ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།

ཡོང་ཁུངས། :   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2020-11-23 08:42:53
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ། ། ལྷ་ཡི་མཆོག་དང་ཀླུ་དབང་གྲུབ་པ་རིག་འཛིན་གཙོ། ། དྲང་སྲོང་རྒྱས་པ་གྲོག་མཁར་པ2དང་རྐང་མིག3སོགས། ། ཀུན་ནས་དགའ་བའི་གཙུག་གི་ནོར་བུས་ཞབས་མཆོད་པ། ། འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་ལ་བདག་ཕྱག་འཚལ། ། རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། ། འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། ། དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག ། བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར།fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཁས་པ་ཡོན་ཏན་མཛོད་འཛིན་པ། ། དེ་དག་ལེགས་བཤད་རིན་ཆེན་སྡུད། ། རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། ། ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། ། སྐྱེ་བོ་ཡོན་ཏན་ཡོད་མེད་པའི། ། བླང་དོར་བློ་གྲོས་ལྡན་པ་མཁས། ། རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། ། ཁབ་ལེན་རྡོ4ཡིས་ལེན་པར་ཤེས། ། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། ། གོ་ཡི་བླུན་པོས་དེ་ལྟ་མིན། ། ཉི་མའི་འོད་ཟེར་ཤར་བ་ན། ། འབྱུང་བོའི་བྱ5རྣམས་ལོང་བར་འགྱུར། ། ཤེས་རབ་ལྡན་པས་ཉེས་པ་དག ། སེལ་བར་ནུས་ཀྱི་བླུན་པོས་མིན། ། ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། ། གསོད་པར་ནུས6ཀྱི་ཁྭ་ཏས་མིན། ། བློ་གྲོས་ཆེན་པོ་རྒུད་ན་ཡང་། ། ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། ། རི་དྭགས་རྒྱལ་པོ་བཀྲེས་པ་ན། ། གླང་ཆེན་སྤྱི་བོ་མྱུར་དུ་འགེམས། ། མཁས་པ་བརྩད་ཅིང་མ་དྲིས་པ། ། དེ་ཡི་བར་དུ་གཏིང་མི་དཔོག ། རྔ་ལ་དབྱུག་གུས་མ་བསྣུན་པ། ། དེ་སྲིད་གཞན་དང་ཁྱད་ཅི་ཡོད། ། རིག་པ་ནངས་པར་འཆི་ཡང་བསླབ། ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། ། ནོར་ལ་རང་ཉིད་ལེན་པ་འདྲ། ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། ། མ་བསྡུས་པར་ཡང་རང་ཉིད་འདུ། ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། ། མཁས་པ་ཡོན་ཏན་ཀུན་བསླབས་པ། ། མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། ། བློ་ངན་ཤེས་པ་མང་ན་ཡང་། ། རྒྱུ་སྐར་བཞིན་དུ་གསལ་མི་ནུས། ། མཁས་པ་ཡོན་ཏན་དཔག་མེད་ཀྱང་། ། གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། ། དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། ། མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། ། མཁས་པ་ཤེས་རབ་ཀྱིས་བསྲུངས་ན། ། དགྲ་བོ་མང་ཡང་ག་ལ་ཚུགས7། ། འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། ། གཅིག་པུ་དགྲ་བོའི་ཚོགས་ཀུན་བཅོམ། ། བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ། ། བློ་ལྡན་ཐབས་ཀྱིས་བདེ་བར་གསོ། ། ཆུ་ཀླུང་རྙོག་པས་ཆུད་གཟན་པ། ། ཆུ་དྭངས་ནོར་བུས་དྭངས་པར་བྱེད། ། མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། ། བླུན་པོ་འཇུག་པའི་ལམ་མི་འགྲོ། ། ཆར་སྡོད་བྱེའུ8སྐོམ་ན་ཡང་། ། ས་ལ་བབས་པའི་ཆུ་མི་འཐུང་། ། ཤེས་རབ་ལྡན་པ་མགོ་བསྐོར་ཡང་། ། བྱ་བའི་ཆ་ལ་རྨོངས་མི་འགྱུར། ། སྲོག་ཆགས་གྲོག་མ་མིག་མེད་ཀྱང་། ། མིག་ལྡན་གཞན་ལས་ལྷག་པར་མགྱོགས། ། བློ་གྲོས་ལྡན་པ་གཉིས་བགྲོས་ན། ། བློ་གྲོས་ལེགས་པ་གཞན་འབྱུང་སྲིད། ། ཡུང་བ་དང་ནི་ཚ་ལ་ལས། ། ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། ། ཁོང་མཛངས་བསོད་ནམས་བསགས་པའི་མི། ། གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། ། རི་དྭགས་རྒྱལ་པོ་སེང་གེ་དང་། ། འཁོར་ལོས་བསྒྱུར9ལ་གྲོགས་མི་དགོས། ། ཐབས་ལ་མཁས་ན་ཆེན་པོ་ཡང་། ། བྲན་དུ་བཀོལ་བར་ག་ལ་དཀའ། ། མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། ། གོས་སེར་ཅན་གྱི་བཞོན་པར་འགྱུར10། ། འཇིག་རྟེན་འདི་དང་ཕ་རོལ་གྱི། ། བདེ་བ་བསྒྲུབ་པ་ཤེས་རབ་ཡིན། ། རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། ། བྲན་བཟང་འདི་དང་ཕྱི་མར་བསྐྱབས། ། དཔའ་ཞིང་མཐུ་རྩལ་ཆེ་ན་ཡང་། ། མཁས་པ་མིན་པས་དཔའ་མི་འཐོབ། ། འབྱོར་བ་ཐོབ་པར་གྱུར་ན་ཡང་། ། བསོད་ནམས་མེད་ན་ག་ལ་རྟག ། ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། ། འདྲེས་པ་འབྱེད་ཤེས་མཁས་པ་ཡིན། ། ཆུ་ལས་འོ་མ་ངང་བས་ཕྱེད། ། བ་ལས་འོ་མ་ཀུན་གྱིས་ལོངས། ། སྨྲས་ཤིང་བསྐུལ་པར་གྱུར་པ་ན། ། དུད་འགྲོ་ལ་ཡང་གོ་བ་སྐྱེ། ། མ་བསྐུལ་གཞན་གྱིས་མ་སྨྲས་པར། ། བསམ་པ་ཤེས་ན་མཁས་པ་ཡིན། ། བློ་དང་ལྡན་ན་མ་སྨྲས་ཀྱང་། ། རྣམ་འགྱུར་ཉིད་ལས་བསམ་པ་གོ། ། བལ་བོའི་སེའུ་མ་ཟོས་ཀྱང་། ། ཁ་དོག་ཉིད་ལས་བྲོ་བ་ཤེས། ། མཁས་པ་རང་གི་ཡུལ་བས་ཀྱང་། ། ཡུལ་ཁམས་གཞན་ན་མཆོད་པ་ཐོབ། ། ནོར་བུ་གཞན་དུ་བྲིན་པ་ཙམ། ། རྒྱ་མཚོའི་གླིང་དུ་ག་ལ་བྲིན། ། མཁས་པ་སློབ་པའི་དུས་ན་སྡུག ། བདེ་བར་སྡོད་ལ་མཁས་མི་སྲིད། ། བདེ་བ་ཆུང་ལ་ཆགས་པ་ཡིས། ། ཆེན་པོའི་བདེ་བ་འཐོབ་མི་སྲིད། ། བློ་དང་ལྡན་ན་ཉམ་ཆུང་ཡང་། ། སྟོབས་ལྡན་དགྲ་ཡིས་ཅི་བྱར་ཡོད། ། རི་དྭགས་རྒྱལ་པོ་སྟོབས་ལྡན་པ། ། རི་བོང་བློ་དང་ལྡན་པས་བསད11། ། སེམས་ཅན་གཞན་དང་རྗེས་མཐུན་པའི། ། སྤྱོད་པ་ཤེས་ན་མཁས་པ་ཡིན། ། དུད་འགྲོ་ཡིན་ཡང་རིགས་མཐུན་རྣམས། ། ཁྱུ་གཅིག་ཏུ་ནི་མི་གནས་སམ། ། ངེས་པར་འབྱུང་བའི་བྱ་བ་དགའ། ། མ་གྲུབ་པ་ན་དཔྱོད་པའི་ཚེ། ། མཁས་རྨོངས་གཉིས་ཀྱི་ཁྱད་པར་ཤེས། ། གྲུབ་ནས་དཔྱོད་པ་བླུན་པོའི་ཚུལ། ། མཁས་པ་རྣམས་ཀྱིས་དཔྱད་པ་ཡི། ། ཤེས་བྱ་ཤེས་ན་མཁས་པར་བགྲང་། ། བ་ལང་རྒན་གཞོན་དཔྱོད་པ་ལ། ། བླུན་པོ་མཁས་ཀྱང་ཡོན་ཏན་མིན། ། རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་། ། རྒྱལ་པོའི་བང་མཛོད་ནོར་གྱིས་མིན། ། འདོད་ཡོན་སྤྱད་པས་མི་ངོམས་ཏེ། ། མཁས་པ་ལེགས་བཤད་ཀྱིས་མི་ངོམས། ། ལེགས་བཤད་བྱིས་པ་དག་ལས་ཀྱང་། ། མཁས་པ་རྣམས་ནི་ཡོངས་སུ་ལེན། ། དྲི་ཞིམ་བྱུང་ན་རི་དྭགས་ཀྱི། ། ལྟེ་བ་ལས་ཀྱང་གླ་རྩི་ལེན། ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས་མཁས་པ་བརྟག་པ་སྟེ་རབ་ཏུ་བྱེད་པ་དང་པོའོ། ། fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
2 མཆན་འགྲེལ།

