དཔེ་ཀློག་ལ་འཇུག་པའི་གཙོ་གནད་ཉི་ཤུ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

དཔེ་ཀློག་ལ་འཇུག་པའི་གཙོ་གནད་ཉི་ཤུ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མྱུག་ཆར།  ཀློག་གྲངས །: སྤེལ་དུས། : 2020-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—«དཔེ་ཀློག་གི་ཐབས་ལམ།»ཅེས་པ་བཀླགས་པའི་དཔྱད་མཆན།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

དཔེ་ཆ་དང་ལས་འབྲེལ་ཡོད་པའི་སྐོར།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      སྤྱིར་དཔེ་ཀློག་ནི་སྐྱ་སེར་ཕོ་མོ་དང་རྒན་དར་གཞོན་གསུམ།དེ་མིན་དཔོན་འབངས་དང་དབུལ་ཕྱུག་སོགས་མེད་པར་མི་ཡོད་དོ་ཅོག་གི་མི་ཚེ་དོན་ལྡན་ཡོང་བའི་ཐབས་ལམ་གཅིག་པོ་ཡིན་ཞེས་དཔྱོད་ལྡན་དག་གིས་སྨྲ་ལ།དཔེ་ཀློག་གིས་ཁྱོད་ཀྱི་བསམ་བློ་དང་མི་གཤིས།རིན་ཐང་སོགས་བླ་ན་མེད་པ་ཞིག་ཏུ་བསྒྱུར་སྲིད་པས།མི་ཚེ་གང་བོར་དཔེ་ཀློག་ལ་གཞོལ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད།ང་ཚོས་འདི་ལྟར་བསམ་ཆོག་སྟེ།སྤྱི་ཚོགས་སྟེང་གི་ཞ་ར་དང་འོན་པ།སྨྱོན་པ་དང་ལྐུགས་པ་སོགས་དབང་བོ་སྐྱོན་ཅན་རྣམས་དང་བསྡུར་ན་ང་ཚོ་ལ་སློབ་སྦྱོང་དང་དཔེ་ཀློག་གི་ཆ་རྐྱེན་གཞལ་དུ་མེད་པ་དེ་ཚང་ཡོད།རྒྱའི་བཤད་སྲོལ་ལ།བདེ་ཐང་ནི་གསར་བརྗེའི་མ་གདན་ཡིན་ཟེར་བ་བཞིན་གོ་སྐབས་འདི་འདྲ་གཅེས་སུ་འཛིན་རྒྱུ་ནི་གལ་ཆེ་བ་ཞིག་རེད།གཞན་ཡང་ན་སོ་གཞོན་པ་དང་སློབ་སྐལ་རྙེད་པ་སོགས་ནི་མི་གང་ཡིན་ཡིན་ལ་ཐོབ་པ་ཞིག་མིན་པས་གོ་སྐབས་འདི་འདྲ་གཅེས་སུ་འཛིན་རྒྱུ་ནི་རང་ཉིད་མི་གང་འདྲ་ཞིག་ཏུ་བསྒྱུར་རྒྱུའི་གནད་ཀྱི་དམ་པ་ཡིན་ནོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

དང་པོ།དཔེ་ཆ་ཀློག་པའི་དགེ་བ་འམ་ཅིའི་ཕྱིར་བཀླག་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དཔེ་ཆ་ཀློག་པའི་དགེ་བ་ནི་གནས་ལུགས་ལ་དཔྱོད་པའི་ཤེས་རབ་འཕེལ་བར་བྱེད་དེ་རང་སྟེང་གི་ནོར་འཁྲུལ་དང་རང་ཉིད་ངོས་ཟིན།རང་གི་རིན་ཐང་སོགས་ཤེས་པའི་རྨང་གཞིའི་སྟེང་རང་གི་བསམ་བློ་དང་མི་གཤིས་ཀུན་སྤྱོད།རིན་ཐང་འདུ་ཤེས་སོགས་ལེགས་པོར་ཚུགས་པར་བྱ་དགོས་པ་དེ་རེད།དེ་ལྟར་ཡོང་དགོས་ན་དཔེ་ཆ་མང་པོ་ཞིག་ཀློག་དགོས་ཡོད་དེ།བཤད་རྒྱུན་ལ་ཅི་ལྟར་དཔེ་ཀློག་མང་བ་དེ་ལྟར་དཔེ་ཀློག་ལ་གོམས་པར་འགྱུར་ལ།ཅི་ལྟར་དཔེ་ཀློག་ལ་གོམས་པར་འགྱུར་བ་དེ་ལྟར་དཔེ་ཀློག་ལ་མཁས་པར་ཡང་འགྱུར་ཞེས་པ་དེ་བཞིན་ཡིན་པ་རེད། ང་ཚོས་དཔེ་ཀློག་བྱེད་དེ་ལོ་ངོ་སྟོང་ཕྲག་སྔོན་གྱི་མི་རྣམས་ཀྱི་བསམ་བློ་རྟོགས་ཐུབ་པར་མ་ཟད་དེ་དག་ལ་ཁ་བརྡ་བྱེད་ཆོག་པ་དང་། ང་ཚོས་སྔོན་ཐོན་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་དག་གི་གནས་ཚུལ་གསལ་བོ་རྟོགས་ཐུབ་པ་ཡིན། ང་ཚོས་གོམས་པས་འཇལ་མི་ཐུབ་པའི་ས་དང་མིག་གིས་མཐོང་མི་ཐུབ་པའི་ས་རུ་ཡི་གེ་ཐོན་ཐུབ་པས་རང་གི་མཐོང