《རྒྱལ་དར་འོག་གི་གཏམ་བཤད།》——ཉར་ཚགས་བྱོས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

《རྒྱལ་དར་འོག་གི་གཏམ་བཤད།》——ཉར་ཚགས་བྱོས།

ཡོང་ཁུངས། :   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2022-11-14 17:19:04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

015Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཚེ་སྲོག་ནི་འུ་ཅག་གི་ཡོད་ཚད་ཡིན།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཚེ་སྲོག་ནི་སེམས་ཅན་ཐུན་མོང་གསོན་ཞིང་གནས་པ་དབུགས་དང་བཅས་པའི་མིང་ལ་ཟེར། ཚེ་སྲོག་ནི་སེམས་ཅན་ཀུན་གྱི་ཡོད་ཚད་དེ། སྲོག་མ་མཆིས་ན་ལུས་མ་མཆིས། ལུས་མ་མཆིས་ན་ཟས་མ་མཆིས། ཟས་མ་མཆིས་ན་སྲོག་ཀྱང་མ་མཆིས་པས་ཚེ་སྲོག་ནི་འདི་ལྟར་རྒྱུ་རྐྱེན་རྟེན་འབྲེལ་གྱིས་གྲུབ་པ་ཞིག་ཀྱང་ཡིན་ཞེས་ངོས་འཛིན་ཆོག དེའི་ཕྱིར། ཚེ་སྲོག་ལས་གལ་ཆེ་བ་ཞིག་ཀྱང་མེད་ལ། ཚེ་སྲོག་གིས་ད་གཟོད་འཇིག་རྟེན་འདི་ལ་ལེགས་སྐྱེས་སྩོལ་བའི་སྐབས་དང་། དགའ་བ་དང་སྤྲོ་བ། ཕན་པ་དང་བདེ་བ་བསྐྲུན་པའི་གོ་སྐབས་ཀྱང་ཡོད། འདི་ལྟ་བུའི་ཚེ་སྲོག་ཡོད་པ་དང་གནས་པ་ནི་ཇི་འདྲའི་རིན་ཐང་ལྡན་ལ་ཇི་འདྲའི་གཟི་བརྗིད་ཆེ་བ་ལ། ལྡོག་སྟེ་ཚེ་སྲོག་ཡོད་པ་འདྲ་ཡང་། རང་གཞན་གཉིས་ཀར་གནོད་པ་སྟེ་རལ་གྲི་སོ་གཉིས་མ་ལྟ་བུའི་ཚེ་སྲོག་ནི་འཇིག་རྟེན་འདིར་བགྲང་གིས་མི་ལངས་པ་ཞིག་ཀྱང་ཡོད། ད་གཟོད། ང་ཚོའི་མིའི་ཚེ་སྲོག་ལ་མཚོན་ན་ཚེ་སྲོག་གཞན་ལས་སྤྱོད་སྒོ་དང་ནུས་པ་དཔེ་མེད་ཆེ་ཡང་། སྟོབས་དང་ཟིལ་ཤུགས་ཀྱང་ཡ་མཚན་པ་ཡིན། མིའི་ཚེ་སྲོག་གི་རྟེན་བྱེད་པའི་མི་ལ་ལས་ཚེ་སྲོག་གི་རིན་ཐང་མ་རྟོགས་ཚེ་སྲོག་ནི་རྩེད་ཆས་སུ་གྱུར་དང་འགྱུར་བཞིན་པ་ཡང་ཡོད་དེ། དེ་འདྲའི་ཚེ་སྲོག་ནི་ཡོད་ན་ཡོད་གོ་མི་ཆོད་ལ་མེད་ན་མེད་གོ་མི་ཆོད། ད་གཟོད་ལ་ལར་ཚེ་སྲོག་གསོན་ཡང་ཤི་བོ་དང་འདྲ་ལ། ལ་ལའི་ཚེ་སྲོག་འགག་ཀྱང་གསོན་པ་དང་འདྲ། གནས་ལུགས་འདིས་ཀྱང་ཚེ་སྲོག་གི་བར་ཁྱད་ངང་གིས་རྟོགས་ཐུབ། གལ་ཏེ་ཚེ་སྲོག་ཡོད་བཞིན་ཚེ་སྲོག་གི་རིན་ཐང་དུས་ཚོད་དམ་འཛིན་གྱིས་ཏེ་འཚོལ་དགོས་པ་ལས། དུས་ཚོད་ནི་ཤོར། རང་བཞིན་གྱིས་རྒས་པའི་ལམ་དུ་བསྐྱོད་པ་ན་ཚེ་སྲོག་རྟེན་བྱེད་པའི་ཕུང་བོའི་།དངས་དང་ལུས་ཀྱི་ཟུངས་ཀྱང་རང་བཞིན་གྱིས་ཟད་འགྲོ། ཡང་གཅིག་བཤད་ན། ཚེ་རིང་བ་དང་སྲོག་བདེ་བར་འདོད་ན་ནད་རིམས་སྔོན་འགོག་ཀྱང་ངེས་པར་བྱེད་དགོས་ཏེ། ལུས་ཁམས་དང་སེམས་ཁམས་བདེ་སྐྱིད་མ་ཡོད་ན་ཚེ་སྲོག་ཀྱང་ཡུན་རིང་འདིར་འཚོ་སྡོད་བྱེད་ཁག་པོ་རེད་དོ། ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཚེ་སྲོག་གཞན་ཞིག་ནི་སྐྱེ་དངོས་ཚེ་སྲོག་སྟེ། སའི་གོ་ལ་ནི་ཚེ་སྲོག་ཀུན་གྱི་མ་ཡུམ་དང་། དྭངས་གཙང་གི་ཆུ་བོ་ནི་ཚེ་སྲོག་གི་ཁྲག་རྒྱུན་ཡིན་ཏེ། མ་ཡུམ་གྱི་ཁྲག་ཟད་ཚེ་ཚེ་སྲོག་གི་བུ་ག་རེ་རེར་འབུས་པའི་སྐྱེ་དངོས་རྩི་ཤིང་འཚོ་ཐབས་ཡེ་ནས་མེད། སྐྱེ་དངོས་ཀྱི་ཁམས་འཁྲུག་པ་དང་གཏོར་བརླག་བར་མེད་བྱུང་ཚེ་མ་ཡུམ་སྟེ་སའི་གོ་ལའི་ཚེ་སྲོག་ག་འདྲར་གནས་མིན་ང་ཚོས་ད་ནས་བཟུང་སྟེ་འདང་རྒྱག་དགོས་པའི་བྱ་བ་གལ་ཆེན་དུ་སེམས། ཚེ་སྲོག་འདི་དག་ཁ་ལོ་བསྒྱུར་མཁན་ནི་མིའི་ཧམ་སེམས་དང་སྒེར་འཛིན་ལ་རག་ལས་པས། ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་འཆམ་མཐུན་ཡོང་དགོས་པར་འདོད་ན་དང་པོ་རང་གི་སྒེར་སེམས་ཀྱི་སྒོ་བཀག་སྟེ་ཚེ་སྲོག་གི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་མ་ཡིན་ནམ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

025Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སེམས་ཁམས་གཙང་ན་ཁོར་ཡུག་གཙང་བར་འགྱུར།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འདིར་བཞུགས་ཀྱི་དགེ་སློབ་ལྷན་རྒྱས། ཞོགས་པ་བདེ་ལེགས། ང་ནི་དམའ་གཅིག་འཛིན་གྲྭ་གསུམ་པའི་སློབ་མ་རྣམ་རྒྱལ་འཚོ་ཡིན།  ངའི་གཏམ་བཤད་ཀྱི་ཁ་བྱང་ལ་སེམས་ཁམས་གཙང་ན་ཁོར་ཡུག་གཙང་བར་འགྱུར་ཞེས་པ་དེ་ཡིན།  5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་ཚོའི་འགྲོ་བ་མི་རྣམས་གཙོས་སྲོག་ཆགས་ཡོད་དོ་ཅོག་འཚོ་སྡོད་བྱེད་སའི་གནས་ནི་རང་བྱུང་ཁོར་ཡུག་ཡིན་ལ། རང་བྱུང་ཁོར་ཡུག་ནི་མིའི་རིགས་ཀྱི་འཚོ་གནས་འཕེལ་རྒྱས་ཀྱི་ཕྱོགས་སུ་ཆེས་ཤུགས་རྐྱེན་ཟབ་ཤོས་དང་འབྲེལ་ལམ་ཆེས་གཙོ་བོ་དེ་ཡིན། ང་ཚོ་ནི་ཆུ་དང་ས་གཞི། སྐྱེ་དངོས། ནམ་ཟླ་སོགས་རང་བྱུང་ལ་ཐད་ཀར་རྟེན་གཞིར་གྱུར་བ་དང་། ཡང་ན་སྤྱིའི་སྤུས་ཚད་དང་ཁ་གྲངས་ལ་འབྲེལ་བའི་སྤྱི་མིང་ལ་གོ་བ་དེས་ཀྱང་ར་སྤྲོད་ཐུབ། དེའི་ཕྱིར། རང་བྱུང་ཁོར་ཡུག་གི་གནད་དོན་ནི་མིའི་གནད་དོན་ཆེ་ཤོས་ཡིན་ལ། མིའི་གནད་དོན་དེ་ཡང་སྐྱེ་ཁམས་བསྒྱུར་བཀོད་དང་བེད་སྤྱོད་ཀྱི་ཐབས་ལམ་ལས་མངོན་པ་ཡིན། ད་གཟོད་སྐྱེ་ཁམས་དག་གཙང་ཡོང་མིན་ནི་གཙོ་བོ་མིའི་སེམས་ཁམས་ཀྱི་སྟེང་ན་ཡོད་པ་ཞུ་མ་དགོས། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སྐྱེ་ཁམས་ནི་སྐྱེ་དངོས་ཕན་ཚུན་གྱི་བར་དང་དེ་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་བར་གྱི་འབྲེལ་བ་ལ་གོ་བ་ན། ང་ཚོའི་སློབ་རའི་གྲྭ་དང་གྲུ་ག་གང་ཡིན་ཡང་སྐྱེ་ཁམས་དང་ཁོར་ཡུག་གཉིས་ཀྱི་འབྲེལ་བར་མཐུད་ཡོད་དེ། དེ་ནི་མིས་བཟོས་པའི་ཁོར་ཡུག་གི་ཐོན་ཁུངས་དང་མིས་མ་བཟོས་པའི་མ་བཅོས་རང་བྱུང་གི་ཐོན་ཁུངས་གཉིས་ལས་སྦགས་བཙོག་གི་རྒྱུ་རྐྱེན་ལ་འཕྲད་ཀྱིན་ཡོད།  གནད་དོན་འདི་དག་ལ་རྟེན་ཅིང་འབྲེལ་འབྱུང་གིས་གོང་རིམ་གྱིས་བཏོན་པའི་ཁོར་སྲུང་གི་བྱ་བ་དང་བཅོས་སྐྱོང་གི་ཐད་ནས། རི་ཐམས་ཅད་གསེར་རི་དངུལ་རི་ལྟ་བུའི་འདུ་ཤེས་དང་། སྐྱེ་ཁམས་ཐམས་ཅད་ལྷད་མེད་དག་གཙང་ཡོང་བའི་སྐུལ་མ་བཏང་བ་ནས་བཟུང་ཁོར་ཡུག་གཅེས་སྐྱོང་གི་འདུ་ཤེས་དེ་ནི་ཆུང་བྱིས་པ་ནས་རྒན་མགོ་དཀར་བར་གྱི་འགན་འཁྲི་ཞིག་ཡིན་པས་ང་ཚོའི་སློབ་གྲོགས་རྣམས་ཀྱིས་གནོད་པ་མེད་པའི་རྣམ་གྲངས་ལྔ་ལ་བརྩི་སྲུང་བྱ་དགོས།  5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གཅིག   གད་སྙིགས་མེད་པ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གད་སྙིགས་ནི་གད་སྙིགས་རང་ངོས་ནས་ཡོང་བ་མ་ཡིན་ཏེ། དེ་ནི་མིའི་བྱ་སྤྱོད་ལས་བྱུང་བའི་གད་སྙིགས་ཤིག་ཡིན་ལ། གད་སྙིགས་དེ་ཡང་མི་སེམས་ཀྱིས་བསྐྲུན་པའི་གད་སྙིགས་ཡིན་པས། ང་ཚོ་རང་སྟེང་ནས་གད་སྙིགས་མེད་པར་གཏོང་དགོས། སློབ་མ་རེ་རེ་གད་སྙིགས་འཐུ་མཁན་རེ་རེར་གྱུར་བའི་དུས་སུ་ད་གཟོད་གད་སྙིགས་མེད་པའི་སློབ་ར་ཞིག་ཏུ་གྱུར་བ་རེད་ཅེས་བརྗོད་ཆོག 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གཉིས། འགྱིག་ཤོག་མེད་པ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཞིང་སྤྱོད་འགྱིག་ཤོག་བསྡུ་ལེན་ལག་བསྟར་གཏིང་ཟབ་ཏུ་བཏང་བར་མ་ཟད། ནུབ་བྱང་ས་ཁུལ་དུ་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུའི་དཔེ་སྟོན་རྫོང་ཁག100བཙུགས་ཡོད་པར་བཤད། རྒྱལ་ཡོངས་སུ་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བྱེད་ཚད80%ཟིན་པ་དང་། འགྱིག་ཤོག་སྦག་བཙོག་གི་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་མངོན་གསལ་བྱུང་ཡོད་ཅེས་བསྒྲགས་ཡོད། དེ་བཞིན་ང་ཚོའི་ཀན་ལྷོ་ས་ཁུལ་གཙོས་རང་ས་གནས་སོགས་སུ་དག་གཙང་གི་དཔེ་སྟོན་ས་ཁུལ་ལ་བརྩོན་པར་བྱེད་ཀྱིན་པས་ང་ཚོའི་སློབ་གྲོགས་རྣམས་ཀྱིས་དྭངས་གཙང་གི་སློབ་རའི་ཁོར་ཡུག་ཅིག་ལ་འབད་པ་བྱ་རྒྱུ་དེ་དུས་ཀྱི་འགན་འཁྲི་ཞིག་ཡིན་པས། ཚང་མས་གནོད་པ་ཅན་གྱི་འགྱིག་ཤོག་བེད་སྤྱོད་མི་བྱེད་རྒྱུ་དེ་གལ་ཆེན་ཞིག་ཏུ་གྱུར། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གསུམ། ཆུད་ཟོས་མེད་པ།  5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་ཚོའི་འཚོ་བ་ནི་འབད་མེད་ངང་གིས་བྱུང་བ་ཡེ་ནས་མིན་ཏེ།  དེ་ནི་རྒྱལ་ཁབ་དང་མི་དམངས་ཀྱི་རྩོལ་བའི་འབྲས་བུ། ཕ་མའི་རྔུལ་ཁྲག་ལས་བྱུང་བའི་རིན་ཐང་དང་འབྲེལ་བ་ཟབ་མོར་ཡོད། ཡང་གཅིག་བཤད་ན་འཚོ་བ་ལ་རྒྱས་སྤྲས་མེད་ཅིང་ཟས་ལ་གྲོན་ཆུང་བྱེད་པ། ཆུད་ཟོས་སུ་གཏོང་བར་མཐའ་གཅིག་ངོ་རྒོལ་བྱེད་དགོས་ཞེས་གཙོ་འཛིན་ཞིས་ཅིན་ཕིན་གྱིས་བསྟན་ཡོད། ཁོང་གིས་ཀྱང་ཟ་མ་ཆུད་ཟོས་སུ་བཏང་བ་ནི་གཏན་ནས་སེམས་ཀྱིས་མི་བཟོད་པ་ཞིག་རེད་ཅེས་ནན་གྱིས་བསྟན་ཡོད། རྒྱའི་གཏམ་དཔེ་ཞིག་ལ། ཆུ་འཐུང་ཚེ་དོང་ཆུ་རྐོ་མཁན་དེ་མ་བརྗེད་ཟེར་བ་དང་འདྲ་བར་ང་ཚོས་ཟས་གོས་ལོངས་སུ་སྤྱོད་དུས་དེའི་རྒྱབ་ཀྱི་དཀའ་སྡུག་སོགས་གཏན་ནས་བརྗེད་མི་རུང་བར་སེམས། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཞི།  འབག་བཙོག་མེད་པ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ས་ཆུའི་འབག་བཙོག་ནི་མིའི་རིགས་ཀྱི་བྱེད་སྒོ་ཁག་གིས་བསྐྲུན་པ་དང་བསྟུན། ནམ་ཟླའི་འགྱུར་བ་དང་ས་ཆུའུ་སྤུས་ཚད་ཇེ་ཞན་དུ་འགྲོ་བའི་སྣང་ཚུལ་སོགས་མྱངས་ན་སྐྲག་སྣང་སྐྱེས་ཤིང་བལྟས་ན་འཇིགས་སུ་རུང་བ་ཞིག་རེད། འབག་བཙོག་ཅི་ཙམ་ཐེབས་ན་སྲོག་ཆགས་དང་ཁོར་ཡུག་བར་གྱི་གནད་དོན་ཆེ་རུ་འགྲོ་ངེས་ལ། འབག་བཙོག་བྱུང་བ་དེ་དག་ནི་མཐར་གཏུག་ན་མིའི་བསམ་བློ་འབག་བཙོག་ཐེབས་པ་ལས་བྱུང་བ་མངོན་སུམ་ཡིན། དེའི་ཕྱིར། བདེ་ཐང་བསམ་ན་འབག་བཙོག་བཟོ་མི་རུང་ལ། སྤྲོ་སྣང་བསམ་ན་འབག་བཙོག་གི་གནད་དོན་སེལ་དགོས། སློབ་ར་ལས་ཀྱང་སོ་སོས་སྤྱི་ལ་གནོད་པའི་འབག་བཙོག་བཟོ་མི་རུང་། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ལྔ།  བཀག་དངོས་མེད་པ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རང་རྒྱལ་གྱི་རྩ་བའི་ཁྲིམས་དང་བཅའ་ཁྲིམས་ལས་བསྟན་པའི་གནོད་འཚེ་ཅན་གྱི་རིགས་བཀག་ཡོད་ལ། བཀག་བྱའི་དུག་རྫས་དང་མཚོན་ཆ་སོགས་གཏན་འགོག་བྱེད་འོས་ལ། ལྷག་པར་དུ་ང་ཚོའི་སློབ་མ་རྣམས་ལ་མཚོན་ན་ཆང་དང་དུ་བ་བཀག་བྱ་ཡིན་ལ། ཞོར་ཟས་སོགས་བཀག་བྱ་ཡིན་པར་ངོས་ཟིན་ཐོབ་དགོས། སློབ་གྲོགས་ཕན་ཚུན་བར་དུ་འཁོན་འཛིང་དང་རྐུ་བྱེད་པ་སོགས་གནོད་འཚེ་ཆེ་བའི་རིགས་སྤང་བྱར་བཞག་སྟེ་སློབ་མ་ཚུལ་དང་མཐུན་པ་ཞིག་བརྩོན་པར་རེ་སྐུལ་སྙིང་ནས་ཞུས་པ་ཡིན།  5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཇུག་མཐར་དགེ་སློབ་རྣམས་ཀྱི་བསམ་དོན་འགྲུབ་ཅིང་སློབ་སྦྱོང་གི་བྱ་བཞག་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ།  5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

035Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་ར་གཅེས་སྐྱོང་ཞེས་པའི་གཏམ་བཤད།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འདིར་བཞུགས་ཀྱི་དགེ་རྒན་རྣམ་པ་དང་སློབ་གྲོགས་རྣམ་པ།  ཚང་མ་བདེ་མོ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་ནི་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་སློབ་མ་མགོན་པོ་འཚོ་ཡིན། ད་ཐེངས་ངས་འཛིན་གྲྭའི་ཚབ་ཏུ་གཏམ་བཤད་བྱས་པའི་ཁ་བྱང་གི་མིང་ལ་སློབ་ར་གཅེས་སྐྱོང་ཞེས་ཟེར། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་ར་ནི་དགེ་སློབ་གཉིས་ཀའི་སེམས་ཀྱི་ཞིང་ཁམས་ཤིག་དང་རིག་གནས་ཀྱི་ཁྱིམ་ར་ཞིག་ཡིན་ལ། ང་ཚོས་རིག་གནས་ཀྱི་ཁྱིམ་ར་འདི་ནས་དབྱངས་གསལ་སོ་བཞི་གླུ་རུ་བླངས་ཤིང་རྒྱ་དབྱིན་གྲངས་གསུམ་གྱི་རིག་གནས་བསླབས་དང་སློབ་ཀྱིན་ཡོད། ད་གཟོད་སློབ་ར་ནི་ཤེས་རིག་གི་དགའ་ཚལ་དང་བློ་སྦྱོང་གི་གར་སྟེགས་ཤིག་ཀྱང་ཅི་ལ་མིན། འདི་ལྟར་བཤད་ན་ང་ཚོས་སློབ་ར་ལ་གཅེས་ཤིང་སློབ་ར་ནི་སྲུང་། སློབ་ར་ནི་ཁྱིམ་ཚང་ཞིག་གི་ཁང་བ་དང་འདྲ་ལ། དགེ་སློབ་དང་ལས་བཟོ་བ་ནི་ཁྱིམ་ཚང་གི་བཟའ་མི་དང་འདྲ། འདི་ནི་ང་ཚོས་ཁ་བཤད་ཆུ་ཡི་ཝུ་བ་ལྟར་འགྱུར་མི་རུང་ལ། འདི་ནི་ང་ཚོས་ཁ་ལག་རྒྱབ་འགལ་བྱེད་ས་དེ་མིན་པས། སུ་ཡིན་ཡང་སློབ་ར་ནི་རིག་གནས་ཀྱི་ཁྱིམ་ར་ཞིག་ཡིན་པར་བརྗེད་མི་རུང་། གཏན་ནས་བརྗེད་མི་རུང་། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་ར་ནི་རྡོ་ཡིས་ལས་པའི་ར་སྐོར་དང་རྡོ་ཡིས་བརྩིགས་པའི་ཁང་བརྩེགས་ཁོ་ནར་ངོས་འཛིན་ག་ལ་རུང་། གལ་ཏེ་དེ་ལྟ་བུར་ངོས་བཟུང་ཡང་། སློབ་ར་ནི་ཐུན་མོང་གི་གཞིས་ཀ་དང་ཐུན་མོང་གི་འཚོ་གནས་ཀྱི་ཁོར་ཡུག་ཡིན་པས། ང་ཚོ་ཐུན་མོང་ལ་དབང་བའི་སློབ་ར་ནི་ཐུན་མོང་གིས་གཅེས་དགོས། འདི་ཡང་ཁ་ཚོན་པོའི་ནང་གི་གཏམ་བརྗིད་པོ་ཞིག་མིན་ཏེ། སེམས་བསམ་པའི་གཏིང་གི་མར་དང་ཞེ་ཐག་པའི་སྒོ་ཡི་ཇ་ཡིན། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འུ་ཚོ་གང་ན་ཡོད་དམ་ཞེ་ན་ཏག་ཏག་སློབ་ར་ན་ཡོད། འུ་ཚོ་གང་ནས་ཡོང་ངམ་ཏག་ཏག་སློབ་ར་ནས་ཡོང་། འུ་ཚོ་གང་དུ་འགྲོའམ་ཏག་ཏག་སློབ་ར་འགྲོ་མཁན་གྱི་དགེ་སློབ་ཤ་སྟག་ཡིན་པས། ནམ་ཡང་སློབ་སྦྱོང་གི་འཚོ་བ་དང་སེམས་ཁམས་ཀྱི་སྤྲོ་སྐྱིད་ཡར་ལྡན་དུ་སེམས་ན། སློབ་རའི་བདེ་འཇགས་དང་སློབ་རའི་མཛེས་སྡུག་ནམ་ཡང་བསྐྲུན་དགོས་ལ། ནམ་ཡང་ང་ཚོས་སློབ་ར་འདི་ནི་བདག་པོ་རྒྱག་དགོས།  5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཇུག་མཐར་དགེ་སློབ་རྣམས་ཀྱི་སློབ་སྦྱོང་གི་འཚོ་བ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

045Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཐུན་སྒྲིལ་ནི་རྒྱལ་ཁའི་རྩ་བ་ཡིན།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འདིར་བཞུགས་ཀྱི་དགེ་རྒན་རྣམ་པ་དང་། སློབ་གྲོགས་ལྷན་རྒྱས་ཁམས་བཟང་། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ངའི་མིང་ལ་་་་་་་་་་ཞེས་འབོད་ལ། ད་ལོ་ལོ་རིམ་་་་་་་་་་སློབ་མ་ཡིན།  དེ་རིང་ངས་གཏམ་བཤད་ཀྱི་ཁ་བྱང་ལ"མཐུན་སྒྲིལ་ནི་རྒྱལ་ཁའི་རྩ་བ་ཡིན"ཞེས་བཏགས་ཡོད། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་ཚོའི་བོད་ཀྱི་ཁ་དཔེ་ཞིག་ལ། མཛུབ་མོ་ལྔ་བཅངས་ཁུ་ཚུར། ཞེས་ཟེར་སྲོལ་གྱི་གཏམ་དཔེ་འདི་ནི་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་ཡིན་ལ། ལག་པའི་ཕྱི་ནང་ཤ་དང་། ། མཛུབ་མོ་ལྔ་བོ་སྤུན་ཡིན། ། ཞེས་པ་འདི་ཡང་མཐུན་སྒྲིལ་གྱི་མཚོན་བྱེད་ཉག་ཅིག་རེད། དེ་བཞིན་དུ་སྲོག་ཆགས་གྲོག་མ་ཚོགས་འདུས་པས། ། སེང་གེ་ཕྲུ་གུ་བསད་ཅེས་གྲགས། ། ཞེས་པའི་ལེགས་བཤད་ཀྱིས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤིག་མཚོན་ལ། མང་མང་གིས་བཀྱགས་ན་གདུང་མ་ཡང་ཞེས་པ་འདི་ཡང་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤིག་མཚོན་ཡོད། ད་གཟོད་ང་ཚོ་སུ་ལའང་མཁོ་བ་ནི་མཐུན་སྒྲིལ་རེད། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་ཚོའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ང་དྲུག་ལ་མཚོན་ན་ལྡུམ་ར་གཅིག་གི་མེ་ཏོག་ང་དྲུག་ཡིན་ཏེ། མེ་ཏོག་ང་དྲུག་ནི་ལྡུམ་ར་གཅིག་གི་བཀྲགས་མདངས་དང་འོད་སྣང་རེ་རེ་ཡིན་ལ། འོད་སྣང་གིས་སེམས་ཀྱི་མཛེས་སྡུག་ངང་གིས་བསུ། འདི་ལས་མེ་ཏོག་ང་དྲུག་གི་ཁ་དོག་རེ་རེ་ལ་ཁྱད་ཆོས་རེ་རེ་ཡོད་ལ། ཁྱད་ཆོས་སྣ་མང་གིས་ལྡུམ་ར་མཛེས་པར་བརྒྱན་ཡོད། ད་གཟོད་མེ་ཏོག་ཕན་ཚུན་མཐུན་སྒྲིལ་གྱིས་བཞད་དགོས་ལ། མེ་ཏོག་ང་དྲུག་མཐུན་སྒྲིལ་གྱིས་རྒྱས་དགོས། ཡལ་ག་དང་ལོ་མ་རེ་རེ་གང་ལའང་གཙོ་ཕལ་མེད་དེ། མེ་ཏོག་གི་ཡལ་ག་གཅིག་དང་མེ་ཏོག་གི་ལོ་མ་གཅིག་ལ་སྐྱོན་ཆག་བྱུང་བ་ན་ལྡུམ་རའི་མཛེས་སྡུག་ལ་གྱོང་གུད་ཐེབས་པ་ཡིན་པས་མེ་ཏོག་གང་ཡིན་ཡང་རྩ་བ་དང་བརྩད་པ་མཐུན་སྒྲིལ་གྱིས་སྐྱོབ་དགོས་ལ། མཐུན་སྒྲིལ་གྱིས་གཅེས་དགོས། འདི་ཡང་མེ་ཏོག་ལྡུམ་རའི་བདེ་སྐྱིད་ཅིག་ཡིན་ལ། མེ་ཏོག་ལྡུམ་རའི་གསོན་ཤུགས་དང་རེ་བ་ཡང་ཡིན། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འདིར་བཞུགས་ཀྱི་དགེ་རྒན་རྣམ་པ་དང་སློབ་གྲོགས་རྣམ་པ། མཇུག་མཐར་ང་ཚོ་སུ་ལའང་མཚོན་ན་ཙི་གུ་རྒྱུགས་ནས་བྱང་ལམ་མི་ཆོད་ལ། ར་མ་འཕག་ནས་ར་ཁང་བཤིག་མི་ཐུབ་པས་སློབ་གྲོགས་ཚང་མས་མཐུན་སྒྲིལ་གཙིགས་སུ་བཟུང་སྟེ་སློབ་རའི་དགེ་མཚན་བསྐྲུན་རྒྱུ་དང་། མཐུན་སྒྲིལ་མེད་ན་བྱ་བ་ཅི་ཡིན་ཡང་འདྲ། སློབ་སྦྱོང་གི་བྱ་བ་ཅི་ཡིན་བདེ་བླགས་ངང་འགྲུབ་དཀའ་ལ། རྒྱལ་ཁ་དེ་བས་ཀྱང་འཐོབ་དཀའ། མ་འོངས་ང་ཚོ་སུ་ལའང་སློབ་སྦྱོང་མཁོ་ལ། དེ་བས་ཀྱང་མཐུན་སྒྲིལ་རབ་ཏུ་མཁོ། དེའི་ཕྱིར། རིག་གནས་ཀྱི་རྩ་བ་མཐུན་སྒྲིལ་གྱིས་བསྐྲུན་དགོས་ལ། སློབ་གསོ་ཡི་བྱ་གཞག་མཐུན་སྒྲིལ་གྱིས་འཛིན་དགོས་པས་མཐུན་སྒྲིལ་ནི་རྩ་བ་རེད་ཅེས་བཤད་འདོད།  མཇུག་མཐར་དགེ་སློབ་རྣམས་ཀྱི་ཚེ་བསོད་རླུང་རྟ་དར་ཅིང་དཔལ་ཡོན་རིག་གནས་དར་བའི་སྨོན་འདུན་ཞུ། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

15Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གུས་ཤིང་བརྩེ་བའི་དབུ་ཁྲིད་ལྷན་རྒྱས་དང་།  ལས་རོགས་ལྷན་རྒྱས།   བརྩེ་བའི་སློབ་གྲོགས་ཚོ།  སྐུ་ཁམས་བཟང་།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་ཚོ་མཉམ་དུ་ཉི་གཞོན་རབ་ཏུ་འཕྲོ་ཞིང་མཛེས་སྡུག་གི་དཔལ་ཡོན་ལྡན་པའི་ལུས་རྩལ་ཐང་ཆེན་འདིར་འཛོམས་ནས་བརྗིད་ཉམས་ལྡན་པའི་སྐར་ལྔའི་དར་དམར་སླར་ཡང་དགུང་སྔོན་དབྱིངས་སུ་བསྒྲེངས་རྒྱུ་བྱུང་བས་དགའ་སྤྲོ་ཆེ།  ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སང་ཉིན་དེ་བས་མཛེས་སྡུག་ལྡན་ཞེས་བརྗོད།   རེད་ལགས།  སང་ཉིན་ནི་མཛེས་སྡུག་ལྡན་པ་ཞིག་རེད།   འོན་ཀྱང་མཛེས་སྡུག་ལྡན་པའི་སང་ཉིན་འདི་ནི་གནམ་ནས་ཟག་པ་ཞིག་མིན་ལ་ས་ནས་སྐྱེས་པ་ཞིག་དེ་བས་ཀྱང་མིན།  འདི་ནི་དེ་རིང་གི་བློ་གྲོས་དང་།  བརྩོན་འགྲུས།  སྙིང་རུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།    དེ་རིང་གི་འབད་བརྩོན་གྱིས་སང་ཉིན་གྱི་བདེ་སྐྱིད་བསྐྲུན་ཐུབ།  ང་ཚོ་མིའི་རིགས་ཀྱི་ངོས་ནས་བརྗོད་ན།  སང་ཉིན་ནི་བེད་སྤྱོད་ནས་སྤྱོད་མི་ཚར་བ་ཞིག་རེད།  ཡིན་ཡང་མི་སྒེར་ཞིག་ལ་ཆ་མཚོན་ན།  འདིའི་ནུས་པ་དང་ཚེ་སྲོག་ཚང་མར་ཚད་ཡོད།  འོན་ཀྱང་ང་ཚོས་ཚད་ཡོད་པའི་མི་ཚེ་འདི་ཚད་མེད་པའི་དུས་ཚོད་ནང་དུ་རང་འགར་བསྐྱལ་ན་དེར་སྙིང་པོ་ཅི་ཡང་མེད།  འདི་ནི།   དུས་ཚོད་གསེར་གྱི་ཆུ་མོ་འདི།  རང་འགར་འབབ་ཏུ་འཇུག་མི་རུང་ཞེས་པ་ལྟར་རོ།  སློབ་གྲོགས་ཚོ།   ཁྱེད་ཚོས་བསམ་བློ་ཞིག་གཏོང་དང་།  ང་ཚོས་དེ་རིང་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དེ་བཤད་མཁས་ན་མ་འོངས་པར་ལེགས་སྐྱེས་འབུལ་རྒྱུ་ཞིག་རེད་།    དོན་ངོ་མའི་ཐད་རང་ཉིད་འཚོ་ཐབས་ཀྱི་ཆེད་དུ་མ་རེད་དམ།           བདེ་སྐྱིད་ལྡན་པའི་འཚོ་བར་ལོངས་སྤྱོད་དང་།   མང་པོའི་ནང་ནས་གོང་བཀུར་བ་ཞིག་བྱེད་བསམ་ན།   ཤེས་བྱ་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པ་བྱེད་དགོས།   འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་རང་སློབ་ཀྱི་སློབ་ཕྲུག་ཕལ་མོ་ཆེ་ཞིག   ཕག་པ་དོམ་གསོས་རྒྱག་པ་བཟང་ལ་མངོན།   རྟ་ཕོ་སྒལ་བཅོས་བྱེད་པ་དགྲ་ལ་མངོན་ཞེས་པ་ལྟར་དགེ་རྒན་དང་ཕ་མའི་རེ་བ་ཚང་མ་ཆུད་བཟོས་སུ་བཏང་དང་བཏང་བཞིན་འདུག   ང་བལྟས་ན་དེ་འདྲ་རང་ཨེ་ཡིན་སྙམ།   ངའི་རེ་བར།  སློབ་གྲོགས་ཚང་མས་ད་ཐེངས་ཀྱི་སློབ་གསོ་དེ་དང་ལེན་བྱས་ཏེ་དུས་ཚོད་རིན་ཆེན་ལྟ་བུར་དམ་འཛིན་བྱས་ནས་ཤེས་རིག་ལ་འབད་བརྩོན་ཧུར་ཐག་བྱེད་རོགས་ཞུ།   གང་ལགས་ཞེ་ན།  ད་ཆ་རང་སློབ་ཀྱི་ཆ་རྐྱེན་ཉིན་རེ་ལས་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ལ་སློབ་གྲྭའི་ཁོར་ཡུག་ཀྱང་ཉིན་རེ་བཞིན་མཛེས་སྡུག་ལྡན་པར་འགྱུར་གྱིན་འདུག   འོན་ཀྱང་སློབ་གྲྭའི་ཁོར་ར་ཁོར་ཡུག་ཀུན་ཏུ་རྩེད་འཇོའི་རྣམ་པ་ལས་སློབ་སྦྱོང་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད་པ་ཧ་ཅང་གི་ཉུང་ཉུང་རེད་འདུག    ང་ཚོ་བོད་ཀྱི་གཏམ་དཔེ་ལ།   དགོང་མོ་མི་ཉལ་རྟ་དང་འདྲ།   ཞོགས་པ་མི་ལངས་བ་དང་འདྲ་ཞེས་པ་ལྟར་སློབ་ཕྲུག་མང་པོ་ཞིག་གིས་ཉལ་བའི་དུས་ལ་མི་ཉལ་བར་ཉལ་ཁང་ནང་དུ་སྐད་ཅོར་རྒྱག་པ་དང་།   ཉལ་སའི་ནང་དུ་ཟས་རིགས་སྤྱོད་པ་སོགས་མི་མཐུན་པའི་ལས་ངན་ཚང་མ་སྤེལ་གྱིན་འདུག་ལ་རང་ཉིད་ཙམ་མ་ཟད་སློབ་ཕྲུག་གཞན་ལའང་ཤུགས་རྐྱེན་ངན་པ་སྤྲད་ནས་ཚང་མ་ཞོགས་པའི་དུང་བརྡ་གྲགས་སྐབས་ཀྱང་།   ད་དུང་རྨི་ལམ་གྱི་ཞིང་ཁམས་སུ་བསྐྱོད་བཞིན་ཡོད།     ཁྱེད་ཚོས་བསམ་བློ་ཡག་པོ་ཞིག་གཏོང་དང་།   དེ་ལྟ་བུའི་སློབ་ཕྲུག་ལ་སྦྱངས་འབྲས་ཡག་པོ་ཐོབ་སྲིད་དམ།       ང་ཚོས་དུས་ཚོད་ལ་དམ་འཛིན་བྱས་ནས་ཞོགས་པ་སློབ་འབྱོལ་མི་བྱེད་པ་དང་།  སློབ་ཚན་འཚོགས་སྐབས་ཁ་གཡེང་མིག་གཡེང་མི་བྱེད་པ།    སྦྱོང་ཚན་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་པ་ལས་བཤུ་འབྲི་མི་བྱེད་པ་སོགས་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་བརྩོན་འགྲུས་དང་སྙིང་རུས་ཀྱི་བསམ་བློ་ཞིག་ཀྱང་ལྡན་དགོས།    ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་རང་གི་ལས་འགན་སློབ་སྦྱོང་དེར་བརྩོན་འགྲུས་བྱེད་དགོས།   འོན་ཀྱང་སློབ་ཕྲུག་ཁ་ཤས་ཀྱིས་བརྩོན་འགྲུས་ཞེས་པའི་ཐ་སྙད་དེར་གོ་བ་ལོག་སྒྲུབ་བྱེད་ཀྱི་ཡོད།    ནམ་ཞག་རྒྱུན་དུ་རྩེད་མོ་ཁོ་ནར་མགོ་འཁོར་ནས་སྡོད་པ་དང་།  ཡིག་ཚད་རན་སྐབས་ཉལ་སའི་ནང་དང་།  ཁ་ལག་ཟ་སྐབས།   ཐ་ན་གསང་སྤྱོད་ནང་དུའང་དཔེ་དེབ་བལྟས་ནས་ཡིག་རྒྱུགས་དེར་ཁ་གཏད་བཅོག་གི་ཡོད།   ངས་བལྟས་ན་དེར་བརྩོན་འགྲུས་བྱེད་པ་མི་ཟེར།   བརྩོན་འགྲུས་ནི་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ལ་འབད་བརྩོན་དང་།  གཙང་སྦྲ་འཕྲོད་བསྟེན་ལ་དང་འདོད།   མི་ཤེས་པ་དང་དཀའ་གནད་འཕྲད་ཚེ་དུས་ཐོག་ཏུ་དགེ་རྒན་བསྟེན་མཁན་ཚོར་བརྩོན་འགྲུས་ལྡན་པ་ཞེས་བརྗོད།                 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་ཕྲུག་ཚོ།   ང་ཚོས་ལག་གདང་སྦྲེལ་ནས་དུས་ཚོད་ལ་དམ་འཛིན་དང་།  སྙིང་སྟོབས་ཆེར་བསྐྱེད་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱས་ན་ཕ་མ་དང་རྒན་ལགས་ཀྱི་རེ་བ་ཆུད་བཟོས་སུ་མི་འགྲོ་ལ་མཛེས་སྡུག་དང་དོན་སྙིང་ལྡན་པའི་སང་ཉིན་ལ་བསུ་བ་བྱེད་ཐུབ།      བཀའ་དྲིན་ཆེ།     5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

25Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མེས་རྒྱལ་བདག་གི་སེམས་ན་ཡོད།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ནམ་རྒྱུན་སྐར་ལྔའི་དར་དམར་རླུང་གིས་བསྐྱོད་པ་མཐོང་དུས།  ངས་མེས་རྒྱལ་གྱི་ཆེད་དུ་གཅེས་སྲོག་འབུལ་བའི་འཐབ་མོ་དག་གི་འཛུམ་མདངས་དྲན་ཡོང་།  ཧོང་ཅི་ཀོང་ནི་དགྲ་བོའི་མེ་སྒྱོགས་ལ་འཐབས་ནས་རང་སྲོག་འབེན་ལ་བཞག་པའི་་་དཔའ་རྒོད་ཅིག   ཏུན་ཚུན་རུའུ་ནི་འགན་ཁུར་སྒྲུབ་པའི་ཆེད་དུ་རང་ལས་ཀྱིས་མཁར་རྫོང་བཀད་པའི་དཔའ་འཛངས་རྟུལ་ཕོད་ཅིག།   ལིའུ་ཧུའུ་ལན་ནི་དགྲ་བོ་མནར་གཅོད་འོག་ཏུ་ཞུམ་པ་མེད་པ་དང་མགོ་མི་སྒུར་བའི་དཔའ་བོ་ཞིག་ཁོང་རྣམས་རེ་རེ་བཞིན་དྲན་དུས་མེས་རྒྱལ་ལ་འདི་འདྲའི་དཔའ་བོ་ཁྱུ་གཅིག་ཡོད་པ་ནི་ངས་སེམས་གཏིང་ནས་སྤྲོ་བ་རབ་ཏུ་སྐྱེས།  ལྷ་གྲུ་བདུན་པ་ལེགས་འགྲུབ་ངང་ནས་འཕུར་གཏིང་བྱུང་བའི་སྐབས་དེར་བདམ་གི་སེམས་པའི་ལ་རྒྱའི་མཚོ་མོ་དགུང་ལ་འཕྱུར།ཡར་སྔོན་ལུགས་འགྲུབ་བྱུང་བའི་ལྷ་གྲུ་ལྔ་བ་དང་དྲུག་པ།   དེ་མིན་ཟླ་བའི་ལྷ་མོ་རྟགས་ཅན་གྱི་མིས་བཟོའི་སྐར་མདའ་ལ་སོགས་ཚང་མས་རང་རྒྱལ་གྱི་མཁར་བསྐྱོད་ཚན་རྩལ་དར་རྒྱས་སུ་ཕྱིན་ཡོད་པ་མཚོན་ཐུབ།དེ་དག་དང་དུས་མཉམ་དུ་ངས་ཀྱང་རང་རྒྱལ་གྱི་མེ་མདའི་སྲོལ་འབྱེད་པ་ཆན་ཞོའོ་སུན་ལགས་དྲན་བྱུང་།   ཁོ་རང་ལོ་ན་གཞོན་པའི་དུས་སུ་ཕྱི་གླིང་དུ་སོང་ནས་འབུམ་རམས་པའི་བསླབས་གནས་ཐོབ་ཐང་བླངས་རྗེས།  ཕྱིར་སྟོབས་འབྱོར་དེ་འདྲ་རྒྱས་མེད་པའི་རང་རྒྱལ་དུ་ལོག་པའི་སེམས་ཐག་དེ་མེས་རྒྱལ་གྱི་ཚན་རྩལ་བྱ་བཞག་ལ་འབད་པ་ལྷོད་མེད་བྱས།   དེའི་བརྒྱུད་རིམ་ཁྲོད་ཁོང་ལ་བཀག་སྡོམ་་དང་མནར་གཅོད་ཚད་མེད་ཐེབས་ཡོད་ན་ཡང་།   འགྱུར་མེད་གྱི་ལྷག་བསམ་དེར་ཙུང་ལི་ཀྲུའུ་ཨེན་ལེ་ཡིས་རོགས་་་་སྐྱོར་ཐོབ་པའི་མཐར་ལེགས་འགྲུབ་ངང་ནས་མེས་རྒྱལ་གྱི་པང་དུ་ལོག་ཐུབ་པ་མ་ཟད།    རང་རྒྱལ་གྱི་ཚན་རྩལ་བྱ་བཞག་ལ་བླ་ན་མེད་པའི་བྱས་རྗེས་མང་བོ་ཞིག་བཞག  དེ་དག་ཚང་མ་བདག་གི་སེམས་ལ་ཤར་ཐེངས་རེར་ཁོ་ཚོ་ལ་ལྷག་བསམ་རྣམ་དག་གི་འདུན་པ་རེ་ཞུ་བ་ཡིན།  སྤྱི་ལོ༢༠༠༨ལོ་ནི་རང་རྒྱལ་ལ་མཚོན་ན་དེ་འདྲའི་འོད་སྟོང་འབར་བའི་དུས་ཚོད་ཁྱད་པར་བ་ཞིག་ཡིན་ཏེ།  ཀྲུང་གོ་ཐེངས་དང་པོ་འཛམ་གླིང་གི་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་རང་སྤེལ་ཐུབ་སོང་ལ།  རང་རེའུ་འགྲན་ཞུགས་པ་རྣམས་ཀྱིས་ལུས་ཀྱི་རྩལ་ཤུགས་ཕྱི་ལ་ངོམ་ནས་འགྲན་ཚོགས་སྟེང་དུ་གསེར་གྱི་རྟགས་མ༥༡བླངས་ཤིང་གསེར་རྟགས་ཀྱི་སྒྲིག་རིམ་ཨང་གཉིས་པ་ལོན་ཡོད།  འགྲན་ཞུགས་པ་དེ་དག་གིས་རང་རྒྱལ་ལ་ལུས་རྩལ་གྱི་མཚན་སྙན་དགུང་ནས་དགུང་ནས་འཕྱོ་བར་བཅུག་ཡོད།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གྲོགས་པོ་ཚོ།ང་ཚོ་ནི་མ་འོངས་པའི་མེས་རྒྱལ་གྱི་བདག་པོ་ཡིན། མེས་རྒྱལ་ནམ་ཡིན་ཡང་བདག་གི་སེམས་སུ་གནས།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

45Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མེས་རྒྱལ་གྱི་རེ་སྨོན། བདག་གི་ཕུགས་འདུན།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གནའ་བོའི་ནགས་ཀློང་སྟུག་པོ།  བྱེ་ཐང་སྐྱ་མོ།བྲག་རུང་གཟར་མོ་རུ་ཆེས་ཐོག་མའི་མིའི་རིགས་ཀྱི་འཚོ་བ་ཆགས།  དགྲ་བོའི་འཇིགས་སྐུལ།འཚོ་བའི་རེ་སྙེགའགྱུར་ལྡོག་ཆེ་བའི་རང་བྱུང་གྱི་ཁོར་ཡིག་ཁྲོད་ཆེས་ཐོག་མའི་འཚོ་བའི་གོམ་ཁ་རེ་རེ་བསྒྱུར།  འཚོ་བའི་གོམ་སྟབས་རེ་རེའི་ཁྲོད་ཁོ་ཚོའི་ཀླད་ཤུགས་དང་ལུས་ཤུགས་ནུས་སྟོབས་ཀྱིས་རང་བྱུང་ཁོར་ཡུག་ལ་དེ་ལས་ལྷག་པའི་མཛེས་རྒྱན་རེ་རེ་དོད་འགོ་བརྩམས།དེ་ནས་བཟུང་ཁོ་ཚོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་གཏན་འཁེལ་བྱས་ཏེ།ཁ་སང་གི་ཁོ་ཚོའི་སྐྱི་གཡའ་བའི་ངོ་གདོང་དང་འཇིགས་སྐྲག་ཆེ་བའི་སེམས་ཤུགས་དེ་དེ་རིང་གི་སྙིང་སྟོབས་དང་རྒྱལ་ཁ་རུ་སྒོམ་བཞིན།  སང་ཉིན་ཁོ་ཚོའི་སེམས་རྒྱ་བསྐྱེད་དེ་དེ་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཐོབ་པར་བརྩོན།  ལོ་རྒྱུས་རིང་ཞིང་མི་རིགས་མང་བའི་རྒྱལ་ཁབ་དེས་ཕྱི་ཡུལ་ལ་འབྲེལ་བ་བཙུགས་ནས་ནང་ལོགས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱབ་ཏེ་མི་རིགས་སོ་སོ་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས།  ཞི་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཤིག་ཏུ་སྙེག 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    ཁོ་ཚོས་འདས་མ་ད་གསུམ་གྱི་ལོ་རྒྱུས་རིང་པོ་ཞིག་བརྒྱུད་མཐར།  ལག་རྡང་མཉམ་འབྲེལ་དང་ཡར་རྡུང་གཅིག་ཁུར་གྱིས་མ་འོངས་པའི་བགྲོད་ལམ་འཚོལ་ཞིབ་དང་།  ཁ་སང་གི་རྨི་ལམ་དང་རེ་འདུན་དེ་རིང་མངོན་དུ་འགྱུར་བར་རེ།  ཁོ་ཚོའི་དེ་རིང་གི་དངོས་ཐོག་བདེན་འཚོལ་དང་ལག་ལེན་མཐའ་འཁྱོལ་བཅས་ནི་སང་ཉིན་གྱི་འཚོ་བའི་གྲུབ་ཆ་ཞིག་དང་།འགྱུར་མེད་ཀྱི་གོམས་གཤིས་ཤིག 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    བདག་གིས་ནམ་རྒྱུན་རང་ཉིད་འོས་མཐུན་གྱི་དགེ་རྒན་ཞིག་ཏུ་གྱུར་ན་སེམས་བཞིན་ཡོད།  གལ་སྲིད་ང་རང་ཤེས་བྱའི་ལམ་སྣེ་སྟོན་པའི་སྣེ་ཁྲིད་པ་ཞིག་ཏུ་གྱུར་ན།  ངའི་བྱམས་བརྩེའི་དྲོལ་ཁོལ་འོག་རང་གི་ཕ་ཡུལ་དང་མི་རིགས།   དེ་ལས་མང་པའི་མེས་རྒྱལ་གྱི་གཞོན་རབས་པ་ཚོ་ལ་ཤེས་བྱའི་བདུད་རྩི་ཕངས་མེད་དུ་གནང་བའི་དེད་དཔོན་ཞིག་བྱེད་རྩིས་ཡོད།ངས་ང་རང་གི་ཕུགས་བསམ་ཆེད་དུ་རང་ནུས་ཅི་ལྕོག་སྒོས་འབད་བརྩོན་ལྷོད་མེད་བྱས་ཏེ་རང་གི་ཉག་ཕྲ་བའི་ཕུགས་བསམ་དེ་འགྲུབ་པར་བྱེད་ངེས་ཡིན།  གལ་སྲིད་ང་རང་གི་ཕུགས་བསམ་དེ་འགྲུབ་ན་དེ་ནི་མི་རིགས་དང་མེས་རྒྱལ་གྱི་ཕུགས་བསམ་འང་འགྲུབ་བཞིན་ཡོད་པས།  ང་ཚོའི་མི་སོ་སོ་དང་ཁྱིམ་ཚང་སོ་སོས་ལས་ལ་བརྩོན་ཏེ་གཅིག་མཐུན་གྱི་ཁྱིམ་གཞིས་ཆེན་པོ་ཞིག་ཏུ་བརྩོན་པར་བྱ།  ང་ཚོའི་བསམ་བློའི་རླབས་རྒྱུན་སྣ་ཚོགས་མཉམ་དུ་ཐོན་པ་དང་།  རིག་གནས་སྣ་ཚོགས་ཕན་ཚུན་འགྲན་རྩོད་བྱེད་པ་བཅས་ནི་ང་ཚོའི་འཚོ་བའི་ཁ་ཕྱོགས་ཤིག་དང་།  རླབས་ཆེ་བའི་རེ་སྨོན་ཞིག 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    སྟོབས་ཤུགས་དང་གཞི་རྒྱ་ཆེ་བའི་རྒྱལ་ཁབ་ཅིགཆེས་གཞི་རིམ་གྱི་མི་སོ་སོ་ནས་འགོ་བརྩམས་ཏེ།  གཞི་མཐུན་གྱི་ཁྱིམ་གཞིས་ཆེན་མོ་ཞིག་ཏུ་བརྩོན་ན།  དེ་ནི་བདག་གི་ཕུགས་འདུན་ཡིན་ལ།  མེས་རྒྱལ་གྱི་རེ་སྨོན་ཡང་ཡིན་པར་ངེས།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

55Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་མེས་རྒྱལ་ལ་དགའ།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ང་ཚོའི་མེས་རྒྱལ་ནི་ཀྲུང་གོ་ཡིན།  འདིར་མི་རིགས་ལྔ་བཅུ་ང་དྲུག་ཡོད།  མི་རིགས་ལྔ་བཅུ་ང་དྲུག་ཕན་ཚུན་མཛའ་བརྩེ་ཟབ་པ་དང་ལས་ལ་བརྩོན་པ་དཔའ་ངར་ལྡན་པ་ཞིག་ཡོད།  ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོ་ནི་འཕེལ་རྒྱས་མྱུར་པོ་ཕྱིན་ནས།  ད་ལྟ་མི་དམངས་ཀྱི་འཚོ་བ་རྣམས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་བཞིན་ཡོད།  5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      སྤྱི་ཚོགས་རྙིང་པའི་སྐབས་སུ་མི་རྣམས་ཀྱི་འཚོ་བ་ཧ་ཅང་དཀའ་ངལ་ཡོད་ཅེས་གསུང་གི་འདུག།  ད་ཆ་ང་ཚོར་བཅིངས་འགྲོལ་བཏང་ནས་མི་རྣམས་ཀྱིས་དགའ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་མ་ཟད།  ད་དུང་དབུལ་པོའི་ཁྱིམ་ཚང་ལ་རོགས་རམ་གནང་གིན་འདུག   ཏང་གི་སྲིད་ཇུས་བཟང་པོ་དེ་འདྲ་ཞིག་ཡོད་པ་དེ།  ང་ཚོ་ཀྲུང་ཧྭ་མི་དམངས་ཀྱི་སྤོབས་པ་རེད།  ང་ཚོས་ད་ལྟ་ནས་སློབ་སྦྱོང་ཡག་པོ་བྱས་ནས་མེས་རྒྱལ་དང་ཕ་ཡུལ་ལ་ཞབས་འདེགས་ཞུ་དགོས།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ཨེ་མ། ང་མེས་རྒྱལ་ལ་དགའ།།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

65Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་ཡི་མེས་རྒྱལ་ནམ་ཡང་སེམས་སུ་ཡོད།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སྔོ་ཞིང་སངས་བའི་མཁའ་དབྱིངས་སུ།  དྲོ་ཞིང་འཇམ་པའི་ཉི་འོད་ཁྲོད།  ཕྱོགས་དང་རིས་མེད་སྐྱེ་འགྲོ་ལ།  རྟ་བདུན་དབང་པོའི་དྲོ་སྐྱིད་ཚོར།འདི་ནི།  ང་ཚོའི་ཏང་གི་ཡང་དག་སྲིད་བཟང་གི་དྲོ་སྐྱིད་ཉི་འོད་ཡིན།  ཞོགས་པའི་སྐྱ་རེངས་དབང་ཕྱོགས་ཀྱི་རི་རྩེ་ནས་ཤར་དུས།  ང་ཚོའི་ཏང་གི་ཡང་དག་སྲིད་བཟང་འདི།  ཉི་ཟེར་གྱི་དགའ་མ་དང་འགྲོགས་ནས།  ང་དང་ངའི་མེས་རྒྱལ་གྱི་ཕུགས་འདུན་གླེང་ཞིང་།  སྤྱི་ཚོགས་རིང་ལུགས་གྲོང་གསེབ་གསར་པ་འཛུགས་བསྐྲུན་དང་། གཞི་མཐུན་སྤྱི་ཚོགས་འཛུགས་པ། དམངས་གཞི་བརྟན་གཏོང་།  དམངས་གཙོ་ལེགས་བཅོས་སོགས་བྱས་ཏེ།  གངས་ཅན་གྱི་ཡུལ་གྲུ་འདིར།  མཚར་སྡུག་གི་ཉིན་མོ་གསར་པ་ཞིག་སླེབས་པའི་སྔོན་བརྡ་བཏང་བ་མ་ཟད།  བསིལ་ལྡན་གྱི་ཁ་བའི་ལྗོངས་ལ། དགེ་ལེགས་ཀྱི་དུས་སྟོན་གསར་པ་ཞིག་སླེབས་པའི་འཕྲིན་བཟང་སྒྲོགས་བཞིན་མཆིས།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 ཨེ་མ།  ང་ཡི་མེས་རྒྱལ་ཡ།  དྲོ་ཞིང་འཇམ་པའི་བདེ་སྐྱིད་ཀྱི་འོད་ཟེར།  ཏང་གི་ཉི་འོད་མེད་ན།  པད་མོ་ཇི་ལྟར་བཞད་པ།  མི་རིགས་མཐུན་སྒྲིལ་མེད་ན།  འབྲས་བུ་ཇི་ལྟར་སྨིན་པ།  ངའི་སྙིང་དབུས་ཀྱི་ཞིང་ས་གཤིན་པོ་རུ་དུས་ནམ་ཡང་འགྱུར་བ་མེད་པར་བཞད་པའི་འདབ་བརྒྱའི་མེ་ཏོག་གཅིག་པོ་ཡང་ཁྱེད་ཡིན། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    འཐབ་འཛིང་གི་སྤོབས་པ་དང་སྙིང་སྟོབས་ཀྱང་སྟེར་གྱིན་གདའ།  རེད་ཡ།  ཁྱེད་ནི་ང་ཚོ་ཡི་སྐྱེད་མ།  ཀྲུང་ཧྭ་མ་ཡུམ་གྱི་གཟི་བརྗིད།  དེ་ནི།  བདེ་སྐྱིད་ཀྱི་འོད་ཟེར་དང་མཚུངས།  སྟོན་གསུམ་གྱི་དཔལ་ཡོན་ས་གཞི་ལ་ཤར་དུས།  ཁྱེད་ནི།  འོད་ཟེར་སྟོང་ལྡན་གྱི་ནོར་བུ་ཞིག་དང་འདྲ་བར།  ལེགས་ཚོགས་ཀྱི་འབྲས་བུས་མགོ་ལྕོག་ལྡེམ་པའི་ཁྲོད་དུ།  འཛུམ་འཚེར་གྱི་བཞད་སྒྲ་ལྷག་ལྷག་དུ་དགོད་བཞིན།  བཀྲ་ཤིས་ཀྱི་འཕྲིན་བཟང་སྲིད་གསུམ་གྱི་རྩེ་མོར་སྒྲོག་པར་བྱེད། ཨེ་མ།  སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པའི་རླབས་ཆེན་ཀྲུང་ཧྭ་ཡི་བདེ་སྐྱིད་ནི་ཉི་མའི་འོད་ཟེར་དང་ཀུན་ནས་མཚུངས། 5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     ད་དུང་།  ཁྱེད་ཀྱིས། རྒན་གསོ་རྒན་བཅོལ།  སྨན་བཅོས་འགན་བཅོལ།  དམའ་མཐའི་འཚོ་བའི་འགན་སྲུང་།  ཞི་མཐུན་དཔེ་བཟང་།  རྒྱལ་གཅེས་ཁྲིམས་སྲུང་བཅས་འཛུགས་སྤེལ་བྱས་ཏེ་ང་ཚོ་ལ་སྐུལ་མ་དང་སྟོབས་ཤུགས་ཀྱང་བསྩལ་བྱུང་།  མ་ཡུམ་མེས་རྒྱལ་ཡ ། དྲོ་སྐྱིད་ཀྱི་ཉི་མའི་འོད་ཟེར། དེར་བརྟེན།  འོད་གསལ་གྱི་ལམ་ཆེན།  གཟི་བརྗིད་ཀྱི་ལས་འགན།  བདེ་སྐྱིད་ཀྱི་འཚོ་བ།   འཐབ་འཛིང་གི་གླུ་དབྱངས།  མ་ཡུམ་མེས་རྒྱལ་ཕྱོགས་ལ་ཕུལ་དང་འབུལ་བཞིན་མཆིས།  དེར་བརྟེན།  དགའ་བའི་ཕ་ཡུལ།  མཛེས་པའི་བོད་ལྗོངས་ནས། བཀྲ་ཤིས་འཕྲིན་བཟང་སྲིད་གསུམ་གྱི་རྩེ་མོར་སྒྲོགས་པར་བྱེད་དེ།  རླབས་ཆེན་གྱི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་།  ཁྱེད་ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་ནམ་ཡང་ཡལ་བ་མེད་ལ།  ཁྱེད་དུས་ནམ་ཡང་ང་ཚོའི་ཡིད་ཀྱི་ནམ་མཁའ་ལ་རྒྱུ་བ་དང་།  5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

75Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཁྱེད་རང་དུས་གཏན་དུ་ང་ཚོའི་སྐྱབས་དང་མགོན་དུ་བཞུགས་པར་སྨོན།།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རང་ཉིད་ལ་སྲུང་སྐྱོབ་བྱས་པ་དང་མཚུངས།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

           དེ་རིང་ངས་ལོ་རིམ་བཞི་པའི་འཛིན་གྲྭ་གསུམ་པའི་སློབ་མ་ཡོངས་ཀྱི་ཚབ་ཞུས་ནས་རྒྱལ་དར་འོག་ཏུ་གཏམ་བཤད་བྱ་རྒྱུ་ནི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རང་ཉིད་ལ་སྲུང་སྐྱོབ་བྱས་པ་དང་མཚུངས་ཅེས་པ་དེ་ཡིན།     ཁོར་ཡུག་ནི་ང་ཚོ་འཚོ་གནས་བྱེད་པའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན།  གྲོགས་པོ་ཆུང་ཆུང་ཚོ།  ང་ཚོ་ཉིན་གཅིག་གི་འཚོ་བ་མང་ཆེ་བ་སློབ་གྲྭའི་ནང་སྐྱེལ་བཞིན་ཡོད་པས།  སློབ་གྲྭ་ནི་ང་ཚོ་འཚོ་གནས་བྱེད་སའི་ཁོར་ཡུག་གཙོ་བོ་ཞིག་ཏུ་གྱུར་ཡོད།     དེར་བརྟེན།  སློབ་གྲྭའི་ཁོར་ཡུག་དང་ང་ཚོའི་དབར་ཉ་ཆུ་ལྟ་བུའི་འབྲེལ་བ་ཡོད།ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་ནི་རང་ཉིད་ལ་སྲུང་སྐྱོབ་བྱས་པ་ཞིག་ཡིན།གལ་ཏེ་ང་ཚོས་ཁོར་ཡུག་ལ་གཏོར་བཤིག་བཏང་ན།   ང་ཚོའི་འཚོ་གནས་ཀྱི་ཆ་རྐྱེན་གཏོར་བཤིག་བཏང་བ་དང་ཁྱད་མེད།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དུས་རྒྱུན་འགྲོ་འོང་བྱེད་སྐབས་རང་ཉིད་ལ་ཕན་མི་ཐོགས་པའི་དངོས་པོའམ་རྔན་པ་བཟས་རྗེས་ཀྱི་བླུགས་སྣོས་སོགས་གང་བྱང་དུ་མ་གཡུགས་པ་དང་།རླུང་བུ་ལྡང་བ་དང་བསྟུན་ནས་ག་ས་ག་རུ་ཤོག་སྙིགས་ཀྱི་གང་ངེས་པས།    ཚང་མས་ང་ཚོ་དང་ཁྱོད་ཚོའི་གཙང་སྦྲའི་ཁོར་ཡུག་གི་དབྱེ་བ་མེད་པར་ལག་ཆུང་གཉིས་པོས་གད་སྙིགས་བླུགས་སྣོད་ནང་དུ་བླུགས་ན།ང་ཚོའི་སློབ་སྦྱོང་བྱེད་སའི་ར་བ་འདི་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་སྲིད།       ཁོར་ཡུག་སྲུང་སྐྱོབ་དང་མཛེས་པོ་ཞིག་བསྐྲུན་རྒྱུའི་འདུ་ཤེས་དེ་ང་ཚོ་རང་ཉིད་ནས་འགོ་འཛུགས་དགོས།ང་ཚོས་རྒྱུན་གཏན་འཚོ་བའི་ཁྲོད་གྲོན་ཆུང་ཧུར་ཐག་བྱས་ཏེ་འཕྲོ་བརླག་མི་གཏོང་བ་དང་། ཐོན་ཁུངས་གཅེས་སྤྲས།འཕྲོད་བསྟེན་རྒྱུན་འཁྱོངས། འབག་བཙོག་གཏན་འགོག་བྱ་རྒྱུར་འབར་དང་།       གྲོགས་པོ་ཆུང་ཆུང་ཚོ། ང་ཚོས་རང་ཉིད་ནས་འགོ་བཙུགས་སྟེ། ད་ལྟ་ནས་འགོ་བཙུགས་སྟེ་ཚང་མས་མཉམ་དུ་ང་ཚོའི་དྲོ་སྐྱིད་ལྡན་པའི་དགའ་ཚལ་འདི་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུར་འབད་དང་།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

85Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཛེས་པའི་རང་བྱུང་ཁམས།

རང་བྱུང་ཁམས་སུ་སྐྱེ་དངོས་ཤིན་ཏུ་མང་།   དེ་དག་ལ་ཚང་མ་ལ་སོ་སོའི་ཁྱད་ཆོས་དང་དགེ་མཚན་ཡོད་པས་ས་གཞི་རི་མོ་དེ་ཕུན་སུམ་ཚོགས་པར་གྱུར།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རང་བྱུང་ཁམས་ནི་ངོ་མཚར་ལྡན་ལ་དྲོ་སྐྱིད་སྡན་པས་ཉིན་ལྟར་བསམ་ཡུལ་འདས་པའི་གནས་ཚུལ་ཡང་ཐོན་སྲིད།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ང་ཚོ་མིའི་རིགས་ནི་སྲོག་ཆགས་དེ་དག་གི་ཁྲོད་ནས་བསམ་བློ་གཏོང་ཤེས་མཁན་དང་ལེགས་ཉེས་བླང་དོར་འབྱེད་ཤེས་མཁན།   ཀླད་པ་དཀྲུགས་ཤེས་མཁན་སོགས་ཡིན་པས་ང་ཚོས་ངེས་པར་དུ་རང་བྱུང་ཁམས་དེ་ལ་སྲུང་སྐྱོབ་བྱེད་དགོས།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཁོར་ཡུག་སྲུང་སྐྱོབ་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པས་རང་ནས་འགོ་ཚུགས།     དེ་རིང་ནས་འགོ་ཚུགས།   ང་ཚོ་མཉམ་དུ་མཛེས་པའི་རང་བྱུང་ཁམས་དེར་སྲུང་སྐྱོབ་བྱེད།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གལ་ཏེ་ཁྱེད་རང་སྐྱིད་པའི་འཚོ་བ་ཞིག་དང་མཛེས་པའི་ས་ཆ་རུ་བསྡད་འདོད་ན་ཁོར་ཡུག་སྲུང་སྐྱོབ་བྱེད།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཁོར་ཡུག་སྲུང་སྐྱོབ་བྱེད་པར་གནས་ཚུལ་ཆུང་ངུ་ནས་འགོ་བརྩམས་ཆོག   དཔེར་ན་གད་སྙིགས་གང་བྱུང་དུ་མ་གཡུགས་པ་དང་ཤོག་བུ་འཕྲོ་བརླག་མི་གཏང་བ་སོགས་ལ་དོ་སྣང་བྱེད་དགོས།5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཛེས་པའི་རང་བྱུང་ཁམས།   མཛེས་སྡུག་ཡིད་དུ་འོང་བའི་ཕ་ཡུལ་རུ་ཐོག    ཁྱེད་ཀྱི་མཛེས་ལྗོངས་དེ་ནམ་ཡང་འགྱུར་བ་མི་འགྲོ་བར་ཤོག5Hm康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论