སྒྲིག་བྱས་པ་རེད། དམའ་གཅིག་དང་དམའ་གསུམ་གྱི་འཛིན་གྲྭ་གཉིས་ཟ་ཁང་གཅིག་དང་དམའ་གཉིས་དང་དམའ་གསུམ་གྱི་ཕྱེད་ཀ་ཟ་ཁང་གཞན་ཞིག་གི་ནང་དུ་བཀོད་སྒྲིག་བྱས་འདུག ཟ་ཁང་གཉིས་ཀྱི་བར་མཚམས་ན་བུ་མོའི་མལ་ཤག་སྐལ་ལྡན་གླིང་ཡོད། དགོང་ཇ་འཐུང་རྗེས་ཕྱིར་སློབ་ཁང་ནང་དུ་སོང་བ་ན་དགེ་རྒན་གྱིས་ང་ཚོར་དམའ་གཅིག་གྱི་དཔེ་ཆ་གསར་བ་སྣ་ཁ་བརྒྱད་བྱིན་པ་རེད། ངས་ལོ་རྒྱུས་དང་ས་ཁམས། སྐྱེ་དངོས་སོགས་ཀྱི་དཔེ་ཆ་སྐོར་ཞིག་སྔོན་ཆད་ངས་མཐོང་ག་ལ་མྱོང་ཐོས་ཀྱང་མ་མྱོང་བས་མཐོང་མ་ཐག་རང་དབང་མེད་པར་དཔེ་ཆ་ཁ་རྫོགས་ནས་བལྟས་པ་ཡིན། དགོང་མོར་ཉལ་ཁང་ནང་དུ་འགྲོ་སྐབས་ཨ་ཅེ་ཞིག་གིས་ང་ལ་ཁོ་ཚོ་རྒྱ་ཡིག་འཛིན་གྲྭ་གསུམ་དང་བོད་ཡིག་འཛིན་གྲྭ་གསུམ་ཡོད་ལ། རྒྱ་ཡིག་འཛིན་གྲྭར་བོད་ཡིག་མ་གཏོགས་ཚང་མ་རྒྱ་ཡིག་གིས་འཁྲིད་པ་དང་བོད་ཡིག་འཛིན་གྲྭར་རྒྱ་ཡིག་དང་དབྱིན་ཡིག་མ་གཏོགས་བོད་ཡིག་གིས་འཁྲིད་ཀྱིན་ཡོད་ཟེར་ཞོར་མོ་རང་ཉིད་ཀྱི་ཉལ་ཁང་ནང་དུ་བུད་སོང་། ང་རང་ཡ་མཚར་བ་ལས་ཁོ་ཚོ་རྒྱ་ཡིག་འཛིན་གྲྭ་དང་བོད་ཡིག་འཛིན་གྲྭ་རིགས་གཉིས་སུ་དགར་བར་ཧ་མ་གོ་བར་ལུས། རྗེས་ནས་ངས་མོ་ལ་གསལ་བོ་ཞིག་འདྲི་བསམ་མོད། མོ་རང་སྨན་ཁང་ནང་དུ་ཞག་སྡོད་བྱས་པས་འདྲི་མ་ཐུབ། འོན་ཀྱང་ང་ཚོའི་ལོ་རིམ་ནི་བོད་ཡིག་དང་དབྱིན་ཡིག་མ་གཏོགས་ཚང་མ་རྒྱ་ཡིག་ཡིན་པས་ངས་དོན་དེ་ངའི་གྲོགས་མོ་ལ་བཤད་མ་ཐག་མོ་ཡང་ཧ་ཅང་ཡ་མཚན་ཆེན་པོ་སྐྱེས་ནས་འདུག ཕྱི་ཉིན་ངས་དཔེ་ཆ་གསར་བ་དེ་དག་ཅོག་ཙེའི་སྟེང་བསྒྲིགས་ནས་སློབ་ཐུན་གསར་བ་འཚོགས་པར་གྲ་སྒྲིག་ཡག་པོ་བྱས་ཤིང་། རང་ཉིད་ཀྱི་བསླབ་ཚན་རེ་རེའི་དགེ་རྒན་དེ་སུ་ཡིན་པ་མྱུར་དུ་ཤེས་ན་འདོད་པས་ངང་སྒུག་བྱས་པ་ཡིན་མོད། ཉིན་གང་བོར་བསྒུགས་ཀྱང་དུས་ཚོད་ཐུང་དྲགས་པའམ་ཡང་ན་བསླབ་ཚན་མང་དྲགས་པས་དགེ་རྒན་ཚང་མ་རིག་མ་ཐུབ། དེ་བཞིན་ང་རང་དྲིན་ཆེན་དགེ་རྒན་དག་གི་ཤེས་རིག་གི་དཔལ་ཡོན་ལ་རོལ་ནས་ཉིན་རེ་རེ་དང་ཟླ་རེ་རེ་བཞིན་སོང་ནས་སློབ་འབྲིང་ལོ་རིམ་བརྒྱད་པར་བསླེབས་བྱུང་། ད་ལྟ་ཕྱི་མིག་ཐེངས་ཤིག་བལྟས་ན་དུས་ཚོད་ནི་དངོས་ནས་ནམ་མཁའི་སྤྲིན་ཡལ་བ་བཞིན་བཞུད་པ་ཧ་ཅང་མགྱོགས། དུས་ཚོད་ཐུང་ངུ་དེའི་ནང་ལ་རང་གི་དྲིན་ཆེན་དགེ་རྒན་དག་གིས་བུམ་པ་གང་བྱོའི་ཚུལ་གྱིས་སྦ་གསང་སྤུ་ཙམ་ཡང་མེད་པར་རང་གིས་ཤེས་པ་ཡོད་ཚད་ང་ཚོར་ཁྲིད་པ་ཡིན་ལ། ངས་ཀྱང་རང་ནུས་ཡོད་དགུ་རྩལ་སྤྲུགས་ཏེ་རིག་གནས་ཤེས་བྱ་བསླབས་པ་དང་ཀུན་སྤྱོད་སོགས་མཐོར་འདེགས་སུ་གཏོང་ཅི་ཐབས་བྱས་པ་ཡིན། དེ་མིན་སློབ་གྲྭའི་བྱ་འགུལ་སྣ་ཚོགས་ཀྱི་ནང་ལ་ཞུགས་ནས་སློབ་སྦྱོང་གི་ཉམས་མྱོང་མང་པོ་བསགས་ཤིང་རང་ཉིད་ཀྱི་སྤོབས་པ་སྐྱེད་སྲིང་བྱས་པར་མ་ཟད། རང་ཉིད་ཀྱི་མ་འོངས་པའི་ཕུགས་བསམ་མངོན་འགྱུར་ཡོང་བར་འབད་པ་ལྷོད་མེད་བྱེད་མུས་ཡོད། ནམ་ཞར་ཕྱི་དྲོའི་སློབ་ཐུན་གྲོལ་རྗེས་ཀྱི་དགའ་ཕྱོགས་སློབ་ཁྲིད་ལ་ཞུགསས་ཏེ་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་སྦྱོང་བརྡར་དང་སློབ་གྲྭའི་གཟའ་ཟླ་བའི་རྒྱལ་དར་འོག་གི་གཏམ་བཤད་བྱས་ཏེ། ང་ཚོས་སློབ་སྦྱོང་དང་གཙང་སྦྲའི་དགེ་མཚན་གླེང་བ་ཡིན་ལ། ཆུ་ཚོད་ཆུད་ཟོས་སུ་གཏོང་མི་གཏོང་བའི་འབོད་སྐུལ་བཏང་བ་ཡིན།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངའི་སློབ་འབྲིང་གི་འཚོ་བ་ནི་ཉིན་བརྒྱ་ཉིན་གཅིག་གི་འདུ་ཤེས་ཀྱིས་བསྐྱར་ཟློས་མང་པོས་ཟད་ནའང་། ང་ཚོའི་སེམས་ལ་བསྲེལ་བ་ནི་མ་འོངས་གངས་ལྗོངས་འཛུགས་སྐྲུན་བྱེད་པ་དང་དཔལ་ཡོན་ལྡན་པའི་མེས་རྒྱལ་གྱི་སྤྱི་དམངས་ཤིག་བྱེད་པ་ལས་མ་འདས།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
 eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

དམའ་གཅིག་གི་འཚོ་བ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་འབྲི་དགའ་ཕྱོགས་འཛིན་གྲྭའི་འབྱོར་ལྡན་སྒྲོལ་མ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དམའ་གཅིག་ལ་སླེབས་རྗེས། སློབ་སྦྱོང་གི་འཚོ་བའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། སུན་སྣང་དང་དགའ་སྤྲོ་རེས་སུ་བསྡེབས་ཏེ་བྱིས་པ་ནས་ན་གཞོན་དུ་བར་བརྒལ་བྱེད་འགོ་ཚུགས། ཉེ་འཁོར་གྱི་སློབ་གྲོགས་རྣམས་ཀྱི་བྱིས་བློ་རིམ་བཞིན་འགྱུར་བའི་གདོང་ལ་བལྟས་ན། ངས་ད་གཟོད་ན་གཞོན་མེ་ཏོག་གི་དུས་ཚིགས་ལ་སླེབས་ཡོད་པ་ཤེས། སུན་སྣང་སྐྱེས་པའི་སེམས་དོན་གང་མང་ཤེས་མེད་ཚོར་མེད་ཀྱིས་ངའི་སེམས་ངོར་བསགས་བྱུང་། སློབ་སྦྱོང་གི་བྲེལ་འཚུབ་དང་ལས་བྱ་མང་པོ་ཡོད་པའི་གསེབ་ནས་ང་ཚོའི་ལོ་ཚོད་འདི་ནི་གཞུང་དྲང་ནས་ཡ་ཡོ་དང་ཀྱ་ཀྱུའི་ཚུལ་འཆོས་ཀྱིས་བསླད་བྱུང་། སེམས་ན་དོན་དག་མེད་པ་དང་སུན་སྣང་གི་བསམ་ཚུལ་མེད་པ་མི་སྲིད་ལ། ཁྱིམ་བདག་གི་ངང་སྒུག་དང་སློབ་སྦྱོང་གི་གནོན་ཤུགས་རྫོགས་མཐའ་མེད་པས་ང་རང་མི་སྐྱིད་པའི་སེམས་དོན་ཇེ་མང་དུ་སོང་།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       སློབ་གྲྭའི་ནང་ནས་སློབ་སྦྱོང་སྟེང་གི་འགྲན་རྩོད་ལ་གདོང་གཏོད་པ་ནི་ང་ལ་མཚོན་ན་གནོན་ཤུགས་ཤིག་རེད། སེམས་ཁམས་དྲག་པོ་ཞིག་གིས་ང་རང་མགོ་འཁོར་ནས་ཡུན་རིང་འགོར་བའི་མགོ་འཁོར་ཕོ་བྲང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་དུ་བཅུག རྡོ་རུས་ལ་ཐུག་པའི་འབད་པ་མ་བྱས་ན་གཞན་གྱི་རྗེས་ཆོད་དཀའ་བའི་ཚོད་རེད།           ངའི་རེ་བའི་མེ་ཏོག་ཅིག་འབྲས་བུ་ཐོགས་ཆེད་བརྟུན་པ་བསྐྱེད་ཏེ་སློབ་སྦྱོང་ལ་འབུངས་ན། ཡིད་འོང་གི་མདུན་ལྗོངས་ཡག་པོ་ཞིག་ལ་རྒྱང་ལྟ་བྱས་ཆོག་པར་འདོད། ངའི་ཆེད་དུ་བཙུགས་པའི་ཚོན་བདུན་ཟམ་པར་རྒྱང་ལྟ་བྱེད་ཆོག་པར་འདོད། འོན་ཀྱང་། ད་ལྟ་ངས་དེ་དག་གི་མཛེས་སྡུག་ལ་སྟོང་བསམ་བྱེད་པ་ལས་ཐབས་མི་འདུགeDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       