ང་ཡི་དཔེ་ཀློག་དང་ང་ཡི་འཕེལ་རྒྱས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ང་ཡི་དཔེ་ཀློག་དང་ང་ཡི་འཕེལ་རྒྱས།

ཡོང་ཁུངས། :   རྩོམ་པ་པོ། : ཨོ་སྐྱིད་སྒྲོལ་མ།  ཀློག་གྲངས །: སྤེལ་དུས། : 2024-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།
         དེ་ཡང་། མཁས་པའི་གསུང་ལ། “དཔེ་ཆ་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན་ལ། དཔེ་ཆ་ནི་མིའི་རིགས་འཕེལ་རྒྱས་སུ་འགྲོ་བའི་ཐེམ་སྐས”ལྟ་བུ་ཡིན་ཟེར་སྲོལ་ཡོད། “དཔེ་ཆ་ཐེངས་བརྒྱར་བཀླགས་ན་དོན་སྙིང་རང་གིས་མཐོང་ཐུབ”ཟེར་སྲོལ་ཡོད། དགེ་རྒན་གྱིས་བཤད་ན། “དཔེ་ཆ་ནི་ཆེ་ས་ནས་བཤད་ན་འགྲོ་བ་མིའི་རིགས་དང་། ཆུང་ས་ནས་བཤད་ན། ང་ཚོ་ན་ཆུང་གྲོགས་པོ་ཚོར་ཕན་ཐོགས་པ་ཆེ་བའི་རིན་ཆེན་ནོར་བུ་ལྟ་བུ་ཞིག་ཡིན་པས། ལོ་རེའི་ཟླ་རེ་བཞི་བའི་ཚེས་ཉེར་གསུམ་ནི་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོར་གཏན་འཁེལ་བྱས་ཡོད”ཟེར། སློབ་གྲོགས་ཚོས་བཤད་ན། “དཔེ་ཆ་ནི་དགེ་རྒན་ཡིན་ལ། དཔེ་ཆ་ཀློག་པ་ནི་དགེ་རྒན་གྱི་མཛུབ་སྟོན་དང་གདམས་ངག་ལ་ཉན་པ་དང་མཚུངས”ཟེར་སྲོལ་ཡོད་པས། ངས་ཉིན་གུང་གི་དུས་ཚོད་སྤྱད་ནས་དཔེ་ཀློག་བྱེད་ཀྱིན་ཡོད།

        དཔེ་ཆ་བཀླགས་པས། ངའི་ལྟ་རྒྱ་དང་ཐོས་རྒྱ། ཤེས་རྒྱ་ཇེ་ཆེར་སོང་། ངས་དཔེ་ཀློག་ཁྲོད་ནས་རང་ས་རང་ཡུལ་འདི་རུ་རྩོམ་པ་པོ་གྲགས་ཅན་ཞིག་ཡོད་པ་ཤེས་ལ། ཁོང་ལ་ཁྱི་དང་འབྲེལ་བའི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཤིག་ཡོད་པ་ཤེས། ལྷག་པར་དུ་སྒྲུབ་དེབ་དེའི་ནང་གི་གཏམ་རྒྱུད«ཁྱི་རྒན»བཀླགས་པས། «ཁྱི་རྒན»ཁྲོད་ཀྱི་ཁྱི་རྒན་གྱིས་སྐྱ་བྷེ་ཚང་གི་བ་མའི་ནང་དུ་ཡོད་པའི་ལྡུར་འཕྲོ་དེ་འཐུང་སོང་ལ། དེས་ལུག་ཤའི་རྐང་བ་ཡ་གཅིག་དང་མར་སྒམ་ནང་གི་མར་ཡང་ཟོས་སོང་བར་མ་ཟད། ད་དུང་། སྡེར་མའི་ནང་གི་ཤ་དང་བག་ལེབ། མར་ཞུན་དག་ཀྱང་ཟོས་སོང་བས། སྐྱ་བྷེས་ཁྱི་རྒན་དེ་བསད་ནས་དགྲ་ཤ་ལེན་པའི་སེམས་ཐག་བཅད། ཁོས་ཐེངས་དང་པོར་ཝ་གསོད་བྱེད་ཀྱི་དུག་ཤ་རྡོག་གི་ཁུག་ཏུ་བཏུམ་ནས་ཁྱིའི་མཐོང་སར་བཞག་ཀྱང་ཁྱི་རྒན་མ་ཤི། ཐེངས་གཉིས་པར་ཁོས་ལྕགས་རྙི་དོང་བུ་བརྐོས་ནས་ནང་དུ་བཙུགས་ཀྱང་ཁྱི་རྒན་མ་ཤི། ཐེངས་གསུམ་པར་ཁྱི་རྒན་དེ་ཁོ་རང་གིས་གསོད་མ་དགོས་པར་གཡག་རྭ་རིང་བོ་ཅན་ཞིག་གིས་བརྡུངས་ནས་བསད། ཁྱི་རྒན་ཤི་རྗེས། ཁོའི་སེམས་སུ་སྡེ་བའི་ནང་གི་མི་ཚང་མས་ཁྱི་རྒན་ཁོ་རང་གི་བསད་པ་རེད་ཟེར་བར་སྐྲག་ཅིང་དོགས་ནས། ཁོས་ཁྱི་རོ་ཐེངས་བཞིར་སྦས། ཐེངས་དང་པོར་ཁོས་ཁྱི་རོ་རྩྭ་མཛོད་ར་བའི་ནང་དུ་གཡུགས། སྡེ་བའི་ནང་གི་མི་ཚང་མས་ཁྱི་རྒན་ཤི་བ་ཤེས་པས་ཁོ་སྐྲག་ནས་ཐེངས་གཉིས་པར་སྤོ་བའི་ཐག་བཅད། ཐེངས་གཉིས་པར། ཁོས་ཡར་ཕྱོགས་རི་འདབས་སུ་ཡོད་པའི་སློབ་གྲྭའི་ར་སྐོར་གྱི་ལྟག་རྒྱབ་ཏུ་ཡོད་པའི་ས་དོང་ཆེན་པོ་ཞིག་གི་ནང་དུ་འཕངས། དགེ་རྒན་དང་སློབ་མ་མང་པོ་མཉམ་དུ་འཚོགས་ནས་ལབ་གླེང་བྱེད་པ་མཐོང་པས་ཁོ་སྐྲག་སྟེ་གནས་གསུམ་པར་སྤོ་བའི་སེམས་ཐག་བཅད། ཐེངས་གསུམ་པར་ཁོས་ཁྱི་རོ་ཨ་ལགས་ཀྱི་ཨ་མ་དུར་སྦས་བྱས་པའི་ལུང་བ་ཞིག་ཏུ་གཡུགས། དོན་དེ་ནི་སྡེ་བའི་ནང་འུར་འུར་ཟིང་ཟིང་ཆེ་བས། ཁོས་ཡང་བསྐྱར་ཁྱི་རོ་ཐེངས་བཞི་བར་སྤར་བའི་སེམས་ཐག་བཅད། ཐེངས་བཞི་བར་ཁོས་ཁྱི་རོ་ཁོ་ཚང་གི་རིལ་མ་སྤུངས་པའི་འགྲམ་དུ་གཡུགས། དེ་ནས་བཟུང་སྡེ་བའི་ནང་དུ་གྲག་འགུལ་ཅི་ཡང་མེད་པར་གྱུར། བྱུང་རིམ་ཀྱག་ཀྱོག་ཆེ་ལ་ནང་དོན་ལྡན་པའི་གཏམ་རྒྱུད་ཀློག་འདོད་པ། ཉན་སྤྲོ་བ་ཞིག་ཡོད་པ་དེའང་ཤེས།wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        དཔེ་ཆ་བཀླགས་པས། ངའི་རྩོམ་ཡིག་འབྲི་བའི་ཆུ་ཚད་ཇེ་བཟང་དུ་སོང་། ངས་རྩོམ་ཡིག་འབྲི་མི་ཤེས་པ་ཤེས་པར་གྱུར། རྩོམ་གྱི་འགོ་ཇི་ལྟར་རྩོམ་ཚུལ་ནས་མཇུག་ཇི་ལྟར་བསྡུ་དགོས་ཚུལ་དང་། རྩོམ་ཡིག་གི་ཚན་པ་ཇི་ལྟར་བགོ་ཚུལ་ནས་གོ་རིམ་ཇི་ལྟར་བསྒྲིག་དགོས་ཚུལ་ཐད་ལ་ཕན་ཐོགས་ཆེན་པོ་བྱུང་། བརྗེད་དཀའ་བའི་འདས་དོན་ལྟ་བུ་ལ་མཚོན་ན། དཔེ་ཀློག་མ་བྱས་སྔོན་དང་བསྡུར་ན། ད་ལྟ་བྲིས་པའི་རྩོམ་ཡིག་ཅུང