གསེར་རྙེད་ཆུས་ཚོང་འདུས་འོས་སྦྱོར་ཚོགས་འདུ་མགོ་བརྩམས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

གསེར་རྙེད་ཆུས་ཚོང་འདུས་འོས་སྦྱོར་ཚོགས་འདུ་མགོ་བརྩམས།

ཡོང་ཁུངས། :   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2021-12-17 18:17:04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

图片1.jpgEtt康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ12པའི་ཚེས17ཉིན། གསེར་རྙེད་ཆུས་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་གསེར་རྙེད་ཆུས་ཞིང་ལས་ཞིང་སྡེ་ཅུའུ་ཡིས་འགན་སྒྲུབ་དང་། མཚོ་སྔོན་ཕུགས་སྟོན་ཁེ་ལས་དོ་དམ་བློ་འདྲི་ཚད་ཡོད་སྤྱི་གཉེར་ཁང་གིས་ལག་བསྟར་སྒོས་གསེར་རྙེད་ཆུས་ཀྱི་ཞིང་ཕྱུགས་ཐོན་རྫས་དང་། ལག་ཤེས་ཐོན་རྫས་ཟོང་རྟགས་ཅན་ཕྱི་ཕྱོགས་སུ་འོས་སྦྱོར་བྱས་ནས་ཚོང་ལམ་རྒྱ་བསྐྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ས་གནས་ཀྱི་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་སྐབས་བཅོ་ལྔ་བའི་རྒྱུན་མཐུད་ནས། 2021ལོའི་གསེར་རྙེད་ཆུས་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་དང་འོས་སྦྱོར་ཚོགས་འདུ་ལྷ་ས་གྲོང་ཁྱེར་ནས་འཚོགས།Ett康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

图片2.jpgEtt康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གསེར་རྙེད་ཆུས་ཀྱི་རྒྱུན་ཨུད་ཆུས་ཀྲང་གཞོན་པ་ལྷག་པ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།Ett康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཚོགས་འདུའི་སྟེང་། གསེར་རྙེད་ཆུས་ཀྱི་ཆུས་ཀྲང་གཞོན་པ་ལྷག་པ་ཚེ་རིང་གིས་ལོ་ངོ་འདི་གར་གསེར་རྙེད་ཆུས་ཀྱི་ཕྱུགས་ལས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། མཉམ་ལས་ཁང་གིས་སྣེ་འཁྲིད་དང་འབྲོག་ཁྱིམ་ཟབ་ཞུགས། ཁེ་ལས་ཀྱིས་སྐུལ་འདེད་བྱེད་པའི་འབད་བརྩོན་རབ་དང་རིམ་པ་བརྒྱུད་ནས་ཆུས་ཡོངས་ཀྱི་དཔལ་འབྱོར་ལ་སྔར་བས་གོང་འཕེལ་དང་། དབུལ་ཐར་འགག་སྒྲོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ནས་གསེར་རྙེད་ཆུས་ལ་ཁྱོན་བསྡོམས་མཉམ་ལས་ཁང416ཡོད། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང3དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་མཉམ་ལས་ཁང5བཅས་རང་སྐྱོང་ལྗོངས་ཡན་གྱི་དཔེ་སྟོན་མཉམ་ལས་ཁང་བརྒྱད། ཐོན་ལས་ར་བའི་མཉམ་ལས་ཁང161བཙུགས་ནས་ཕྱུགས་ལས་འཕེལ་རྒྱས་དང་ཡོང་འབབ་འཕར་སྣོན་ལ་གྲུབ་འབྲས་ཆེན་པོ་བླངས་བའི་སྐོར་ནས་གཏམ་བཤད་སྤེལ།Ett康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

图片3.jpgEtt康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འགྲེམས་ཚོང་སྟེང་གསེར་རྙེད་ཆུས་ཀྱིི་ཤང་གྲོང12ནས་ཐོན་པའི་མཉམ་ལས་ཁང་ཉེར་བརྒྱད་ཀྱིས་ནག་ཆུའི་ཚགས་ཤ། ནང་ཁྲོལ། དབྱར་རྩྭ་དགུན་འབུ། མར་ཕྱུར། གྲོ་མ། ལག་ཤེས་ཐོན་རྫས་སོགས་མཐོ་སྒང་ཅན་དང་ལྗང་མདོག་ཅན། ཁྱད་ལྡན་ཅན་གྱི་ཟོང་རྟགས་ཐོན་རྫས་འགྲེམས་ཚོང་བྱས། རྒྱུས་ལོན་པ་ལྟར་ན་ད་ལོར་གསེར་རྙེད་ཆུས་ཀྱི་ཐོན་རྫས་ལ་རིགས་སྣ་མང་བར་མ་ཟད། སྤུས་ཀ་དང་ཞིབ་ཆའི་ཐད་ནས་ཡང་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། ཐོན་རྫས་དེ་དག་མང་ཚོགས་ཀྱི་སེམས་འདུན་དང་འཚམ་པ། འཚོ་བའི་ཁྲོད་སྤྱོད་གོ་ཆེ་བ། དར་སྲོལ་གསར་བའི་འགྲོས་དང་མཐུན་པས་འགྲེམ་ཚོགས་སྟེང་གི་མིག་དབང་འཕྲོག་ཡུལ་དུ་གྱུར།Ett康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

图片5.jpgEtt康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཐེངས་འདིའི་འགྲེམས་ཚོང་དང་འོས་སྦྱོར་ཚོགས་འདུ་བརྒྱུད་གསེར་རྙེད་ཆུས་ཀྱི་ད་ཡོད་ཐོན་ལས་ཀྱི་གྲུབ་འབྲས་ལ་དཔྱད་འཇོག མ་འོངས་བའི་འཕེལ་རྒྱས་ཁ་ཕྱོགས་རྩད་ཞིབ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཁ་སྣོན་བྱེད་པའི་ལམ་བུ་འཚོལ་སྙེག་སྒོས་གསེར་རྙེད་ཆུས་ཀྱི་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་དང་ཕྱིར་འཚོང་ལ་གར་སྟེགས་ལེགས་པོ་ཞིག་བསྐྲུན་ཡོད་དོ།།Ett康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

图片7.jpgEtt康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论