སློབ་འབྲིང་དུ་སླེབས་ན། སློབ་སྦྱོང་ལ་བྲེལ་འཚུབ་དང་འགྲན་རྩོད་ཤིན་ཏུ་ཆེ། འགྲན་རྩོད་ནི་སྙིང་རྗེ་མེད་པར་གདུག་རྩུབ་བ་ཆེ་ཡིན་མོད། ང་ནི་གཡུལ་སའི་འཐབ་མོ་བ་ཞིག་ཡིན་པས་གནས་ཚུལ་ཇི་ལྟར་ཛ་དྲག་ཆེ་ན་ངས་དེ་ལྟར་འབད་པ་བྱེད་དགོས། ཕྱི་བསྣུར་དང་བྲོས་བྱོལ་ནི་སྡར་མའི་ལས་ཞིག་ལས་མ་འདས་སོ། །eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཕྱི་བྱོལ་བྱས་ན་ཐམས་ཅད་འདས་པས་བདག་གིས་ཅིས་ཀྱང་མདུན་བསྐྱོད་ཀྱི་གོམ་མཚམས་བཞག་མ་མྱོང་། སློབ་སྦྱོང་ནི་དུས་ཚོད་ཐུང་ཐུང་གི་དོན་དག་གཏན་ནས་མིན་པས། རང་ཉིད་ཀྱི་མ་འོངས་པའི་ཆེད་དུ་འབད་བརྩོན་བྱེད་དགོས་བྱས་པར་མ་ཟད། རང་གི་སློབ་སྦྱོང་གི་གོམས་གཤིས་ལ་ལེགས་བཅོས་བྱས་པ་ཡིན།  ནམ་ཞར་ཕ་མའི་རེ་བ་དང་དགེ་རྒན་གྱི་མིག་ལྟོས་འཕེར་བར་འབད་མཐར། ད་ནི་རེ་བའི་ས་བོན་ལ་རྟགས་ཐོན་ཏེ་སློབ་སྦྱོང་ལ་སྤྲོ་སྣང་འཕེལ་བཞིན་ཡོད།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་འབྲིང་གི་འཚོ་བ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་འབྲི་དགའ་ཕྱོགས་འཛིན་གྲྭའི་སངས་རྒྱས་འཚོ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       རེ་སྒུག་ངང་དུ་དཔྱིད་སླེབས་བྱུང་ལ། དཔྱིད་ཀྱི་གོམ་སྒྲ་ཉེ་རུ་ཕྱིན། ཞོགས་པའི་ཉི་རྩེ་ས་ལ་ཤར་བ་ན། ནམ་མཁའ་ནི་སྔོ་ཞིང་དྭངས་ལ་ཉི་འོད་ནི་དྲོ་ཞིང་འཇམ། བསང་གི་དུ་བ་སྔོ་ལང་ལང་དུ་དགོང་ལ་འཕྱུར་བ་དང་། ཐབ་ཚང་གི་དྲི་བསུང་གང་སར་འཐུལ་འདུག མགོ་མང་ས་ཆའི་ན་མཉམ་གྱི་བྱིས་པ་མང་པོས་རྒྱབ་ལ་མཛེས་པའི་དཔེ་ཁུག་ཁུར་ཞིང་། གདོང་ལ་དགའ་བའི་འཛུམ་མདངས་རྒྱས་བཞིན་སློབ་འབྲིང་གི་སྒོ་ཁར་གཤར། བདག་ནི་དེ་ཡི་ཁྲོད་ཀྱི་སློབ་མ་ཆུང་ཆུང་གཅིག་ཡིན་ལ། ངའི་སེམས་སུ་ཕུགས་བསམ་གསར་བ་ཞིག་དང་། རེ་བ་གསར་བ། འདུན་པ་གསར་བ་ཞིག་གིས་ཁེངས་བཞིན་དགའ་དགའ་སྤྲོ་སྤྲོའི་ངང་ནས་སློབ་འབྲིང་གི་སྒོ་ཐེམ་ཐོལ་གྱིས་བརྒལ་དུས། སྒོ་འགྲམ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་བའི་སློབ་མ་རྣམས་མདའ་ལྟར་དྲང་མོར་གྲལ་སྒྲིག་ནས་བསྡད་ཡོད། སྒོ་ཆེན་ནི་ཆེ་ཞིང་བརྗིད་ཉམས་ལྡན་པ་དང་འགྲམ་གཉིས་སུ་རི་དྭགས་ཡུ་མོའི་བརླ་སྒང་དང་འདྲ་བའི་ཀ་བ་ཆེན་པོ་གཉིས་བཞེང་ཡོད་པ་ནི་རྩ་བའི་ཁ་དོག་གསུམ་གྱི་ཚོན་རྩི་བྱུགས་ཡོད་ལ། བར་དུ་ལྕགས་ཀྱིས་བསླངས་པའི་སྒོ་དྲ་མིག་ཅན་ཞིག་ཡོད་ནི་ཕར་འགྲོ་ཚུར་འོང་བྱེད་ས་རེད། སྒོ་ཆེན་གྱི་རྣམ་པ་ནི་སློབ་ཆུང་གི་སློབ་ཚན་ཕོ་བྲང་ཡུམ་བུ་བླ་སྒང་གི་དཔེ་རིས་དང་ཨ་ན་མ་ན་རེད། བདག་ཀྱང་གྲལ་སྒྲིག་ནས་དལ་མོར་སྒོ་ཆེན་ནང་དུ་སོང་བ་ན་ཐོག་མར་མིག་ལམ་དུ་འཆར་བ་ནི་སློབ་ཁྲིད་ཐོག་ཁང་སེར་པོ་ཐོག་རྩེག་རིམ་པ་གསུམ་དང་བཞི་ཅན་གཉིས་གཡས་གཡོན་དུ་མཐུད་སྦྲེལ་བྱས་ཡོད་པ་དེ་མཐོང་བས། ངས་སློབ་ཆུང་གི་ཁོར་ར་ཁོར་ཡུག་གི་རྣམ་པ་ཡིད་ལ་ཝ་ལར་འཁོར་བྱུང་། སློབ་ཆུང་ནི་ཕྱི་ལ་ལྕགས་རའི་མུ་ཁྱུད་ཁ་དོག་དཀར་པོ་དང་སེར་པོའི་བྱུགས་པ་ཞིག་གིས་བསྐོར་བ་དང་། སྒོ་ནི་ནག་ཅིང་མཐུག་པའི་ལྕགས་སྒོ་ཆེན་པོ་གཉིས་ཡིན་ལ། ནང་དུ་འཛུལ་མ་ཐག་སྡོང་ར་ཆེ་ཆུང་མི་འདྲ་བ་གཉིས་ཡོད་པ། ད་དུང་ཤི་མ་གསོན་གྱི་སྡོང་བོ་ཆུང་ཆུང་འགའ་ཡོད་པ་ནི་ནམ་ཡང་ནར་སོན་རྒྱུ་མི་འདུག་ཅིང་། དེའི་གཡོས་ཕྱོགས་སུ་རྩལ་སྦྱོང་ར་བ་ཅུང་ཆེ་བ་ཞིག་ཡོད་པ་དང་། ནམ་རྒྱུན་སློབ་མ་ཚོ་ནང་དུ་ས་རྒྱུགས་རྡོ་རྒྱུགས་བྱེད་ལ། མིག་རྡེབ་དབང་ཙམ་གྱིས་ས་རྡུལ་གྱི་དུ་བ་དགུང་ལ་འཕྱུར་བ་བཞིན་དུ་ལངས་ཤིང་། ཅོང་སྒྲ་གྲགས་མ་ཐག་ཏུ་སློབ་མ་རེ་རེའི་གདོང་ལ་ས་རྡུལ་རིམ་པ་དགུ་རྩེག་ཆགས་ནས་སློབ་ཁང་གི་ཕྱོགས་སུ་རྒྱུགས་འགྲོ་བའི་རྣམ་པ་དག་མུ་འབྲེལ་བརྙན་འཕྲིན་ཟློས་བཞིན་ཤར་བར་མ་ཟད། ད་དུང་མཐའ་སྐོར་དུའང་རྩྭ་དང་རྩི་ཤིང་གི་སྙིགས་རོ་མང་པོ་རླུང་གིས་བདས་ཏེ་འདུག་པ་དང་། དེ་དག་གི་དཀྱིལ་དུ་ཧ་ཅང་ཕྲ་ཞིང་རིང་བའི་ཀ་བ་ཞིག་བསླངས་ཡོད་པ་དེའི་མགོ་རུ་སྐར་ལྔའི་དར་ལྕོག་དམར་པོ་དེ་རླུང་གིས་བསྐྱོད་ནས་ཕར་གཡོ་ཚུར་གཡོ་བྱེད་བཞིན་ཡོད་ལ། རྒྱབ་ཕྱོགས་སུ་གནས་པ་ནི་ང་ཚོའི་སློབ་ཁྲིད་ཐོག་ཁང་དང་ཇ་ཁང་ད་དུང་མལ་ཁང་སོགས་ཡིན། དེ་དག་ནི་འཇིག་རྒྱུ་མེད་པའི་རྡོ་བརྐོས་རི་མོ་བཞིན་དུ་ངའི་སེམས་སུ་བརྐོས་ཡོད།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངའི་ཡང་བསྐྱར་སྐེ་རགས་ཡང་སྡོམ་དང་ཧམ་སྒྲོག་དམ་པོར་བཅིངས་ནས་རང་ཉིད་ལ་སེམས་གསོ་ཞིག་བྱས་རྗེས་གོམ་པ་ཆེན་པོས་སློབ་གྲྭ་གསར་བའི་ནང་དུ་སོང་བ་ན། ཐོག་མར་མིག་ལམ་དུ་འཆར་བ་ནི་གཞུང་ལམ་ཆེན་པོའི་སྲིད་རིང་ཞིང་ཞེང་རྒྱ་ཆེ། དེའི་སྟེང་དུ་སྣུམ་ལམ་བླུགས་ཏེ་འོད་ལམ་ལམ་བྱེད། སློབ་གྲྭའི་སྒོ་ཆེན་གྱི་གཡས་གཡོན་དུ་ཡོད་པ་ནི་མེ་ཏོག་དང་སྡོང་ར་སྲིད་རིང་བ་ཞིག་རེད།  དེའི་ནང་དུ་མེ་ཏོག་གི་མྱུ་གུ་དང་རྩི་ཤིང་ཆུང་ཆུང་དག་གསར་དུ་འབུས་བཞིན་འདུག་པ་དང་། སྡོང་བོའི་ཡལ་གའི་སྟེང་དུ་སྔོ་ལྗང་ལྗང་གྱི་ལོ་མ་གསར་སྐྱེས་འགའ་ཡང་མཐོང་ཐུབ། ད་དུང་མདུན་དུ་སོང་ན་སློབ་ཁྲིད་ཐོག་ཁང་གཉིས་གཡས་གཡོན་དུ་ཡོད་པ་དང་། གཅིག་ནི་བརྗིད་ཅིང་རྔམས་ཆེ་བའི་ཉམས་ལྡན་པ་དང་། གཅིག་ཤོས་ནི་ཐེམ་སྐེ་མང་པོའི་ཡང་སྟེང་དུ་གསེར་ལམ་ལམ་དུ་བཞེངས་ཡོད། དེའི་མདུན་ཕྱོགས་སུ་རྡོ་སྐས་རྩེག་པའི་སྟེང་དུ་མེས་རྒྱལ་གྱི་གཟི་བརྗིད་མཚོན་པའི་དར་ལྕོག་དམར་པོ་དེ་དམར་ལམ་ལམ་དུ་རླུང་གི་ཁྲོད་དུ་གཡོ་བཞིན་འདུགeDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       སློབ་ཁང་ལ་ཐོག་སོ་རིམ་པ་གསུམ་ཡོད་པ་དང་། ཐོག་རྩེག་རེ་རེར་ནང་དུ་སློབ་ཁང་གསུམ་དང་གཞུང་སྒྲུབ་ཁང་གཅིག་ཡོད། སློབ་ཁང་རེའི་ནང་དུ་ཅོག་ཙེ་དང་རྐུབ་སྟེགས་ཆ་ལྔ་བཅུ་ལྷག་དང་། དཔེ་སྒམ་ཆེན་པོ་གཅིག མགོ་རྔ་གཉིས་ན་སྒོ་སམ་རེ་ཡོད། མདུན་གྱི་གློག་རྡུལ་སྒོ་སམ་གྱི་ནང་ནས་སློབ་ཁྲིད་བྱེད་པ་དང་། གླུ་དབྱངས། རོལ་རྩལ། བརྙན་འཕྲིན་ཟློས་གར་སོགས་ལ་བལྟས་ཀྱང་ཆོག ང་ཚོའི་འཛིན་གྲྭས་རྒྱུན་དུ་ཉིན་གུང་ངལ་གསོ་བྱེད་པའི་དུས་ཚོད་སྤྱད་ནས་གློག་བརྙན་ལ་བལྟས་པ་ཡིན། དགེ་རྒན་གྱིས་ཀྱང་དུས་ཚོོད་བཙལ་ནས་སློབ་ཁྲིད་འབྲེལ་ཡོད་ཀྱི་རྒྱུ་ཆ་དང་གློག་བརྙན་སོགས་བསྟན་པས་ང་ཚོ་སློབ་སྦྱོང་ལ་སྤྲོ་སྣང་ཧ་ཅང་ཆེ། སློབ་ཁྲིད་ཐོག་ཁང་གི་གཡས་ཕྱོགས་སུ་ཅུང་ཙམ་སོང་ན་རྩལ་སྦྱོང་ར་བ་ཆེན་པོ་ཞིག་ཡོད། དེ་ནི་མི་མཐའ་མེད་པའི་རྩྭ་ཐང་ཞིག་དང་འདྲ་པར་ཧ་ཅང་རྒྱ་ཆེ་ཞིང་ཁོད་