པར་འདི་ནི་ཉི་ནུབ་དུས་ཀྱི་མཚོ་མོ་ངང་ལྷ་རིང་པོ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་མངའ་རིས་ས་ཁུལ་གྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་། ཁོར་ཡུག་སྲུང་སྐྱོང་གི་ཚད་མཐའ་དང་སྲོག་རྩ་བཅས་ནན་སྲུང་བྱས་ནས། མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་འཛིན་པ་དང་། ཁོར་ཡུག་གི་སྤུས་ཚད་སྲུང་སྐྱོང་དང་ཇེ་ལེགས་སུ་གཏོང་རྒྱུ་གཞི་རྩར་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་དང་ཁོར་ཡུག་འཇུག་འཐུས་ལམ་ལུགས། འགན་འཁྲི་བདའ་འདེད་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་བོད་ནུབ་མཐོ་སྒང་གི་རྩི་ཤིང་དང་རི་ཀླུང་ཐམས་ཅད་ལ་སྲུང་སྐྱོང་ལེགས་པོ་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།