སྤོ་བོ་ལགས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སྤོ་བོ་ལགས།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ། : བདུན་བཅུ་གཉིས། རྟ་མགྲིན་འཚོ།  ཀློག་གྲངས །: སྤེལ་དུས། : 2024-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        སྤོ་བོ་ལགས། ཁྱེད་ནི་ངའི་སེམས་དཀྱིལ་ན་ནམ་ཡང་གནས་པའི་ཉིན་བྱེད་དབང་བོ་དེ་ཡིན། ཁྱེད་ནི་ངའི་སེམས་ཁོངས་ཀྱི་གཏན་དུ་གནས་པའི་འོད་གསལ་སྒྲོན་མེ་དེ་ཡིན། ཁྱེད་ཀྱིས་བུ་མོ་ངའི་ཆེད་དུ་མྱངས་པའི་དཀའ་སྡུག་གང་མང་ནི་གདོང་གི་གཉེར་མ་ལས་མངོན་པར་རྟོགས་ཐུབ་ཅིང་། ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་བ་དྲོན་མོ་ལས་བུ་མོ་ང་ལ་འབྱུང་བཞི་ལུས་རྟེན་འདི་གྲུབ་ལ་འཚོ་བའི་བདེ་སྐྱིད་ཀྱི་དྲོད་ཁོལ་ཡང་སྦྱིན་བྱུང་།uCF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        སྤོ་བོ་ལགས། ཁྱེད་ཀྱི་སྒམ་བརླིང་དང་སྙིང་སྟོབས། གཞལ་མེད་ཀྱི་བཀའ་དྲིན་ལས་བུ་མོ་ང་རང་སློབ་གྲྭར་འགྲིམས་པའི་སྐལ་བ་འཐོབ། སྤོ་བོ་ལགས། ཤེས་རིག་སྐྱེད་ཚལ་གྱི་སློབ་གྲྭ་ན་སྤུན་ཟླ་ལྟ་བུའི་སྨྱུག་གྲོགས་ཡོད་ལ། ཕ་མ་དང་གཉིས་སུ་མེད་པའི་དགེ་བའི་བཤེས་གཉེན་དམ་པ་ཡོད། ད་དུང་བུ་མོའི་མ་འོངས་པའི་མདུན་ལམ་ལ་རྣོ་དབལ་དང་ཤེས་བྱའི་རིག་གནས་སྦྱངས་སའི་གར་སྟེགས་ཡོད།uCF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        སྤོ་བོ་ལགས། མི་ཚེའི་ཀྱག་ཀྱོག་གི་ལམ་བུ་དེ་དག་ལས་ཁྱེད་ཀྱིས་ལུས་ལ་དཀའ་ཚེགས་དང་ལེ་བདའ་ཅི་ཡང་མེད་པར་ཡོད་ཚད་ངའི་དོན་དུ་ཕངས་མེད་སྦྱིན། ཁྱེད་ཀྱི་དྭངས་གཙང་གི་བསམ་བློ་དང་རྟག་བརྟན་གྱི་སྤྱོད་པ། གཞན་ཕན་གྱི་ལྷག་བསམ་དག་ནི་ནམ་ཡིན་ཡང་བུ་མོ་ངའི་དཔེ་སྟོན་གྱི་བསླབ་བྱ་ཡིན།uCF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        སྤོ་བོ་ལགས། བུ་མོ་ངས་ལག་ཟུང་ཐལ་མོ་སྙིང་གི་དབུས་ལ་སྦྱར་ནས་ནམ་ཡིན་ཡང་ཁྱེད་ཀྱི་སྐུ་ལུས་བདེ་ཐང་གི་གསོལ་འདེབས་རྟག་ཏུ་ཆད་མ་སྲིད།uCF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

uCF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
སློབ་རའི་རྩོམ་པ་པོ་རྟ་མགྲིན་མཚོ་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་ཡིན།uCF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论