ཡངས་པ་ཞིག་ཡིན། དཀྱིལ་དུ་དབྱིངས་ནར་ནར་གྱི་གར་སྟེགས་དམར་པོ་ཞིག་ཡོད་པ་དེ་ནི་པེ་ཅིང་གི་བྱ་ཚང་ལུས་རྩལ་ཁང་དང་འདྲ་པར་ཧ་ཅང་ཆེ་ཞིང་བརྗིད་ཉམས་ལྡན་པ་དང་། འགྲམ་དུ་ད་དུང་རྩལ་སྦྱོང་ཁང་ཆེན་པོ་ཞིག་ཀྱང་ཡོད། ཁངས་ཆར་བུ་ཡུག་འཚུབ་པའི་ནམ་ཟླར་ལུས་རྩལ་ཁང་དུ་ལུས་རྩལ་སློབ་ཁྲིད་བྱེད། དགེ་རྒན་བཀྲ་ཤིས་ནི་ང་ཚོའི་རྩལ་སྦྱོང་དགེ་རྒན་ཡིན་ལ། འཛིན་བདག་ཀྱང་ཡིན། ཁོང་གི་གཟུགས་འབྲིང་ཙམ་ཞིག་ཡིན་པ་དང། སྨིན་པ་ནག་ཅིང་རིང་བ་ཞིག་ཡོད་པའི་འོག་ཏུ་མིག་ཆེན་པོ་གཉིས་ཁྲ་ལམ་མལ་བྱེད། ཁོང་ནི་རྩལ་སྦྱོང་ལ་ཧ་ཅང་བཟང་བ་དང་། རྒྱུན་དུ་འགྲན་སྡུར་ཆེ་ཆུང་མང་པོའི་ཁྲོད་དུ་བྱ་དགའ་མང་པོ་ལེན་པ་དང་དམའ་གཉིས་སྡེ་ཁག་ཡོངས་ཀྱི་རྩལ་སྦྱོང་དགེ་རྒན་ཡིན། ཁོང་གིས་ནམ་ཞར་ང་ཚོ་ལ་སློབ་གསོ་མང་པོ་གཏོང་ལ་སློབ་མར་ཤ་ཚ་ཞིང་སྙིང་ཉེ་བ་ཞིག་ཡིན། ལྷག་པར་དུ་ང་ཚོའི་སྐད་ཡིག་དགེ་རྒན་ནི་མྱི་སྐྱིད་པོ་ཞིག་ཡིན། ཁོང་གིས་ལུས་ལ་ལྭ་བ་ནག་པོ་མཐུག་ཅིང་རིང་བ་ཞིག་གྱོན་པ་དང་། སྐུ་ཤ་རྒྱགས་ཤིང་གཟུགས་སྟོབས་ཆེ་བ་དང་། གླན་འཆོར་ཤོར་པའི་ངང་ནས་སློབ་ཁང་དཀྱིལ་དུ་བཞེངས་ཏེ། རྒྱུན་དུ་ལག་ལ་ཇ་དམ་ཞིག་བཟུང་ནས་ཞལ་གྱི་དཀྱིལ་འཁོར་ལ་འཛུམ་མདངས་བཀྲ་ཞིང་བྱམས་རྩེ་འཁོར་བཞིན་སློབ་ཁྲིད་བྱེད་ལ། གནའ་གཏམ་བཤད་ནས་ང་ཚོར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་སུ་འཇུག་པ་དང་། དགོད་གཏམ་བཤད་ནས་ང་ཚོ་རྒྱུན་དུ་སློབ་ཁྲིད་ཀྱི་སྤྲོ་སྣང་བསླངས་ཏེ་སློབ་ཁང་དགོད་སྒྲས་ཁེངས་འགྲོ།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངས་ནམ་ཡང་སློབ་གྲྭ་ནི་རྗེས་ལུས་ཀྱི་མུན་པ་སེལ་བའི་སྒྲོན་མེ་དང་། སྡུག་བསྔལ་གྱི་སྤྲིན་ནག་གཏོར་བའི་དྲི་བཞོན། སྔོན་ཐོན་གྱི་བྱ་བ་ལམ་དུ་འདྲེན་བའི་གཤོག་པ་ཡིན་པར་རློམ་ཡོད།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཛུབ་སྟོན་དགེ་རྒན། བསེ་ཀུན་དོང་།eDf康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论