་རྒྱ་བསྐྱེད་དགོས་ན་དཔེ་ཀློག་ལས་གཞན་ཞིག་ཡོད་པ་མ་རེད། ངོས་གཞན་ཞིག་གི་སྟེང་ནས་བཤད་ན་འུ་ཚོའི་མི་རབས་འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆེས་དམིགས་བསལ་གྱི་མི་རབས་ཤིག་ཏུ་འཁེལ་ཡོད་ངེས་ལ། མི་རིགས་དང་རིག་གཞུང་ལ་མཚོན་ན་ཆེས་ཆག་འཇིག་གི་འགག་སྒོ་རུ་ཚུད་པའི་དུས་ཤིག་ཡིན།སྐབས་འདིར་ང་ཚོར་ཐབས་ལམ་གཅིག་ཡོད་པ་ནི་མི་རྣམས་ཀྱིས་དཔེ་ཀློག་མང་ཙམ་བྱེད་དགོས་བ་དེ་རེད། དེ་ནི་མི་རིགས་སྤྱི་ལ་སེམས་ཁུར་བྱེད་མཁན་གྱི་མི་སྣ་དག་གིས་ནུས་པ་ཞིག་ཡིན། གཞན་ཡང་རང་རང་གི་ལྟག་རྒྱབ་ན་རེ་བའི་ཕ་མ་དང་རང་རང་གི་ཆེད་དུ་སློབ་གཉེར་བྱེད་དགོས།དེ་གསལ་བོ་ཞིག་མ་བཤད་ཀྱང་ཚང་མས་གསལ་བོར་ཤེས་བས་འདི་ཙམ་གྱིས་འཐུས་བར་བྱ།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གཉིས་པ།དཔེ་ཆའི་གདམ་གསེས་ཡང་དག་ཡིན་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ང་ཚོས་མིག་ལ་ཐོགས་ཚད་དང་ལག་པས་རེག་ཚད་ཀྱི་དཔེ་དེབ་ཡོད་རྒུ་བཀླག་དགོས་ཚེ།མིག་སྟོང་ཅན་ཡིན་རུང་ངལ་བར་འགྱུར་ཞེས་པ་བཞིན་དཔེ་ཆ་མང་པོ་ཞིག་ཐུང་ཐུང་གི་མི་ཚེ་གཅིག་ལ་བལྟ་མི་ཐུབ་པ་ཁོ་ཐག་ཡིན།དེ་བས་ངེས་པར་དུ་དཔེ་ཆ་བཟང་བོ་ལ་བལྟ་རྒྱུ་ཤིན་ཏུ་གལ་ཆེ།དེབ་ཞིག་ལས་གསལ་བ་ལྟར་གཞོན་ནུ་ཞིག་འཚར་ལོངས་འབྱུང་བའི་གནད་འགག་གི་དུས་སུ་དཔེ་ཆ་ཡིས་དེའི་མི་ཚེའི་ལམ་བུ་གདམ་དུ་བཅུག་པར་བྱེད་དེ།གལ་ཏེ་ཡར་སྐུལ་གྱི་དཔེ་ཆ་ཀློག་ན་བརྩོན་འགྲུས་ཀྱི་གོ་ཆ་གྱོན་པར་འགྱུར་ཞིང་།གལ་ཏེ་འདོད་ཆགས་དང་བཙན་ཤེད་ཀྱིས་་དཔེ་ཆ་ཀློག་ན་ལོག་ལམ་འཕྱན་པར་འགྱུར་འགྲོ་བ་རེད།དེ་ལས་ཀྱང་གལ་ཆེ་བ་ནི་རང་རང་གི་མི་ཚེའི་ཁ་ཕྱོགས་དང་འཚམ་པ།དམིགས་ཡུལ་དང་འབྲེལ་བ་ཡོད་པ།ཆེད་ལས་དང་འབྲེལ་བའི་དཔེ་ཆར་བལྟ་དགོས།འདིར་དེབ་ནང་གི་དཔེ་མཚོན་ཙམ་བགྲང་ན་ཀྲོའུ་ཐུའོ་རིན་གྱིས་ཕྱོགས་ལྔ་ནས་དཔེ་ཀློག་གི་རེ་བ་བཏོན་ཡོད་པ་རེད།གཅིག་ནི་རང་ཉིད་སྒེར་མི་ཞིག་ཡིན་པའི་ཆ་ནས།ངེས་པར་དུ་སྐྱེས་མཆེད་རིག་པ་དང་སེམས་ཁམས་རིག་པ།གསོ་རིག་གི་ཤེས་བྱར་བལྟ་དགོས།དེ་ལས་སྐྱེས་མཆེད་རིག་པ་སྟེ་ཚད་མ་རིག་པའི་སྐོར་གྱི་ཤེས་བྱར་ཐོག་མར་བལྟ་དགོས།གཉིས་ནི་འགྲོ་བ་མི་ཞེས་པ་ངོ་ཟིན་པའི་ཆེད་དུ་ངེས་པར་དུ་སྐྱེ་དངོས་རིག་པ་དང་སྤྱི་ཚོགས་རིག་པ།དམངས་སྲོལ་རིག་པ་དང་ལོ་རྒྱུས་རིག་པའི་ཕྱོགས་ཀྱི་ཤེས་བྱར་བལྟ་དགོས།གསུམ་ནི་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བར་རྒྱུས་ལོན་བྱེད་ཆེད།གནམ་རིག་དང་ས་ཁམས་རིག་པ།དངོས་ལུགས་རིག་པ།རྫས་འགྱུར་རིག་པ་སོགས་ཀྱི་ཤེས་བྱར་བལྟ་དགོས།བཞི་ནི་ཚན་རིག་གི་རྨང་གཞི་འཇོག་པའི་ཆེད་དུ།རྩིས་རིག་དང་མཚན་ཉིད་རིག་པའི་ཤེས་བྱར་བལྟ་དགོས།ལྔ་ནི་སྒྱུ་རྩལ་ལ་བློ་སྦྱོང་ཡོད་པའི་ཆེད་དུ།ལྷ་སྒྲུང་དང་རྩོམ་རིགསྒྱུ་རྩལ་དང་སྒྱུ་རྩལ་རིག་པའི་ལོ་རྒྱུས་ལ་བལྟ་དགོས་སོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གསུམ་པ། དཔེ་ཆ་ཇི་ལྟར་བལྟ་དགོས་པའི་སྐོར།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དེ་ང་ཚོས་རྒྱུགས་ཤོག་འབྲི་བ་ནང་བཞིན་སླ་བ་རྣམས་སྔོན་ལ་བལྟ་བ་དང་དཀའ་བ་རྣམས་རྗེས་ལ་བལྟས་ན་ཕན་ཐོགས་ཡོད་ངེས།ང་ཚོས་རྒྱུན་པར་དཔེ་ཆ་བལྟས་པའི་མངར་ཆ་དེ་མྱོང་དུ་འཇུག་ནས་དཔེ་ཆ་བལྟ་བའི་གོམས་གཤིས་ཆགས་དགོས། གཙོ་བོ་དགའ་བཞིན་སྤྲོ་བཞིན་ལྟ་བ་དང་ཤེས་འདོད་ཀྱིས་ལྟ་བ།རང་ཉིད་ལ་ཡིད་ཆེས་ཡོད་བཞིན་ལྟ་བ།ལག་ལེན་དང་སྦྲེལ་ནས་ལྟ་བ་ཤིན་ཏུ་གལ་ཆེན་ཞིག་རེད།ང་ཚོས་རང་རང་གི་མོས་པ་བཞིན་རང་ལ་ཕན་ཐོགས་པ་ཞིག་ཡིན་ན་མགོ་ནས་མཇུག་བར་དུ་ཀློག་དགོས་ལ།དེ་ནས་ཅུང་དགོས་གལ་ཆུང་བ་ཞིག་ཡིན་ན་བམ་ཀློག་བྱེད་པས་ཆོག ཡང་ཁ་ཤས་མགོ་བརྗོད་དང་མཇུག་བྱང་ལ་བལྟས་པས་ཆོག་ལ། ཁ་ཤས་དཀར་ཆག་ཁོ་ནར་བལྟས་པས་ཆོག་པ་ཡིན།དེ་བཞིན་ང་ཚོས་རྩོམ་ཡིག་ཅིག་ཀློག་ན་ཡང་ཁ་ཤས་ནང་དོན་གནད་བསྡུས་ལ་བལྟས་བས་ཆོག་ལ།ཁ་ཤས་ཤིག་ས་བཅད་གཅིག་གམ་དུམ་ཚན་གཅིག་ལ་བལྟས་པ་ཙམ་གྱིས་ཆོག་པ་རེད། འདིར་རྨེ་གྭ་ཚེ་རིང་བསམ་གྲུབ་ཚང་གིས་དཔེ་ཀློག་ལ་མཁས་དགོས་ན་ཐབས་ལམ་ཕྱོགས་དྲུག་ཙམ་བསྟན་ཡོད་པ་ནི་ཞིབ་ཀློག བསམ་གཞིག་གིས་ཀློག་པ། བསྐྱར་ཀློག མྱུར་ཀློག བམ་ཀློག བསྡུར་ཀློག་བཅས་ཡིན་པ་རེད།འདིའི་ལུགས་དང་མི་མཐུན་པའི་ལྟ་ཚུལ་མང་བོ་ཞིག་ཡོད་པས་དཔེ་ཆར་དགའ་བའི་མི་ཞིག་ཡིན་ན་དཔེ་ཆ་འདི་ཁྱོད་ཀྱི་གྲོགས་པོར་འགྱུར་ན་འདིས་ཕན་པ་རྒྱ་ཆེན་པོ་ཞིག་ཡོད་གདོན་མི་ཟའོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཞི། རང་ཉིད་ཀྱི་དགའ་ཕྱོགས་བཞིན་དཔེ་ཆ་བལྟ་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དེ་ཡང་ཨ་ཁུ་སྒོ་ཤེས་རབ་རྒྱ་མཚོ་ཚང་གིས་གསུངས་མྱོང་བ་བཞིན་རི་མོ་བའི་ཁྱིམ་གྱི་དཔེ་སྒྲོམ་དུ་རི་མོ་དང་འབྲེལ་བའི་དཔེ་ཆས་གང་ཡོད་པ་དང་རྩོམ་རིག་པའི་ཁྱིམ་གྱི་དཔེ་སྒྲོམ་དུ་གཙོ་བོ་རྩོམ་རིག་སྐོར་གྱི་དཔེ་ཆས་གང་ཡོད་པ།ཁེ་ལས་བའི་ཁྱིམ་གྱི་དཔེ་སྒྲོམ་སྟེང་དུ་གཙོ་བོ་ཚོང་ལས་བསྐོར་གྱི་དཔེ་ཆས་གང་ཡོད་པ།དེ་བཞིན་ཁྲིམས་ལུགས་ཆེད་མཁས་པའི་ཁྱིམ་གྱི་དཔེ་སྒྲོམ་དུ་གཙོ་བོ་ཁྲིམས་ལུགས་སྐོར་གྱི་དཔེ་ཆས་གང་ཡོད་པ་ནི་དཔེ་མཚོན་གཙོ་བོ་ཉིད་དེ། མི་རེ་རེའི་མི་ཚེའི་འཚོལ་སྙེག་མ་འདྲ་བ་ལས་གང་བལྟ་བྱའི་དཔེ་ཆའི་གདམ་གསེས་ཀྱང་མི་འདྲ་བ་འབྱུང་གི་ཡོད་པ་རེད། དེ་ནི་གཙོ་བོ་རང་རང་གི་དགའ་ཕྱོགས་རེད། འཚོ་བ་སྐྱེལ་སྟངས་ཤིག་ཀྱང་རེད་སྙམ། དགའ་ཕྱོགས་ནི་ཆེས་མཆོག་ཏུ་གྱུར་བའི་དགེ་རྒན་ཡིན་ཞེས་པ་ནང་བཞིན་རང་གི་བསམ་བློའི་མ་ལག་དང་དམིགས་བྱ་ལ་འཚམ་པའི་ཆ་དེ་འཛིན་རྒྱུ་དང་རང་རང་གི་མོས་པ་བཞིན་དཔེ་ཆ་ཀློག་རྒྱུ་ནི་གཙོ་གནད་ཡིན་ནོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ལྔ་བ། རང་གི་བློ་ཁ་དང་འཚམ་པའི་དཔེ་ཆ་བལྟ་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དེ་ཡང་དཔེ་མང་ཀློག་པ་ཤེས་རབ་འཆལ་བའི་རྒྱུ་ཡིན་