1.ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བ་ནི་ཡོངས་གྲགས་སུ《ས་སྐྱ་ལེགས་བཤད》ཅེས་པ་དུས་རབས་བཅུ་གསུམ་པར་ས་སྐྱ་པཎ་ཆེན་གྱིས་མཛད་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤིག་ཡིན། བརྗོད་བྱ་ཁྱོན་སྡོམ་རབ་བྱེད་དགུ་རུ་དབྱེ་སྟེ། དང་པོ་མཁས་པ་བརྟག་པ། གཉིས་པ་ཡ་རབས་བརྟག་པ། གསུམ་པ་བླུན་པོ་བརྟག་པ། བཞི་བ་སྤེལ་མ་བརྟག་པ། ལྔ་བ་ངན་སྤྱོད་བརྟག་པ། དྲུག་པ་རང་བཞིན་གྱི་ཚུལ་བརྟག་པ། བདུན་པ་མི་རིགས་པའི་ཚུལ་བརྟག་པ། བརྒྱད་པ་བྱ་བ་བརྟག་པ། དགུ་བ་ཆོས་བརྟག་པ་བཅས་དགུ་ཡོད་དོ། ། རྗོད་བྱེད་ཀྱི་ཆ་ལ་དཔེ་དཔེ་ཅན་གཉིས་ཅི་རིགས་སྦྱར་ཏེ་ཚིག་བདེ་ཞིང་དོན་གསལ་བ། རྩོམ་སྟངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་བས། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་དུས་རབས་ཀྱི་ཁྱད་ཆོས་མཚོན་བྱེད་ཀྱི་རྩོམ་ཡིག་གལ་ཆེའི་གནས་སུ་འགོད། ། fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

2.དྲང་སྲོང་རྒྱས་པ་གྲོག་མཁར་པ། སྔར་རྒྱ་གར་དུ་བྱུང་བའི་ཕྱི་རོལ་པའི་དྲང་སྲོང་རྒྱས་པ་དང་གྲོག་མཁར་རྣམ་གཉིས་ཏེ། རྒྱས་པ་ནི་ཕྱི་རོལ་པའི་གྲུབ་མཐའ་གཅེར་བུ་བའི་སྟོན་པར་གྲགས་པ་དང་། གྲོག་མཁར་ནི་གྲོག་མའི་མཁར་དུ་དཀའ་ཐུབ་གྲུབ་པའི་དྲང་སྲོང་ཞིག་སྟེ་ཕྱི་རོལ་རྒྱང་འཕེན་པའི་སྟོན་པ་ཡིན་པར་གྲགས་སོ། །fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

