བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོདAPPཤར་གཏོང་བྱས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོདAPPཤར་གཏོང་བྱས།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།: མི་གསལ།  ཀློག་གྲངས།: སྤེལ་དུས། : 2020-06-30 09:51:18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

Hfd康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད་འདི་ནི་བོད་སྐད་ཡིག་ལས་དོན་ཆ་འཕྲིན་ཅན་དུ་གཏང་རྒྱུར་ཤུགས་སྣོན་རྒྱག་པ་དང་། བོད་ཡིག་བཀས་བཅད་ཐ་སྙད་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་བོད་ལོ་ཙཱ་བར་ཆེས་སྟབས་བདེ་བའི་ཡིག་སྒྱུར་གྱི་ལག་ཆ་ཞིག་མཁོ་འདོན་བྱ་རྒྱུ་བཅས་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(ལྷ་ས་གྲོང་ཁྱེར་རྩོམ་སྒྱུར་ཅུད)གིས་འགན་ཁུར་ནས། ན་རོ་ཆ་འཕྲིན་ཚོགས་པས་ལག་རྩལ་མཁོ་འདོན་བྱས་ཏེ་གསར་སྤེལ་བྱས་པ་ཞིག་ཡིན།
གློག་རྡུལ་ཚིག་མཛོད་འདིར་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་བཀས་བཅད་ཅིང་ཁྱབ་བསྒྲགས་བྱས་པའི་༢༠༠༦ལོའི་སྤྱིའི་འདོན་ཐེངས་༠༠༡ནས་༢༠༢༠ལོའི་སྤྱིའི་འདོན་ཐེངས༡༠༦བར་གྱི་ཐ་སྙད་ཁྲི་གཅིག་ལྷག་ཙམ་ཞིག་བསྡུས་ཡོད་པ་དང་།   ཚིག་མཛོད་ནང་གི་བོད་ཡིག་ཡིག་གཟུགས་ནི་ཉེ་ལམ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གསར་སྤེལ་བྱས་པའི་སྙེ་བྲིས་ཡིག་མཛོད་སྤྱད་ཡོད་པ་དེས། སྙེ་བྲིས་ཡིག་གཟུགས་ཁྱབ་གདལ་གྱི་བྱ་བར་ཡང་ཕན་ནུས་ངེས་ཅན་ཐོན་ཐུབ་པའི་དགེ་མཚན་ལྡན་ཡོད།
དེ་རིང་ཀུན་ལ་ཁྱབ་བསྒྲགས་དང་ཕབ་ལེན་དུ་མཚམས་སྦྱོར་ཞུས་པ་འདི་ནི་ཨན་ཊོ་ཁ་པར་ཁོ་ནར་སྤྱོད་པའི་ཚོད་ལྟའི་རང་བཞིན་གྱི་སྤྱོད་སྣེ་ཞིག་ཡིན་པ་དང་།  ཀུ་ཤུའི་ཁ་པར་གྱི་སྤྱོད་སྣེ་དེ་མི་རིང་བར་སྤྱི་ཚོགས་ལ་མཁོ་འདོན་ཞུ་འཆར་ཡོད་པ་དང་བཅས། དགེ་ལེགས་འཕེལ་གྱུརད་ཅིགHfd康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Hfd康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཕབ་ལེན་བྱེད་གནས།
Hfd康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


Hfd康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论