་ལེགས་པའི་ཚོར་བ་བྱུང་། ནང་དོན་གྱི་ཆ་ནས་འདས་ཟིན་པའི་དོན་དག་གཅིག་བྲིས་པ་མ་ཡིན་པར། རང་གི་བརྗེད་རྒྱུ་མེད་པའི་དོན་དག་འདས་ཟིན་པ་མང་པོ་གོ་རིམ་བསྒྲིགས་ནས་མཉམ་དུ་བྲིས་ཆོག་པ་ཤེས།wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         དཔེ་ཆ་བཀླགས་པས། ངའི་རྩོམ་གྱི་འབྲི་ཐབས་ངོས་འཛིན་དང་། ཚིག་དོན་ལད་འབྲི་དང་རྒྱས་འབྲིའི་ཆུ་ཚད་ཇེ་བཟང་དུ་སོང་ཡོད་ལ། རྩོམ་ཡིག་ཁྲོད་ཀྱི་ཞིབ་འབྲི་བྱས་པའི་ཚིག་དག་ག་ནས་མཐོང་ན། དེ་གར་ངོས་འཛིན་ཐུབ་ལ། གང་དུ་བྲི་དགོས་བྱུང་ཚེ། དེ་གར་འབྲི་ཐུབ་པས། རྒྱུན་དུ་ལས་བྱ་འབྲི་བ་དང་རྒྱུགས་ཤོག་ནང་གི་དབྱེ་ཞིབ་ཐད་ནས་ཕན་ཐོགས་ཆེན་པོ་བྱུང་། དཔེར་ན། ན་ནིང་གི་མཇུག་རྒྱུགས་ཁྲོད་ནས། ངས་མདོག་འགྱུར་ད་བྱིད་ཁྲོད་ཀྱི་མི་སྣ་གཙོ་བོ་ཨོ་ཁྲུ་མོ་ལོ་ཧྥུའི་སྐད་ཆར་ལད་འབྲི་དང་། མཇུག་མཐའི་སློབ་ཐུན་གཅིག་གི་ཁྲོད་ཀྱི་དགེ་རྒན་ཧན་མེར་གྱི་སྐད་ཆ་རྒྱས་འབྲི་བྱས་ནས་སྐར་མ་འོས་འཚམ་ལོན་སོང་ལ། ངས་ཐེངས་འདིའི་རྩོམ་ཡིག་ལས་བྱ«བདག་གི་དགེ་རྒན»འབྲི་དུས། དགེ་རྒན་གྱི་གཟུགས་ནི་རིང་ཡང་མི་རིང་ལ། ཐུང་ཡང་མི་ཐུང་བར་ཤ་ཅུང་ཟད་རྒྱགས་པའི་ཁྱད་ཆོས་དེ་འབུར་དུ་བཏོད་ནས་བྲིས་པའི་སྟེང་ལ། ཁོང་གི་གནག་ཅིང་སྣུམ་པའི་སྐྲ་ལོ་དང་། འཇའ་ལྟར་འཁྱོག་པའི་སྨིན་མ། འོད་འཚེར་བའི་མིག་ཟུང་གི་ཁྱད་ཆོས་གཙོ་བོ་བསྣན་ནས་དགེ་རྒན་གྱི་གཟུགས་རིས་དང་། དགེ་རྒན་ཁྲིད་སྟེགས་སྟེང་བུད་དེ་སློབ་ཁྲིད་བྱེད་ཐེངས་རེ་ལ། མཛུབ་མོ་དྲུད་ནས་ཁྲིད་ཅོག་སྟེང་དུ་ས་རྡུལ་འགོས་ཡོད་མེད་ལ་ཞིབ་བཤེར་བྱེད་པའི་བྱ་བྱེད་དང་སློབ་ཁྲིད་ཀྱི་དགོས་མཁོ་དང་བསྟུན་ནས་ལག་གིས་ཕྱག་རྒྱ་སྣ་ཚོགས་སྟོན་པའི་ཉམས་འགྱུར་ཙམ་མ་ཟད། ད་དུང་དགེ་རྒན་གྱིས་སློབ་ཁྲིད་ཀྱི་བར་གསེང་ནས། “སློབ་གྲོགས་ཚོ། རྒྱལ་ཁབ་དང་མི་རིགས་ཀྱི་དབང་ཕར་ཞོག ཐ་ན། ཁྱིམ་ཚང་གི་ལས་དབང་བསྒྱུར་དགོས་ན། ཁྱིམ་ཚང་དེའི་བྱིས་པས་བསྒྱུར་དགོས་པ་ཡིན་པས། ང་ཚོས་ཧུར་བརྩོན་བྱ་དགོས”ཞེས་པའི་སྐད་ཆ་དང་། དགེ་རྒན་གྱིས་ང་ཚོའི་དཔེ་ཁྲིད་དང་། དཔེ་ཀློག སྦྱངས་འབྲས་ཉིན་རེར་ཡར་ཐོན་བྱུང་ཚེ། དགའ་བ་འཕེལ་བའི་སེམས་ཀྱི་འགྱུར་ལྡོག་སྟེ། མདོར་ན། དགེ་རྒན་གྱི་གཟུགས་རིས་ཞིབ་འབྲི་དང་སྐད་ཆ་ཞིབ་འབྲི། བྱ་བྱེད་ཞིབ་འབྲི། སེམས་ཁམས་ཞིབ་འབྲི་བྱས་པ་རང་གི་སེམས་ནས་ཅུང་འཁྱོངས་ཡོད་བསམ།wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        དཔེ་ཆ་བཀླགས་པས། ངའི་དཔེ་ཀློག་གི་དགའ་སྣང་དང་སྤྲོ་སྣང་ཇེ་ཆེར་སོང་། དེབ་གཅིག་བཀླགས་ནས་ཚར་རྗེས། ཡང་བསྐྱར་དེབ་གཅིག་གི་འགོ་བཟུང་ནས་བཀླག་འདོད་ཀྱི་དགའ་སྣང་དང་སྤྲོ་སྣང་ལྡན་ལ། དེབ་གཅིག་བཀླགས་ནས་རྫོགས་ལ་ཉེ་དུས། དེའི་འཕྲོར་དེབ་ཅི་ཞིག་བཀླག་པའི་འཆར་གཞི་ཡིད་ལ་དྲན་ནས་འོངས། ལོ་འདི་འགར་ངས་དང་ཐོག«མི་རོ་རྩེ་སྒྲུང»བཀླགས་པ་ཡིན་ལ། དེར་མཐུད་ནས་མཁས་དབང«དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས»དང་། དེའི་འཕྲོར་«ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས།» དེའི་འཕྲོར«ཁྱི་རྒན»བཅས་དཔེ་དེབ་གཅིག་གི་རྗེས་ལ་གཅིག་མཐུད་ནས་བཀླགས་དང་ཀློག་བཞིན་ཡོད།wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        མདོར་ན། དཔེ་ཆ་ཀློག་པ་ནི་བརྙན་འཕྲིན་ལ་བལྟ་བ་དང་། ཁ་པར་རྩེ་བ་སོགས་དང་མི་འདྲ་བར་དེས་མིག་ལ་གནོད་པ་ཆེན་པོ་མི་བཟོ། གློག་རྡུལ་རོལ་རྩེད་རྩེ་བ་ལྟར་དུས་ཚོད་ཆུད་ཟོས་སུ་མི་གཏོང་། དཔེ་ཆ་ཀློག་པ་ནི་ངན་གྱི་སྣ་འདྲེན་མིན་པར། བཟང་གི་ལམ་སྟོན་ཡིན་པས། ངས་མུ་མཐུད་དུ་དཔེ་ཀློག་བྱེད་ངེས་ཡིན།wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་རའི་རྩོམ་པ་པོ་ཨོ་སྐྱིད་སྒྲོལ་མ་ནི་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དཔེ་ཀློག་འཛིན་གྲྭ་སྐབས་གཉིས་པའི་སློབ་མ་ཡིན།wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཛུབ་སྟོན་དང་ཞུ་དག་པ། བྱ་གཞུང་དབང་ཆེན་ཚེ་རིང་།wAo康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论