༄༅།།དཀར་མཛེས་ཁུལ་གྱིས་ཁམས་པའི་བོད་རིགས་རིག་གནས་ལྟེ་གནས་བསྐྲུན་པ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

༄༅།།དཀར་མཛེས་ཁུལ་གྱིས་ཁམས་པའི་བོད་རིགས་རིག་གནས་ལྟེ་གནས་བསྐྲུན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ།: མི་གསལ  ཀློག་གྲངས།: སྤེལ་དུས། : 2015-03-25 12:37:42
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཉེ་ཆར་དཀར་མཛེས་ཁུལ་ཚགས་པར་གྱིས་སི་ཁྲོན་ཞིང་ཆེན་སྲིད་གཞུང་ལ་རེ་ཞུ་བྱས་པའི་<<དཀར་མཛེས་ཁུལ་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་མ་ལག་འཆར་འགོད་(2012ནས་2030བར)>>ལ་ཆོག་མཆན་ཐོབ་ཅིང་། ཞིང་ཆེན་སྲིད་གཞུང་གིས་རྩ་དོན་ཐོག་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི་<<འཆར་འགོད་>>ལ་མོས་མཐུན་བྱས་པ་རེད། ཆོག་མཆན་ནང་དཀར་མཛེས་ཁུལ་དེ་ཉིད་འབྲི་ཆུ་འབབ་རྒྱུད་ཀྱི་ཤམ་བྷ་ལ་ཆེ་བའི་སྣོད་བཅུད་ཡུལ་སྐོར་ཁུལ་གྱི་ལྟེ་བའི་ས་ཁོངས་དང་། རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས། ཁམས་པའི་བོད་རིགས་རིག་གནས་ལྟེ་གནས། སི་ཁྲོན་གྱི་དཔལ་འབྱོར་བོད་ལྗོངས་དང་། ཡུན་ནན་གྱི་ནུབ་བྱང་རྒྱུད། མཚོ་སྔོན་བཅས་སུ་འགྱེད་འཕྲོ་བྱེད་པའི་འབྲེལ་ཐག་དང་ནུབ་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཟམ་པ་ལྟ་བུ། མཚོ་བོད་ས་མཐོའི་གཙང་གསུམ་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ། སྔོ་ལྗང་ཐོན་ལས་རྟེན་གཞི། ཁྲོན་གློག་ཕྱིར་སྐྱེལ་རྟེན་གཞི་བཅས་ཀྱི་འཐབ་ཇུས་ངེས་གནས་སུ་གཏན་འཁེལ་བྱས་ཡོད་ཅེས་འཁོད་ཡོད་པ་རེད།HDA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ཆོག་མཆན་ནང་དཀར་མཛེས་ཁུལ་གྱི་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས་ཧེ་བག་ཅན་གྱི་འཕེལ་རྒྱས་གཏོང་དགོས་པ་སྟེ། ཁུལ་ཁོངས་ཀྱི་ས་ཁུལ་མི་འདྲ་བའི་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་ཀྱི་ཧེ་བག་ཅུང་ཆེ་བའི་ཁྱད་ཆོས་གཞིར་བཟུང་ནས་རིགས་དབྱེ་མཛུབ་སྟོན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་གྱིས་ཞབས་ཞུའི་ནུས་པ་རིམ་བཞིན་འཐུས་ཚང་དུ་བཏང་ནས་ཡུལ་བབ་དང་བསྟུན་པ་དང་། གཞི་ཁྱོན་འོས་འཚམ། ས་ཆ་གྲོན་ཆུང་ངང་སྤྱོད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ལ་དོ་སྣང་བྱ་རྒྱུ་དང་། ཕན་ནུས་གཙོ་བོ་ཁུལ་གྱི་བླང་བྱ་ལྟར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཞིབ་ལས་འཕེལ་རྒྱས་དང་གྲོན་ཆུང་འཕེལ་རྒྱས་ལ་གཞིགས་ནས་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་དང་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།HDA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论