ང་རང་ཆེས་དད་མོས་བྱེད་སའི་མི།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ང་རང་ཆེས་དད་མོས་བྱེད་སའི་མི།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ། : ཁམས་སྐྱིད་སྒྲོལ་མ། དགུ་བཞི་འཛི  ཀློག་གྲངས །: སྤེལ་དུས། : 2024-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།
         ང་རང་གིས་སེམས་ཁོང་ནས་ཆེས་དད་མོས་བྱེད་པ་ནི་རང་གི་ཨ་ཕ་ཡིན། དེ་ལྟར་བཤད་པའི་རྒྱུ་རྐྱེན་ནི་ཁོང་གི་གཤིས་ཀ་དང་འབད་བརྩོན་ལྷོད་མེད་ཀྱི་སེམས་ཤུགས། ད་དུང་ཞུམ་མེད་ཀྱི་སྙིང་སྟོབས་དེ་ཡིན།

        ཁོ་རང་ཆུང་བྱིས་པའི་དུས་ནས་བཟུང་ཁྱིམ་ལས་ལ་མཁས་པ་དང་ཕྱུཊ་རྫི་བྱས་ནས་རང་ཉིད་ཁེར་རྐྱང་གིས་རྫ་མགོ་རི་མགོ་ཉུལ་ཞིང་རྟ་ནོར་ལུག་གསུམ་མང་པོ་ཞིག་འཚོས་མྱོང་། སྐབས་འགར་གནག་ལུག་དེད་ནས་ཁོ་རང་གཅིག་པུ་དབྱར་ས་དང་སྟོན་སར་སོང་ནས་ཕྱུགས་ཟོག་གཅིག་ཀྱང་མི་བོར་པར་འཚོ་བ་རེད། ཉིན་ཞིག་ལ་རང་སྡེ་བའི་ཧྲུའུ་ཅི་དང་གོང་རིམ་གྱི་འགོ་ཁྲིད་སོགས་ཀྱིས་ཁོ་སློབ་གྲྭར་འགྲོ་དགོས་པའི་སྐུལ་མ་བཏང་ཡང་ཁོས་དང་ལེན་མ་བྱས་པར་རང་གི་སྤུན་མཆེད་ཚོ་འགྲོ་རུ་བཅུག་སྟེ། ཁོ་རང་སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན། དེའི་རྐྱེན་གྱིས་ཁོ་རང་འབྲོག་པའི་མཐོ་སྒང་ནས་མི་ཚེ་བསྐྱལ་བའི་ལས་དབང་མ་གཏོགས་མེད་པ་རེད། ད་ལྟའི་ངས་ཨ་ཕའི་སྡུག་དེ་འདྲའི་ཕྱེད་ཀ་ཡང་མྱོང་ཐུབ་རྒྱུ་དཀའ་མོ་རེད་བསམས་བྱུང་།9dk康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        ཨ་ཕས་ནམ་ཞར་དགུན་བཅུ་བའི་གྲང་ངར་དང་ཁ་བ་བུ་ཡུག་འཚུབ་པའི་སྐབས་སུ་རྐང་མགོར་ལྷམ་དྲོན་པོ་ཞིག་དང་ལྭ་རིང་ཞིག་ཀྱང་གྱོན་རྒྱུ་མེད་པར་ཉིན་གང་བོར་རྫ་མགོ་ནས་ནོར་ལུག་མིག་དང་སེམས་ཀྱིས་འཚོས་ནས་ཕྱུགས་ཟོག་གི་འཕེལ་ཁ་ཤིན་ཏུ་དར། དེའི་རྐྱེན་གྱིས་ངའི་ཨ་ཕ་དཀའ་ཁག་གི་དོན་ཅི་ཞིག་ལ་འཕྲད་ན་ཡང་གཞུག་འདང་རྒྱག་ཤེས་པ་དང་བསམ་བློ་གཏོང་བའི་གཤིས་རྒྱུད་ཅིག་ཡོད་པ། བྱ་བའི་ཐོག་ལ་འབད་པ་དང་བརྩོན་པ་ཧུར་ལེན་བྱེད་པ་ཞིག་ཏུ་གྱུར། ངས་ད་སྐབས་ཨ་ཕ་ནང་བཞིན་ལས་ཀའི་ཐོག་ལ་འབད་པ་དང་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཚེ། མ་འོངས་ཕུགས་བསམ་མངོན་འགྱུར་མི་ཐུབ་པའི་སེམས་ཁྲལ་མི་བདོག་ཅིང་། ཨ་ཕའི་ལས་ལ་བརྩོན་ཞིང་ཁྱིམ་ལས་ལ་མཁས་པའི་ཡོན་ཏན་ཆ་ཤས་ཤིག་ང་ལ་མངའ་ཚེ། རང་ཉིད་ཀྱི་རྗེས་ཕྱོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་གདོན་མི་ཟའོ།།9dk康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        གལ་ཏེ་ངའི་ཨ་ཕ་ཡང་ཆུང་དུས་སློབ་གྲྭར་འགྲོ་ཐུབ་པའི་དབང་དུ་བཏང་ན། ཁོས་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད་པར་མ་ཟད། གྲང་ངར་དང་ཚ་གདུང་གི་ནང་དུ་ཟོག་རྫི་བྱེད་མི་དགོས་ལ། རང་དང་འཚམ་པའི་བྱ་བ་ཞིག་རྙེད་ཡོད་པ་ང་ལ་ཧ་ཅང་ཡིད་ཆེས་ཡོད།9dk康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        དེ་བས་ང་རང་ཨ་ཕའི་ཧུར་ཐག་འབད་བརྩོན་གྱི་གཤིས་ཀ་དང་སྙིང་སྟོབས། ཡ་རབས་ཚུལ་ལྡན་གྱི་མི་གཤིས་ལ་དགའ་བར་མ་ཟད། ཁོ་ནི་ནམ་ཡང་བུ་མོ་ངའི་སེམས་ཁོང་གི་ལས་ལ་བརྩོན་པའི་འབྲོག་པ་ཡིན་ལ། དད་མོས་བྱེད་སའང་ཡིན།9dk康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

9dk康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཁམས་སྐྱིད་སྒྲོལ་མ་ནི་མང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་དང་མཛུབ་སྟོན་དགེ་རྒན་ནི་བསེ་ཀུན་དོང་ཡིན།9dk康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论