རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ

ཡོང་ཁུངས། :   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2021-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།
        རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1975ལོའི་ཟླ9བར་བཙུགས་ཤིང་། རྩེ་ཁོག་རྩྭ་ཐང་གི་ཆེས་ཐོག་མའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་སྟེ། སྐབས་དེར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་རྩེ་ཁོག་ཡན་ལག་སློབ་གྲྭ་ཡིན། 1980ལོར་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དུ་མིང་བསྒྱུར། སྤྱི་ལོ2011ལོའི་ཟླ9བར་སྔར་གྱི་མིང་དེ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་བསྒྱུར། མིག་སྔར། སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ79200དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ26449.85དང་། དེའི་ཁྲོད་སློབ་ཁྲིད་ཐོག་ཁང་དང་ཁོངས་གཏོགས་སྡོད་ཁང་གིས་སྨི་གྲུ་བཞི་མ10985.42ཟིནཡོད།
         སློབ་གྲྭ་ཡོངས་ལ་འཛིན་གྲྭ39དང་། དེའི་ནང་དམའ་འབྲིང་འཛིན་གྲྭ27དང་། དམའ་འབྲིང་སློབ་མ1492དང་། མཐོ་འབྲིང་འཛིན་གྲྭ12དང་། མཐོ་འབྲིང་སློབ་མ540ཡོད་པ་བཅས་ཁྱོན་བསྡོམས་སློབ་མ2032ཡོད། སློབ་གྲྭར་དགེ་བཟོ་བ143དང་། དེའི་ནང་ཆེད་གཉེར་དགེ་རྒན141བཅས་ཡོད། སློབ་གྲྭ་དེས་རྩེ་ཁོག་རྫོང་གི་མི་རིགས་སློབ་གསོའི་ལས་དོན་ཐད་ནུས་པ་བཏོན་དང་འདོན་མུས་ཡོད་དོ།།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论