ཞེས་པ་ནང་བཞིན་དཔེ་ཆ་ཡོད་རྒུ་ཀློག་དགོས་ན་དེ་དཀའ་མོ་ཞིག་རེད། གཙོ་བོ་རང་གི་མི་ཚེའི་ཁ་ཕྱོགས་དང་འཚམ་པ།དམིགས་ཡུལ་དང་མཐུན་པ། ཆེས་ལས་དང་འབྲེལ་ཡོད་དག་འདེམས་དགོས་པ་རེད། ངའི་ཉེ་འཁོར་གྱི་མི་མང་ཤོས་ཤིག་གིས་གཞུང་ལུགས་དང་བསྟན་བཅོས་སོགས་ལ་མཇལ་དགོས་ཟེར་ནས་དཔེ་ཀློག་གི་གཟུགས་བརྙན་འཛིན་རྒྱུ་ཤིན་ཏུ་དགའ།སྤྱིར་མི་ཚེ་ཤེས་རབ་ལ་གཏད་པའི་མི་ཞིག་གི་ངོས་ནས་གཞུང་དང་བསྟན་བཅོས་སོགས་ལ་མཇལ་དགོས་པ་ལོས་ཡིན་མོད།ལས་དང་བོ་ཞིག་གི་ངོས་ནས་ཆོས་ཀྱི་བྱིན་རླབས་ཤིག་ཡིད་སྲིད་མོད།སློབ་སྦྱོང་གི་སྤུས་ཚད་ཤིན་ཏུ་ཞན་པ་རེད།ཅིའི་ཕྱིར་ཞེ་ན་ང་ཚོས་སློབ་སྦྱོང་དང་འབྲས་བུ་ངེས་ཅན་ཞིག་མ་བསག་ན།དེའི་བསམ་བློའི་སྙིང་བོ་རྟོགས་ཐུབ་པ་མ་རེད།དེ་བས་རང་ཉིད་ཀྱི་བསམ་བློ་དང་མི་ཚེའི་རིན་ཐང་གི་ལྟ་ཚུལ་ལ་ལས་སྣོན་དང་འདུ་ཤེས་གསར་བའི་མ་རྐང་འཇོག་དགོས་ན་ངེས་པར་དུ་རང་གི་བསམ་བློ་དང་འཚམ་པའི་དཔེ་ཆ་བལྟ་དགོས། དེ་ཡང་སྡོམ་ཚིག་ཅིག་བཀོད་ན། སློབ་དཔོན་མར་མེ་མཛད་ཀྱིས།ཚེ་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།།ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར།། ཐོག་མར་རང་གི་དགོས་པ་བསྒྲུབ་པར་བྱ།།ཞེས་དཔེ་ཆ་ཀློག་དུས་ངང་བས་ཆུ་ལས་འོ་མ་ལེན་པ་ལྟར་གདམ་ང་བྱ་དགོས་ཤིང་།རང་གི་མི་ཚེའི་འཕྲལ་ཡུན་གཉིས་ཀ་ལ་ཕན་པའི་ཤེས་བྱ་དང་དཔེ་ཆ་གདམ་རྒྱུ་གལ་ཆེ།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

དྲུག་པ། བསམ་གཞིག་ཡོད་པའི་སྒོ་ནས་བལྟ་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དེ་ཡང་སྐུ་ཞབས་ཞོགས་དུང་གིས་བསམ་གཞིག་ཡོད་པའི་དཔེ་ཆ་པ་ནི་དཔེ་ཆའི་བདག་པོ་དང་།བསམ་གཞིག་མེད་པའི་དཔེ་ཆ་པ་ནི་དཔེ་ཆའི་བྲན་གཡོག་ཡིན་ཞེས་པ་བཞིན་གལ་ཏེ་མི་ཚེ་གང་བོར་དཔེ་ཆའི་ནང་དོན་ཁོ་ན་ལ་བལྟས་པ་ལས་རང་ཉིད་ལ་དབྱེ་འབྱེད་ཀྱི་བསམ་བློ་མེད་ཅིང་།རང་ཉིད་དཔེ་ཆའི་ནང་དོན་ཁོ་ན་ལྟར་བཀོལ་སྤྱོད་བྱེད་པ་ཡིན་ན།རང་ཉིད་དཔེ་ཆའི་བྲན་གཡོག་ཏུ་འགྱུར་བ་རེད།རང་ཉིད་ལ་བསམ་བློ་མེད་བཞིན་དཔེ་ཆ་མང་པོ་ཞིག་ཁོང་དུ་ཆུབ་པའི་མི་དེ་ནི་བོང་བུ་ལ་དཔེ་ཆ་རྒྱབ་གཅིག་བཀལ་བ་དང་འདྲ་ཞེས་གསུངས་པ་བཞིན་བསམ་གཞིག་སྔོན་དུ་འགྲོ་རྒྱུ་ནི་གལ་ཆེ།མཁས་པ་མང་པོ་ཞིག་ནི་རང་གི་བསམ་གཞིགས་དང་དཔེ་ཀློག་གཉིས་ཟུང་འབྲེལ་བྱེད་དེ་བྱུང་བ་རེད།དེ་ལྟར་བྱས་པས་ཁོ་ཚོར་རང་རངགི་བསམ་བློ་དང་ལྟ་བ།འདུ་ཤེས་སོགས་ཆགས་པ་རེད།བཤད་རྒྱུན་ལ་རང་ཉིད་ཀྱི་ཀླད་པ་མི་གཞན་གྱི་རྟ་རྒྱུགས་སར་གཏང་མི་རུང་ཟེར་བ་དེ་བཞིན་དཔེ་ཆ་ཀློག་སྐབས་མི་གཞན་པས་ང་ཚོའི་ཚབ་བྱས་ཏེ་བསམ་བློ་གཏོང་བཞིན་ཡོད།ང་ཚོས་ང་ཚོའི་ཀླད་པ་དེ་མི་རྣམས་ཀྱི་བསམ་བློའི་འགུལ་སྐྱོད་ཀྱི་ར་བ་ཞིག་ལ་འགྱུར་ཏུ་འཇུག་མི་རུང་ངོ་།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བདུན། དཔེ་ཀློག་གི་གོམས་གཤིས་ཆགས་