རྔ་བ་རྫོང་རྨེའུ་སྐོར་ལྟེ་བའི་སློབ་ཆུང་།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

རྔ་བ་རྫོང་རྨེའུ་སྐོར་ལྟེ་བའི་སློབ་ཆུང་།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : `  ཀློག་གྲངས །: སྤེལ་དུས། : 2019-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 རྔ་བ་རྫོང་རྨེའུ་སྐོར་ལྟེ་བའི་སློབ་ཆུང་།4TY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 微信图片_20190312190125.jpg4TY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         དེ་ཡང་རྔ་ལྗོངས་གཡང་ལྡན་ཕྱུག་མོའི་ལྟེ་བ་རུ་ཆགས་པའི་རྨེའུ་སྐོར་ལྟེ་བའི་སློབ་ཆུང་ནི། སྤྱི་ལོ་༡༩༦༠ལོར་གསར་དུ་བཙུགས་ཤིང་། སྤྱི་ལོ་༢༠༠༦ལོ་ནས་འབྲེལ་ཡོད་དབུ་ཁྲིད་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་རྒྱབ་སྐྱོར་འོག་ཏུ། སློབ་གྲྭ་འདི་ཉིད་ས་མཐོའི་མྱུ་གུའི་ཚོགས་དང་འདྲ་བར་སྲིད་ཇུས་ཉི་མ་གཞོན་ནུའི་དྲོད་ཀྱིས་བསྐྱངས་ཤིང་། སྒོ་ཀུན་ནས་འཚར་ལོངས་བྱུང་།སྤྱི་ལོ་༢༠༠༧ལོ་ནས་རྒྱུན་སྡོད་སློབ་མའི་ཁ་གྲངས་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་འཕེལ་འགྱུར་བྱུང་སྟེ། ད་ལྟ་དགེ་བཟོ་བ༧༠་ལྷག་དང་སློབ་མ་༧༠༠ལྷག་གིས་གྲུབ་པའི་ཅུང་འཐུས་སྒོ་ཚང་བའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་ཞིག་ཏུ་ཆགས། དེ་མིན་སློབ་གྲྭའི་གཞི་ཁྱོན་རྒྱ་བསྐྱེད་དེ་ད་ལྟ་རྔ་བ་རྫོང་གཞི་རིམ་སློབ་ཆུང་གི་སློབ་མ་ཆེས་མང་བའི་སློབ་ཆུང་ཞིག་ཏུ་གྱུར་ཡོད།4TY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

微信图片_20190312190212.jpg4TY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     སྤྱི་ལོ་༢༠༠༦ལོར་རྔ་བ་རྫོང་སློབ་གསོ་སློབ་ཁྲིད་དོ་དམ་བྱ་བའི་དམིགས་ཡུལ་གྱི་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ལོ༢༠༠༩ལོར་རྔ་བ་རྫོང་སློབ་གསོ་ཅུས་ཀྱིས་བཅའ་སྡོད་དོ་དམ་དཔེ་སྟོན་སློབ་གྲྭ་ཞེས་པའི་མིང་རྟགས་ཐོབ་ལ། སྤྱི་ལོ་༡༠༡༤ལོར་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ་དང་སྤྱི་ལོ་༢༠༡༦ལོར་རྫོང་མི་རིགས་སློབ་འབྲིང་དང་རྫོང་སློབ་འབྲིང་། རང་རེའི་སློབ་གྲྭ་ལ་བཅས་ལ་རྫོང་རིམ་པའི་སྔོན་ཐོན་རུ་དཔུང་གི་བྱ་དགའ་ཐོབ་ལ།སྤྱི་ལོ་༢༠༡༥་ལོ་ནས་ད་བར་དུ་སློབ་གྲྭ་ནང་ཁུལ་ནས་སློབ་མའི་དགའ་ཕྱོགས་དང་བསྟུན་ནས་དགའ་ཕྱོགས་འཛིན་གྲྭ་རིགས་ཚན་མི་འདྲ་བ་༡༡བཙུགས་ཤིང་སྦྱངས་འབྲས་ཡག་པོ་ཞིག་ལེན་དང་ལེན་བཞིན་ཡོད། དེར་བརྟེན་སློབ་ཁྲིད་ཀྱི་དོ་དམ་དང་དགེ་རྒན་གྱིས་གཟབ་སྦྱོང། སློབ་དཔྱོད་བྱེད་སྒོ་སྣ་མང་འདུས་པའི་སློབ་གྲྭ་ཞིག་ཡིན་ནོ།། 4TY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论