༄༅།།མཚོ་སྔོན་པོར་མཚོ་བསྐོར་དུ་འགྲོ་བའི་དགོས་པ་དང་གནས་ཆེན་དུང་དཀར་སྣ་ངོ་སྤྲོད།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

༄༅།།མཚོ་སྔོན་པོར་མཚོ་བསྐོར་དུ་འགྲོ་བའི་དགོས་པ་དང་གནས་ཆེན་དུང་དཀར་སྣ་ངོ་སྤྲོད།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།: འཕན་པོ་བྱང་ཆུབ་བཟང་པོ།  ཀློག་གྲངས།: སྤེལ་དུས། : 2015-04-21 20:57:14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཕན་པོ་བྱང་ཆུབ་བཟང་པོ། gQQ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    ད་ལོ་ནི་གཡང་མོ་ལུག་གི་ལོ་ལ་བབས་ཏེ་བོད་ཀྱི་བླ་མཚོ་བཞི་རུ་གྲགས་པའི་མཚོ་སྔོན་པོའམ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ལ་གནས་མཇལ་བྱེད་པའི་ལོ་རེད། ལོ་འདིར་ཅི་ལ་མཚོ་སྐོར་བྱེད་དགོས་དོན་དང་། གནས་ཆེན་དང་གཏེར་སྒོ་གང་ཡིན་ཚུལ། ལུག་ལོ་ལ་མཚོ་སྐོར་བྱེད་དགོས་པའི་རྒྱུ་མཚན་སོགས་ངོ་སྤྲོད་མདོར་བསྡུས་ཙམ་བྱེད།gQQ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    དེ་ཡང་མི་ལོ་སྟོང་གཉིས་ལྷག་གི་ཡར་སྔོན་དུ་བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པར། ལྷའི་དབང་པོ་བརྒྱ་བྱིན་དང་ཀླུ་རྒྱལ་གཙིགས་ན་རིན་ཆེན་སོགས་ནས་དུང་དཀར་པོ་སྲིད་ན་དཀོན་པ་ཞིག་ཕུལ་ནས་སེམས་ཅན་ལ་ཕན་པའི་ཆོས་ཤིག་གསུངས་ཞེས་ཐེངས་གསུམ་ལ་བསྐུལ་བའི་ངོར། མཐར་སྟོན་པས་ཞལ་གྱིས་བཞེས་ནས་བདེན་པ་བཞི་སོགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དུང་དཀར་ཆེན་པོ་དེ་ཕྱིར་ཀླུ་རྒྱལ་གཙིགས་ན་རིན་ཆེན་ལ་བཅོལ་བ་དང་། ཀླུ་རྒྱལ་གཙིགས་ན་རིན་ཆེན་གྱིས་དུང་དཀར་དེ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཀླུ་བློན་བྱང་ཆུང་སེམས་དཔའ་ལ་བཅོལ་པ་རེད། gQQ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་དུས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་དུས། འདྲེ་སྲིན་སོགས་ཀྱིས་བགེགས་ཆེན་པོ་བཟོས་སྟེ་ལེགས་འགྲུབ་བྱུང་དཀའ་བའི་དུས་དེར། སློབ་དཔོན་རིན་པོ་ཆེ་ནས་བགེགས་ཏེ་བཟློག་ཆེད་ངེས་པར་ཆོས་འཁོར་བསྐོར་དགོས་ལ་དེ་སྔོན་སྟོན་པར་ཕུལ་བའི་དུང་དཀར་དེ་མཁོ་བར་དགོངས་ནས། ཀླུ་བློན་བྱང་ཆུབ་སེམས་དཔར་དུང་དཀར་དེ་གནངས་དགོས་པའི་དགོངས་གཞི་བསྟན་པ་ན། དུང་དཀར་དེ་ནི་ཁོའི་ཕོ་བྲང་དུ་མེད་དུ་མི་རུང་བའི་རྟེན་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། དེ་གནངས་དགོས་ཚེ་ཚབ་དུ་རྟེན་སྐལ་ཞིག་དགོས་ཞེས་ཞུས་པར། ལུག་ལོ་ལ་སློབ་དཔོན་རིན་པོ་ཆེ་དུང་དཀར་སྣ་རུ་ཕེབས་ནས་སྡིགས་མཛུབ་ཀྱི་ཁ་ཡར་བསྐོར་ནས་ཕྱག་རྒྱ་ཞིག་མཚོ་ནང་དུ་ཕབས་ཏེ་དུང་དཀར་གཏེར་ནས་བཏོན་པ་རེད། ངག་རྒྱུན་ལ་དུང་དཀར་དེ་ནི་བསམ་ཡེས་དགོན་གྱི་ཚོགས་དུང་ཆེན་མོར་གྱུར་ཟེར་བའི་བཤད་ཚུལ་ཀྱང་ཡོད་ལ། གནས་འདིར་དུང་དཀར་སྣ་ཞེས་ཐོགས་ཚུལ་དང་སྟེར་སྒོ་དང་གནས་ཆེན་དུ་གྱུར་དོན་ཡང་དེ་ཡིན་པར་མ་ཟད། དུང་དཀར་གཏེར་ནས་བཏོན་པའི་ལོ་དེ་ལུག་ལོ་ལ་བབས་སྟབས། ལུག་ལོར་མཚོ་མཆོད་མཚོ་གཏེར་རྒྱག་པའི་སྲོལ་ཡང་དེ་ནས་བཟུང་བྱུང་བ་ཡིན། དུང་དཀར་སྣ་ཞེས་པའི་གནས་ཆེན་འདི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་གཞི་བདག་བློན་པོ་གསེར་ཆེན་གྱི་འདབས་རོལ་ན་གནས་པའི་གུང་ཧོ་རྫོང་རྟ་ནག་མ་ཞང་དཀར་ལྷ་སྡེ་བའི་མངའ་ཁོངས་ཀྱི་མཚོ་འགྲམ་དུ་གནས་ཡོད། ད་ལྟ་གནས་སྒོ་འདིར་སྐབས་སློབ་དཔོན་རིན་པོ་ཆེ་ནས་མཚོ་གཏེར་འདོན་དུས་བཞག་པའི་ཞབས་རྗེས་ཕྱག་རྗེས་སོགས་ཀྱང་མཇལ་རྒྱུ་ཡོད་པ་མ་ཟད། བོད་ཀྱི་བླ་ཆེན་མཁན་ཆེན་དུ་མས་དགོངས་གཞི་གཅིག་མཐུན་གྱིས་བཞེངས་ཤིང་རབ་གནས་མཛད་པའི་གནས་བདག་མཚོ་སྨན་ཁྲི་ཤོར་རྒྱལ་མོའི་སྐུ་བརྙན་ཡང་དད་འདུན་མང་པོའི་ཆོས་ཀྱི་བགོ་སྐལ་ལ་བཞེངས་ཡོད་པ་རེད།gQQ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
     ཕྱིས་སུ་རྒྱལ་དབང་ལྔ་བ་ཆེན་མོ་དང་། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ། པན་ཆེན་སྐུ་ཕྲེང་དགུ་བ། ལ་མོ་ཡོངས་འཛིན་རིན་པོ་ཆེ། ཞབས་དཀར་ཚོགས་དྲུག་རང་གྲོལ། ཤར་སྐལ་ལྡན་རྒྱ་མཚོ་སོགས་བོད་ཀྱི་བླ་ཆེན་དུ་མས་དངོས་སུ་གནས་སྒོ་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་མཚོ་མཆོད་མཚོ་གཏེར་བརྒྱབ་ནས་སེམས་ཅན་ཞི་བདེ་ལམ་ལ་བགོད་པར་སྨོན་ལམ་བརྒྱབ་མྱོང་། gQQ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ཕྱོགས་བཞི་མཚམས་བརྒྱད་ནས་བླ་མཚོ་ཁྲི་ཤོར་རྒྱལ་མོར་མཚོ་མཇལ་དུ་འགྲོ་དུས། ངེས་པར་དུ་ལོ་རྒྱུས་ཀྱི་ཤེས་བྱ་འདིར་རྒྱུས་ལོན་བྱེད་ཐུབ་པ་བྱུང་ན་ཕན་པ་ཅུང་ཆེ་བར་སྙམ་མོ།།gQQ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论