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་ཆགས་དགོས་ན་རྒྱུན་འཁྱོངས་བྱེད་པ་དེ་རེད།ཉིན་རེར་དཔེ་ཀློག་གི་དུས་ཚོད་ངེས་ཅན་ཞིག་གཏན་འཁེལ་བྱེད་དགོས་ཤིང་།ཀློག་འདོད་ཡོད་དུས་ཀློག་པ་དང་མེད་དུས་མི་ཀློག་པ་ཙམ་གྱིས་གོམས་གཤིས་བཟང་པོ་ཞིག་ཆགས་མི་ཐུབ།གཞན་རང་གི་ལྟ་འདོད་ཡོད་པའི་དཔེ་ཆར་བལྟས་ན་དཔེ་ཀློག་གི་མཐུན་རྐྱེན་དུ་འགྲོ་བར་བཤད།དཔེ་ཆ་མ་ཤེས་པའི་སྐྱོན་ཆ་དང་དགེ་མཚན་སོགས་ཤེས་ན་ཡང་དཔེ་ཀློག་གི་གོམས་གཤིས་ཆགས་འགྲོ་བར་བཤད།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བརྒྱད་པ། དཔེ་ཀློག་ནི་གནས་སྐབས་ཀྱི་ཁེ་ཕན་སྒྲུབ་ཐབས་ཤིག་མིན།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དཔེ་ཀློག་ནི་མི་ཚེ་གང་བོའི་དོན་དག་ཡིན་པས་དེ་གཞོན་ནུ་རྣམས་དང་ཁ་འབྲལ་ཐབས་མེད་པའི་ཚེ་སྲོག་གི་འཕར་རྩ་དང་ལམ་སྟོན་གྱི་བཤེས་གཉེན་ལྟ་བུ་ཡིན།དཔེ་ཀློག་ནི་ཚེ་གང་གི་སློབ་གསོའི་མ་དངུལ་བཏང་ཚད་ལས།ཁེ་སྤོབས་ཆེས་ཆེ་ཤོས་དེ་ཡིན་སྲིད་པས་ང་ཚོས་དཔེ་ཀློག་གི་དམིགས་ཚད་ནི་ཚེ་གང་བོར་ཕྱོགས་པ་ལས་གནས་སྐབས་ཙམ་གྱི་ཁེ་ཕན་དང་སྙན་གྲགས་སོགས་ལ་དམིགས་ན་གཏན་ནས་འགྲིག་པ་མ་རེད།ད་སྐབས་མང་པོ་ཞིག་གིས་གཞན་གྱི་བསྟོད་ཚོགས་དང་རང་ཉིད་ཤེས་ཡོན་པ་ཞིག་ཡིན་པའི་གཟུགས་བརྙན་འཛིན་པའམ།ཡང་ན་ལུང་ཙམ་ངེས་རྒྱུ་ཁོ་ནར་གཙིགས་འཛིན་གྱིས་དཔེ་ཆའི་བར་གསེང་ཉུལ་བ་ནི་ངལ་བའི་རྒྱུ་ལས་མ་འདས་སོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

དགུ་བ། ངལ་གསོ་མེད་པར་རྒྱུན་མཐུད་ངང་དཔེ་ཆ་ཀློག་མི་རུང་།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      «དཔེ་ཀློག་གི་ཐབས་ལམ།»ལས་གསལ་བ་ལྟར་མི་ཞིག་གིས་རིག་པ་བསྒྲིམས་ནས་དཔེ་ཆ་ཀློག་པའི་དུས་ཡུན་ནི་སྐར་མ25ཡིན་ན་འོས་ཤིང་འཚམ་ལ།དེ་ལས་བདའ་ན་རིག་པའི་སྒྲིམ་ཤུགས་རིམ་བཞིན་ཉམས་འགྲོ་བར་བཤད།དེ་བཞིན་ངལ་གསོ་མེད་པར་ལྟ་ཡུན་རིང་དྲགས་ན་ཁམས་དང་རྣམ་ཤེས་ཉོབ་པར་འགྱུར་བས་ངལ་གསོ་རན་དུས་ངལ་གསོ་ཤེས་དགོས་པ་ཡང་སློབ་སྦྱོང་གི་རྩ་བའི་གནད་གཙོའི་གྲས་ཤིག་ཡིན།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅུ་བ། དཔེ་ཀློག་ལ་དགའ་སྣང་དང་མཚར་སྣང་གཉིས་ཀ་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དཔེ་ཀློག་ལ་དགའ་སྣང་མེད་པ་ཟས་ཀྱི་ཡི་ག་ཆད་འགྲོ་བ་བཞིན་དུས་ཡུན་རིང་པོ་ཞིག་ལ་རྒྱུན་འཁྱོངས་བྱེད་དཀའ་བ་རེད།དཔེ་ཀློག་དེ་ཡང་རང་གི་གྲོགས་པོ་དག་དང་འདྲ་བ་རེད།བློ་ཁོག་མཐུན་པ་ཞིག་ཡིན་ན་དེ་ལ་ཁ་བརྡ་མང་པོ་བྱེད་པ་ལྟ་བུ་རེད།དགའ་བ་ནི་དགེ་རྒན་གྱི་མཆོག་ཡིན་ཟེར་བ་བཞིན་དཔེ་ཀློག་གི་སྐབས་སུ་དགའ་སྣང་ཡོད་དགོས་པ་ནི་གལ་ཆེ་བ་ཞིག་ཡིན་ལ།གཞན་ཞིག་ནི་མཚར་སྣང་ཡོད་དགོས་པ་དེ་རེད།ང་ཚོའི་མང་ཆེ་བ་དཔེ་ཆས་ཕར་རྒྱུགས་ཟེར་ན་ཕར་རྒྱུག་པ་དང་།ཚུར་རྒྱུགས་ཟེར་ན་ཚུར་རྒྱུག་རྒྱུ་ཡོད་པ་ལས་རང་སྟོབས་ཀྱི་གོམ་ཁ་བརྟན་པོ་ཞིག་སྤོ་ཐུབ་རྒྱུ་