3.རྐང་མིག ཕྱི་རོལ་པའི་གྲུབ་མཐའ་རིག་པ་ཅན་པའི་སྟོན་པ་སྟེ། ཕྱི་རོལ་པའི་གཏམ་རྒྱུད་དུ། སྔར་དྲང་སྲོང་མཛེས་པ་ཞེས་བྱ་བ་ཞིག་ལྷ་དབང་ཕྱུག་གིས་ལྷ་མོ་ཨུ་མའི་སྲུང་མར་བཞག་པ་ན། ཨུ་མ་དྲང་སྲོང་ལ་ཆགས་པས་སྒེག་པའི་རྣམ་འགྱུར་མང་དུ་བསྟན་ཀྱང་། ཁོང་གིས་རྐང་བར་མིག་ཕབ་སྟེ་བརྟུལ་ཞུགས་བསྲུངས་པས་ལྷ་དབང་ཕྱུག་མཉེས་ཏེ་བསྟན་བཅོས་རྩོམ་པའི་མཆོག་སྦྱིན་ནས་དྲང་སྲོང་རྐང་མིག་པ་ཞེས་ཕྱི་རོལ་པའི་སྟོན་པར་གྱུར་ནས་ཕྱོགས་ཆོས་ཀྱི་ཚིགས་དགུ་སོགས་གཏན་ཚིགས་རིག་པའི་སྲོལ་བཏོད་ཅེས་གྲགས།  fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

4.ཁབ་ལེན་རྡོ། རྡོ་སྨན་རིགས་ཤིག་སྟེ། ལྕགས་རིགས་འདྲེན་ནུས་པའི་ཡོན་ཏན་གྱིས་རྡོ་ཁབ་ལེན་ཟེར།  fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

5.འབྱུང་བོའི་བྱ། སྲིན་བྱ་སྟེ། བྷཱུཏ་ཞེས་པའི་གནོད་བྱེད་གདོན་བགེགས་ཀྱི་བྱ་ཡིན་པས་ན་འབྱུང་བོའི་བྱ་ཞེས་ཟེར་རོ། །fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

6.ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ་གསོད་པར་ནུས། ནམ་མཁའ་ལྡིང་སྟེ་བྱ་ཁྱུང་གིས་ཀླུའི་རིགས་གསོད་པའམ་ཟ་བར་གྲགས་ལ། དེ་ཡང་རྒྱ་གར་ཕྱི་རོལ་པའི་གཏམ་རྒྱུད་དུ། སྔོན་རྒྱལ་པོ་ཞིག་ལ་བཙུན་མོ་འདུལ་བྱེད་མ་དང་བཀྲ་ཤིས་མ་ཞེས་པ་གཉིས་ཡོད་དེ། ལན་གཅིག་བཙུན་མོ་གཉིས་ཉི་མའི་ཤིང་རྟ་མཐོང་བས། འདུལ་བྱེད་མས་དཀར་པོ་དང་བཀྲ་ཤིས་མས་ནག་པོ་ཡིན་ཞེས་རྩོད་ཅིང་རྒྱལ་བྱས་ཏེ། གང་བདེན་པ་རྒྱལ་པོའི་བཙུན་མོ་དང་མི་བདེན་པ་གཡོག་མོ་བྱེད་པ་བྱས། དེ་ནས་ཀླུ་ཞིག་ཡོད་པ་ལ། བཀྲ་ཤིས་མས་བསྙེན་བཀུར་བགྱིས་ཏེ། ཁྱོད་ཀྱིས་ཉི་མའི་ཤིང་རྟ་ནག་པོར་མཐོང་བར་གྱིས་ཤིག་བྱས་པས་དེས་ཁས་བླངས་སོ། ། དེ་ནས་བཙུན་མོ་གཉིས་ལྷན་དུ་ཀླུ་དེའི་གནས་སར་ཕྱིན་ཏེ་དྲིས་པས། ཉི་མའི་ཤིང་རྟ་ནག་པོ་ཡིན་བྱས་པས་འདུལ་བྱེད་མ་གཡོག་མོ་བྱེད་དགོས་པ་བྱུང་བས་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་ན། དྲང་སྲོང་སྐར་མིག་གིས་སྒོ་ང་གསུམ་བྱིན་ཏེ། འདིས་ཁྱོད་ལ་ཕན་པར་འགྱུར་གྱིས། ཞག་བདུན་རིང་མ་བརྟོལ་ཞིག་ཟེར་རོ། ། དེ་འདོད་པ་མྱུར་བས། ཉི་མ་གསུམ་ན་གཅིག་བརྟོལ་པ་ན། སྐར་མ་སྐྱ་རེངས་སུ་སོང་ངོ་། ། བདུན་པ་ན་གཅིག་བརྟོལ་པ་དང་བྱ་ཁྱུང་དུ་སོང་སྟེ་མ་ལ་ཕྱག་བྱས་ཏེ། ཁྱོད་ཀྱི་བྱ་བ་གང་དགོས་པ་བདག་གིས་བྱའོ་ཞེས་ཟེར་རོ། ། ཀླུ་ཡིས་ཉེས་པས་ཀླུ་རྣམས་མེད་པར་གྱིས་ཤིག་ཅེས་སྨྲས་ཏེ། དེ་ནས་བྱ་ཁྱུང་གིས་ཀླུ་རྣམས་ཟ་བར་བྱེད་དོ་ཞེས་གྲགས་སོ། ། fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

