ང་ཡི་གྲོགས་མོ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ང་ཡི་གྲོགས་མོ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : །བྱང་ཆུབ་བཟང་མོ།  ཀློག་གྲངས །: སྤེལ་དུས། : 2025-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།
ང་ཡི་གྲོགས་མོ།
ལྔ་གཉིས་འཛིན་གྲྭ།བྱང་ཆུབ་བཟང་མོ།
        ང་ལ་མཛེས་སྡུག་ཡིད་དུ་འོང་བའི་གྲོགས་མོ་ཞིག་ཡོད།ངེད་གཉིས་ཀྱི་མཛའ་བརྩེ་ནི་འོ་ཆུ་གཅིག་འདྲེས་ལྟ་བུ་ཞིག་ཡིན།ལོ་ལྔ་བར་གྱི་གྲོགས་པོ་ཡིན།དེ་མིང་ལ་རྡོ་རྗེ་མཚོ་མོ་ཟེར།མོའི་སློབ་སྦྱོང་གི་ཐད་ལ་ནན་ཏན་དང་ཧུར་བརྩོན་བྱེད་པ་ལས་རྣམ་གཡེང་གཏན་ནས་མི་བྱེད་ཅིང་།ལས་བྱའང་ནན་ནན་ཏིག་ཏིག་གིས་བྲིས་ཏེ་དུས་ལྟར་སྤྲོད་པ་མ་ཟད།ད་དུང་གཙང་སྦྲ་བྱེད་པར་ཡང་ཧ་ཅང་དགའ།SLJ杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
        མོའི་གདོང་ནི་ནམ་མཁའི་ཟླ་བ་བཞིན་དུ་དཀར་ཞིང་།གཟུགས་ཐུང་རྒྱུ་ཅང་མེད།སྨིན་མ་ནི་འཇའ་ཚོན་ལྟར་གུག་ཡོད་ལ།སྐྲ་ལོ་ནི་ནག་ཅིང་སྣུམ་ལ་ཐུར་དུ་དཔྱངས་ཡོད།མིག་གཉིས་ཧ་ཅང་ཆེ་བར་མ་ཟད་ད་དུང་མིག་སྤུ་ཡང་ཧ་ཅང་རིང་།ཨ་ལ་ལ།ཅི་འདྲའི་མཛེས་པ་ལ།ངོ་མ་ནམ་མཁའི་ལྷ་མོ་ཞིག་དང་གཉིས་སུ་མེད།SLJ杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
        མོ་གླུ་དབྱངས་ལེན་པར་ཧ་ཅང་དགའ།གླུ་དབྱངས་ལངས་ན་སྐད་ཁུ་བྱུག་བཞིན་དུ་སྙན།རྩེད་མོ་རྩེ་བར་ཡང་ཧ་ཅང་དགའ།ཁོ་མོ་སིལ་ཏོག་ཟ་བར་དགའ་ལ་ཤ་ཟ་བར་དེ་འདྲ་མི་དགའ།SLJ杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
        ཉིན་ཞིག་གི་དབྱར་ཁར།ཚད་པ་ཧ་ཅང་ཆེ།དྲུག་གཅིག་ལ་ཐོན་གིན་ཡོད།སློབ་གྲྭས་ང་ཚོ་ལ་སློབ་ལྭ་སོ་མ་བྱིན།དེ་ནས་དགེ་རྒན་གྱིས་ཡུལ་ལ་སོང་ནས་སློབ་ལྭ་སོ་མ་གོན་ནས་ཤོག་ཟེར།དེ་ནས་རྡོ་རྗེ་མཚོ་མོ་དང་ངེད་གཉིས་མཉམ་དུ་ཡུལ་ལ་སོང་།ཡུལ་ན་མི་གཅིག་ཀྱང་མེད།ང་ཧ་ཅང་ལྟོགས།རྡོ་རྗེ་མཚོ་མོ་གློ་བུར་དུ་མདུན་ལ་ཡོང་ནས་ངེད་ཚང་གི་ཡུལ་ལ་འགྲོ་ཞེས་བཤད།ང་མོ་ཚང་གི་ཡུལ་ལ་སོང་རྗེས།མོས་ང་ལ་ཟ་རྒྱུ་མང་པོ་བྱིན།མོའི་ཨ་མས་ཀྱང་ངེད་གཉིས་ལ་་ཟ་མ་སྐོལ་ཡོད།ཟ་མ་ཟོས་ཚར་རྗེས།མོའི་ཨ་མས་ངེད་གཉིས་སློབ་གྲྭའི་ནང་དུ་བསྐྱལ།དེ་ནས་བཟུང་ང་མོ་ལ་ཧ་ཅང་དགའ།
རྩོམ་སྒྲིག་པ། : མི་གསལ*
མཉམ་སྤྱོད །     
    匿名评论
  • 评论
人参与,条评论