ཡོད་པ་མ་རེད།དེ་ནི་གཙོ་བོ་རང་ལ་བསམ་གཞིག་དང་མཚར་སྣང་མེད་པས་རེད།དཔེ་ཀློག་ལ་མཚར་སྣང་དགོས་ལ་དེ་དགོས་པའི་རྒྱུ་མཚན་ཡ་ཧུ་དཱ་པའི་དཔེ་ཆ་དག་གི་ཁྲོད་ན་གསལ་ལོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅུ་གཅིག་པ། དཔེ་ཀློག་ལ་བློས་གཏོང་ཐུབ་པའི་སྙིང་སྟོབས་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ང་ཚོས་དཔེ་ཀློག་བྱེད་པར་དུས་ཚོད་མང་པོ་བེད་སྤྱོད་བྱེད་དགོས།དེ་ལྟར་ཡིན་ན་ང་ཚོའི་རྩེད་མོར་གཡེང་བའི་དུས་ཚོད་དང་ཡག་གཏོད་པ་སོགས་ཀྱི་དུས་ཚོད་དག་བློས་གཏོང་དགོས།དཔེར་ན།ཁྱོད་ཀྱི་ཡག་གཏོད་པ་དང་རྩེད་མོར་གཡེང་བའི་དུས་ཚོད་མང་སོང་ན།དེས་ཁྱོད་ཀྱི་དཔེ་ཀློག་ལ་བར་ཆད་ཐེབས་པ་སྨོས་ཅི་དགོས།གལ་ཏེ་དཔེ་ཆ་མང་ཙམ་ཀློག་འདོད་ན་ཚད་ལས་བརྒལ་བའི་དུས་ཚོད་མང་པོར་ཡག་གཏོད་པ་དང་རྩེད་མོར་གཡེང་བ་སོགས་དོར་དགོས་པ་ཡིན།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅུ་གཉིས་པ། དཔེ་ཀློག་ལ་མིག་དང་ཁ་དང་ལག་དང་སེམས་བཅས་ཐོན་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      འདི་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཀྱིས་གསུངས་པ་ལྟར་མིག་མ་བསླེབ་ཚེ་དཔེ་ཆ་ཀློག་མི་ཐུབ་པ་ནང་བཞིན་ཁ་ཡང་བསླེབ་ནས་དག་ཆ་ཐོན་དགོས་པ་རེད།མི་གང་མང་ཞིག་གོམས་འདྲིས་སུ་སོང་ཡོད་པ་ནི་ཁ་མ་ཐོན་པར་ཡིད་ཀློག་བྱེད་པ་དེ་རེད།དེ་ལྟར་བཀླགས་པས་ཡིད་འཛིན་འཆོར་སླ་བ།ནང་དོན་རྒྱང་རིང་བ།ཚིག་ཡིད་ལ་ངེས་དཀའ་བ་རེད།སེམས་མ་ཐོན་ན་ཡ་མ་ཡུན་ལ་དཔེ་ཆ་མདུན་ཐད་དུ་སྒྲིག་པ་ཙམ་ལས་བསམ་གཞིགས་ཀྱི་ནུས་པ་ཡོད་ཚད་རྒྱ་ཡན་ཤོར་ཟིན་པས།དེ་ལ་ལས་ཕྱོད་ཅི་ཡང་ཡོད་པ་མ་རེད།དེ་བཞིན་ལག་མ་ཐོན་ན་གནས་སྐབས་ཀྱི་ཡིད་འཛིན་དེ་ལོ་ཟླ་རིམ་ཟད་ཀྱི་ཁྲོད་ནས་གར་སོང་ཆ་མེད་དུ་ཡལ་འགྲོ་བས་རྒྱུན་པར་ལག་འགུལ་ནས་ཟིན་ཐོ་འབྲི་རྒྱུ་ནི་གལ་ཆེན་ཞིག་ཡིན་ནོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅུ་གསུམ་པ། དཔེ་ཆའི་བཟང་ངན་འབྱེད་པའི་ཐབས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དེ་ལ་དགེ་རྒན་རྒྱ་ཡེ་བཀྲ་བྷོའི་ཚང་གིས་འདི་ལྟར་གསུངས་ཡོད་དེ།གཅིག རྩོམ་པ་པོ་གྲགས་ཅན་ཡིན་མིན།གཉིས།དཀར་ཆགགསུམ།མགོ་བརྗོད་ལ་རགས་བལྟ་བྱེད་པ།བཞི་བ།དཔེ་ཆ་དེ་རྩོམ་དུས་དཔྱད་གཞིའི་ཡིག་ཆ་གང་དག་ལ་བལྟས་པ།ལྔ་བ།མཇུག་བྱང་།དྲུག་པ།དཔར་གྲངས།བདུན་པ།དཔེ་བསྐྲུན་ཁང་བཅས་བལྟ་དགོས་པར་བསྟན་ཡོད།གཞན་ང་ཚོས་ཤེས་དགོས་པ་ཞིག་ནི་མི་སོ་སོའི་དགའ་མོས་དང་འདོད་ཕྱོགས།བསམ་བློ་མི་མཐུན་པས་སོ་སོའི་དཔེ་ཆ་བཟང་པོ་དེ་ཡང་གཅིག་རྒྱུ་མ་རེད།རྩོམ་པ་པོ་གྲགས་ཅན་ཡིན་ན་ཁྱོད་རང་གི་ངོས་ཐད་ནས་བཟང་པོ་ཞིག་ཡིན་མིན་ཧ་མི་གོ་བས།ཁྱོད་རང་གི་བསམ་པའི་དགོས་མཁོ་བཞིན་དཔེ་ཆའི་བཟང་ངན་འབྱེད་རྒྱུ་དེ་ཡང་གལ་ཆེ་བར་སེམས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅུ་བཞི་བ། དཔེ་ཆ་ལ་བལྟས་རྗེས་མི་བརྗེད་པའི་ཐབས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ང་ཚོས་དཔེ་ཆ་མང་པོ་ཞིག་བཀླགས་རྗེས་དེ་དག་རེ་རེ་བཞིན་ཡིད་ལ་འཛིན་རྒྱུ་ཟེར་ན་ལོ་ཟླའི་འགྲོས་དང་བསྟུན་ནས་བརྗེད་འགྲོ་བ་ཡིན།ང་ཚོས་སློབ་ཆུང་ནས་སློབ་འབྲིང་།སློབ་འབྲིང་ནས་སློབ་ཆེན་བར་དུ་མང་པོ་ཞིག་བལྟས་མྱོང་བ་ཁོ་ཐག་ཡིན་མོད།ད་ལྟ་ཤོད་ཟེར་ན་ཅི་ཡང་ཡོད་པ་མ་རེད།དེ་བས་དཔེ་ཆ་གང་ཤེས་པ་དེ་ལ་བསམ་པས་བརྡར་ཤ་གཅོད་རྒྱུ་དང།ཤེས་བའི་དོན་དེ་གཞན་ལ་རྣམ་པར་བཤད་ཐུབ་ན་རབ་ཡིན།དེ་ཡང་གཞན་བདམ་གསེས་ཀྱི་སྒོ་ནས་གལ་ཆེ་བའི་ནང་དོན་བློར་འཛིན་རྒྱུ་ཡིན་ན་མི་བརྗེད་པའི་རྐྱེན་དུ་འགྱུར་ཐུབ།དཔེར་ན།ནང་དོན་གཙོ་བོ་དང།ཡང་ན་མི་སྣ།ས་མིང།དུས་ཚིགས་བཅས་བློར་བཟུང་ན།གནད་དོན་གཞན་དག་དེ་དང་འབྲེལ་བ་ཡོད་པས་རྗེས་ནས་བློ་ལ་འཆར་ཐུབ་པའི་དགེ་མཚན་ཡོད་པ་ཤ་སྟག་ཡིན།གཞན་དཔེ་ཆའི་ནང་དོན་གཙོ་བོ་ཡོངས་རྫོགས་རང་གི་སྐད་ཆའི་ལམ་ནས་བཤུ་བ་དང།གཞན་ལ་དཔྱད་བསྡུར་དང་མྱོང་ཚོར་བརྗེ་རེས་བྱེད་པ།ཡང་ནས་ཡང་དུ་རྟོག་དཔྱོད་བྱ་བ།དཔེ་ཆ་གཙོ་བོ་དེ་ཡང་ཀློག་བསྐྱར་ཀློག་བྱེད་པ།གཞན་དགེ་རྒན་བདུད་ལྷ་རྒྱལ་ཚང་གི་བསྒྱུར་རྩོམ་ཞིག་ཏུ་བགྲོ་གླེང་བྱས་པས་ཡིན་མིན་རྟོགས་པར་འགྱུར།ཟིན་བྲིས་བཏབ་པས་ཤེས་བྱ་ཡང་དག་པ་ཅན་དུ་་བྱེད་ཞེས་པ་བཞིན་ཟིན་བྲིས་འགོད་རྒྱུ་ནི་དེ་དག་ལས་ཐབས་ཡག་ཤོས་ཡིན་ནོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅོ་ལྔ་བ། དཔེ་ཀློག་ཟིན་བྲིས་འབྲི་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      རྒྱའི་བཤད་སྲོལ་ལ།ཡིད་འཛིན་བཟང་བོ་ཞིག་ལས་སྨྱུ་གུ་ཆག་པོ་ཞིག་བཟང་ཟེར་བ་ལྟར།དཔེ་ཆ་ཞིག་བཀླགས་ནས་ཡུན་རིང་བོ་མ་ཕྱིན་པར་ནང་དོན་མང་པོ་བརྗེད་ངེས་ཀྱིས་ཤུལ་མེད་དུ་ཁྱེར་འགྲོ་བ་འམ་ཡང་ན་རབ་རིབ་ཏུ་གྱུར་བས་གསལ་བོ་དྲན་མི་ཐུབ།དེ་བས་རང་ལ་ཤུགས་རྐྱེན་ཟབ་པ་དག་འབྲི་དེབ་ཏུ་ཕབ་ནས་ཡང་ཡང་བལྟ་དགོས།དེབ་བཀླགས་རྗེས་ངེས་ཟིན་དང་བློ་བསྐྱེད།མྱོང་བ་དང་ངེས་ཤེས་སོགས་ཟིན་ཐོར་བཀོད་ན་ཕན་པ་རྒྱ་ཆེན་པོ་ཡོད།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅུ་དྲུག་པ། དཔེ་ཀློག་ཟིན་ཐོའི་འབྲི་ལུགས་དང་དགེ་མཚན།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དེ་ཡང་དགེ་རྒན་གྱི་ལིང་འཇིགས་མེད་ཚང་གིས་གསུངས་པ་བཞིན་ལས་དང་པོ་བ་ཞིག་ཡིན་ན་ཐོག་མར་ནང་དོན་གཙོ་བོ་བཤུ་འབྲི་བྱེད་པའི་འབྲི་ཐབས་དེ་སྤྱོད་འོས་ལ།དེ་ནས་རིམ་བཞིན་དཔེ་ཀློག་གི་ཁྱབ་རྒྱ་ཇེ་ཆེར་སོང་ནས་རང་གི་ལྟ་ཚུལ་ཆགས་པའི་ཚེ་ན་དཔྱད་མཆན་གྱི་རྣམ་པའི་ཟིན་ཐོ་འགོད་པ།དེ་ལས་གཞི་རྒྱ་ཆེ་ན་མྱོང་ཚོར་གྱི་རྣམ་པའི་ཟིན་ཐོ་འགོད་པ་སོགས་གཙོ་བོ་ཕྱོགས་གསུམ་ནས་བཤད་ཡོད་དེ།ང་རང་གིས་བལྟས་ན་དང་པོ་དེ་དཔེར་ན་ང་ཚོས་བག་ཆགས་ཟབ་པའི་མཚམས་སུ་རྟགས་རྒྱག་པ་འམ་ཡང་ན་དཔེ་ཆའི་མཐའ་ཤོག་སྟེ་ཡི་གེ་མེད་སའི་མཐའ་གང་རུང་ལ་མཆན་འདེབས་པ།ཤོག་བུ་ལྟེབ་ནས་འཇོག་པ།དཔེ་ཆའི་བར་དུ་ཤོག་བུ་རེ་བཅུག་སྟེ་རྟགས་རྒྱག་པ་སོགས་ལྟ་བུ།གཉིས་པ་དེ་ང་ཚོས་དཔེ་ཆ་གང་དེ་ལས་བྱུང་བའི་བསམ་བློ་དང་རང་གི་ལྟ་ཚུལ་གཉིས་འདྲེས་ཅི་ཐུབ་བྱེད་པ་ལྟ་བུ་དང་གསུམ་པ་ནི་རང་ལ་བློ་བསྐྱེད་དང་ངོས་ཟིན་གང་འདྲ་བྱུང་བ་དེ་དངོས་ཡོད་འཚོ་བ་དང་དེ་མིན་རང་གི་ལས་ཀ་དང་ཞིབ་འཇུག་གི་ཐད་ལ་བཀོལ་སྤྱོད་བྱེད་པ་ལྟ་བུ་རེད་སྙམ།དེས་རང་གི་ཡིད་འཛིན་གྱི་ནུས་པ་རོགས་འདེགས་དང་དཔེ་ཀློག་གི་ལས་ཕྱོད་ཇེ་མཐོ།དཔེ་ཀློག་གི་སྤྲོ་སྣང་ཇེ་ཆེར་འགྲོ་བ།གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་ཀྱི་ནུས་པ་གསོ་སྐྱོང་བྱེད་ཐུབ་པ་སོགས་མང་ངོ་།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅུ་བདུན་པ། དཔེ་ཆའི་ནང་དོན་རྟོགས་ཡོད་མེད་ལ་བརྟག་པ།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ང་ཚོས་དཔེ་ཆའི་ཁ་བསུམས་རྗེས་ཡིད་ངོ་ན་དཔེ་ཆ་དེའི་བསྟན་དོན་བརྒྱ་ཆའི་ཉི་ཤུ་སུམ་ཅུ་ལས་གོ་མེད་ན་དེ་ནི་དཔེ་ཀློག་མ་ཤེས་པས་ཡིན།དེ་བས་རྒྱུན་པར་དཔེ་ཆ་དེའི་རང་ལ་ཤུགས་རྐྱེན་གང་འདྲ་བཟོས་ཡོད་པ།རང་གི་འཚོ་བར་རོགས་གང་འདྲ་ཐུབ་པ།དེ་མིན་སྐབས་ཐོག་སྐབས་ཐོག་ལ་བེད་སྤྱོད་གང་འདྲ་བྱེད་ཐུབ་མིན།རང་གི་ཤེས་པའི་དོན་དེ་གཞན་ལ་བཤད་ཐུབ་མིན་སོགས་ལ་གཞི་བཅོལ་ན་དཔེ་ཆའི་ནང་དོན་རྟོགས་ཡོད་མེད་ངང་གིས་ཚོར་ཡོང་ངོ་།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅོ་བརྒྱད་པ། དཔེ་ཀློག་བཀོལ་སྤྱོད་བྱེད་ཤེས་དགོས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དཔེ་ཆ་བཀླགས་ཚར་ན་བཀོལ་སྤྱོད་བྱ་ཤེས་དགོས་ལ་གལ་ཆེན་ནང་གི་གལ་ཆེན་ཞིག་རེད།བཀོལ་མ་ཤེས་པར་མི་ཚེ་དཔེ་ཀློག་གིས་གཟད་དགོས་པ་ནི་ཡིད་སྐྱོ་བའི་གནས་ཤིག་རེད།ང་ཚོས་རང་རང་གི་བྱ་བའི་སྟེང་དང་འཚོ་བའི་ཕྱི་ནང་།དེ་མིན་བསམ་བློའི་སྟེང་བཀོལ་ཤེས་ན་ཕན་པ་རྒྱ་ཆེན་པོ་ཡོད་པ་གདོན་མི་ཟ།རྒྱུ་མཚན་དཔེ་ཀློག་གི་ཁྲོད་ནས་ང་ཚོས་གནའ་ནས་ད་བར་གྱི་ཤེས་བྱ་དང་།དེང་གི་ཆ་འཕྲིན་དང་ཕྱི་རྒྱལ་གྱི་གནས་ཚུལ།དེ་མིན་རང་གི་གནས་བབ་སོགས་རྟོགས་ཐུབ་པས་སོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཅུ་དགུ་བ། དཔེ་དེབ་བདག་ཉར་བྱ་ཐབས།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      སྐུ་ཞབས་འཆིང་གྲོལ་ལགས་ཀྱི་བསྒྱུར་རྩོམ་ལས་གསལ་བ་ལྟར།དེབ་དག་རྒྱུན་དུ་སློག་པ་དང་ཚགས་སྒྲིགགཙང་ཕྱིས་དང་ཉ་ར་བྱེད་པ།ཉི་འོད་ཐད་སའི་འཕྲོ་བའི་གནས་དང་བརླན་ཆེ་བའི་གནས་སོགས་སུ་འཇོག་མི་རུང་ངོ་།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཉི་ཤུ། དཔེ་ཀློག་གི་ཡང་སྙིང་བཤད་པ།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      དང་པོ་འདེམས་ཤེས་པ།བར་དུ་ཀློག་ཤེས་པ།ཐ་མར་བཀོལ་ཤེས་པ་ཅེས་སོ།།FeA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论