7.ཚུགས། འཛུགས་པ་དང་། འཚོ་ཟིན་པ་དང་། འཚེ་བ་བཅས་དོན་དུ་མ་ལ་འཇུག་སྟེ། འདིར་འཚེ་བའམ་གནོད་པའི་དོན།  fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

8.ཆར་སྡོད་བྱེའུ། དབྱངས་ཅན་དགའ་བློས་མཛད་པའི《ས་སྐྱ་ལེགས་བཤད་སོགས་ཀྱི་བརྡ་དོན་བཀྲོལ་བ》ལས། ཆར་སྡོད་བྱེའུ་ནི། འགའ་ཞིག་རྨ་བྱ་དང་གོང་མོ་ལ་བཤད་པ་དང་། ལ་ལས་ཁུ་བྱུག་ཡིག་ཟེར་བ་སོགས་ཡོད་ཀྱང་། མངོན་བརྗོད་མང་པོ་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་མཆན་དུ་དཔང་ལོ་ཙཱ་པས་ཁུག་རྟ་ཡིན་པར་བཤད་དེ། ཁུག་རྟ་ལ་ཆར་སྡོད་བྱེའུ་དང་། སཱ་རངྣ་དང་། ཙ་ཏ་ཀ་དང་། ཆར་དགའ་དང་། སྤྲིན་ལ་སློང་ཞེས་པ་སོགས་མིང་གི་རྣམ་གྲངས་མང་དུ་གསུངས་ཤིང་ཕལ་སྐད་ལ་ཁ་ལ་ཡུག་ཟེར་རོ་ཞེས་གསུངས་སོ། ། fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

9.འཁོར་ལོས་བསྒྱུར། འཁོར་ལོས་བསྒྱུར་པའི་རྒྱལ་པོ་སྟེ། མིའི་ཚེ་ལོ་གྲངས་མེད་ནས་བརྒྱད་ཁྲི་ཡན་ཆད་ལ་བྱོན། དེ་མན་ཆད་ལ་མི་བྱོན་ཏེ། དེའི་ལུས་དང་ཡོ་བྱད་དང་། འདུལ་བའི་སྐྱེ་བོ་ལ་སོགས་མི་རྫོགས་པར་གྲགས་སོ། །fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

10.མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། ། གོས་སེར་ཅན་གྱི་བཞོན་པར་འགྱུར། ། ཞེས་པ་ནི། བྱ་ཁྱུང་ཆེན་མཐུ་རྩལ་ཆེ་ཡང་གོས་སེར་ཅན་ཏེ་ལྷ་ཁྱབ་འཇུག་གི་བཞོན་པར་འགྱུར་རོ་ཞེས་པའོ། ། དེ་ཡང་འདི་ལྟར་གྲགས་ཏེ། སྔོན་བྱ་ཏྲི་ཏྲིའི་སྒོ་ང་རྒྱ་མཚོའི་འགྲམ་ན་ཡོད་པ་དེ་ཆུ་ཡི་རླབས་ཀྱིས་མཚོ་ནང་དུ་ཁྱེར་སོང་། དེར་རྒྱ་མཚོ་ཟད་པར་འདོད་པས་གཤོག་པ་ཆུར་བཅུག་ཅིང་འདོན་པས། དྲང་སྲོང་ཞིག་ན་རེ། དུད་འགྲོ་མཐུ་ཆུང་ངོ་ཟེར་བས། བྱ་ཁྱུང་དེ་ན་གནས་པས་ཐོས་ཏེ་ཁྲོས་ནས་འདབ་མ་ཕྱེད་ཀྱིས་རྒྱ་མཚོ་བཀབ། ཕྱེད་ནམ་མཁའ་ལ་འཕྱར་བས། ཀླུ་རྣམས་སྐྲག་སྟེ་དེ་མ་ཐག་ཏུ་གཏད་དོ། ། དེ་ནས་ལྷ་རྣམས་ཀྱང་སྐྲག་པ་ན། ཁྱབ་འཇུག་གིས་དྲང་སྲོང་རིད་པ་ཞིག་ཏུ་སྤྲུལ་ནས་དེའི་དྲུང་དུ་ཕྱིན་པ་ན། དེ་ཡང་བརྩེ་བ་སྐྱེས་སོ། ། དེ་ལ་དྲང་སྲོང་གིས་སྨྲས་པ། བདག་གི་བྱ་བ་དོན་ཆེན་པོ་ཞིག་ཡོད་པ་ལ་ལུས་ཀྱིས་མི་བསྐྱོད་པས་ཁྱོད་ཀྱིས་སྒྲུབས་ཤིག་ཅེས་སྨྲས་སོ། ། དེ་བདག་གིས་བྱའོ་ཞེས་ཁས་བླངས་པ་ན་མནའ་ལ་ཅུག་སྟེ་འགྱུར་བ་མེད་པར་བྱས་སོ། ། དེ་ནས་ཁྱོད་ཀྱིས་བདག་ལྷ་ཡུལ་དུ་ཁུར་ཅིག་ཅེས་བྱས་སོ། ། དེ་ནས་བྱ་ཁྱུང་ཁྱབ་འཇུག་གི་བཞོན་པར་གྱུར་པར་སྨྲས་སོ། །fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

11.རི་དྭགས་རྒྱལ་པོ་སྟོབས་ལྡན་པ།  ། རི་བོང་བློ་དང་ལྡན་པས་བསད། ། ཅེས་པ་ནི། དེ་ཡང་འདི་ལྟར་གྲགས་ཏེ། སྔོན་སེངྒེ་དང་རི་བོང་ཞིག་འགྲོགས་ཤིང་སྤྱོད་ལམ་མཐུན་པར་གནས་པ་ན། སེངྒེ་ནི་རང་བཞིན་གྱིས་ང་རྒྱལ་དང་སྟོབས་ཆེ་ལ། རི་བོང་སྟོབས་ཆུང་བས་དེ་ལ་སེངྒེས་ཡང་ཡང་བརྙས་ཤིང་གཙེས་པ་ན། མ་བཟོད་ཀྱང་རེ་ཞིག་བྱ་ཐབས་ཟད་དེ་གནོད་ལན་འཇལ་བའི་ཐབས་བསམས་པ་ན་ཐབས་ཤིག་རྙེད་ནས་སྨྲས་པ། ཀྭ་ཡེ་ཇོ་བོ་ཕྱོགས་ཤིག་ན་ཇོ་བོ་ཉིད་དང་འདྲ་བའི་སེམས་ཅན་ཞིག་འདུག་སྟེ། འདི་སྐད་དུ་ང་དང་སྟོབས་འགྲན་ནུས་ན་འགྲན་དུ་ཤོག དེ་ལྟ་མིན་ན་ངའི་བྲན་ཡིན་ནོ། ། ཞེས་ཁེངས་གཏམ་འཛེམ་མེད་དུ་སྨྲ་བ་ཞིག་འདུག་ཟེར་བས། སེངྒེ་ཤིན་ཏུ་ང་རྒྱལ་ཏེ་དེ་ལྟ་བུ་གང་ན་འདུག་སྟོབས་འགྲན་དུ་འགྲོའོ། ། ཞེས་རི་བོང་ཁྲིད་དེ་སོང་ནས་ཁྲོན་པ་གཏིང་ཟབ་པ་ཞིག་བསྟན་ཏེ་ཕ་གིའི་ནང་ན་མཆིས་ཟེར། སེངྒེས་ཁྲོན་པའི་ཁ་ནས་བལྟས་པས་ཆུ་ནང་དུ་རང་གི་གཟུགས་བརྙན་མཐོང་བ་དགྲ་ཟླར་བསམས་ཏེ། དེ་ལ་ཁྲོས་འཁྲུགས་རྔམ་སྟེ། གཡུ་རལ་གསིག་འཁྲབ་ཅིང་མཆེ་བ་གཙིགས་པ་སོགས་རྣམ་འགྱུར་སྣ་ཚོགས་བསྟན་པ་ན། དེ་ཡང་དེ་ལྟར་བྱེད་ཅིང་འདུག་པས་སེངྒེ་ང་རྒྱལ་དང་ཞེ་སྡང་གིས་རྦད་དེ་ཁྲོན་པའི་ནང་དུ་མཆོངས་པས་རང་ཉིད་ཤི་བར་གྱུར་ཏོ། །fCy康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论