༄༅།།སྡེ་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་རྒྱ་བོད་རྒྱུན་བཀོལ་ཐ་སྙད་ཀྱི་ཤེས་བྱ་འགྲན་བསྡུར།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ །

༄༅།།སྡེ་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་རྒྱ་བོད་རྒྱུན་བཀོལ་ཐ་སྙད་ཀྱི་ཤེས་བྱ་འགྲན་བསྡུར།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2020-06-01 10:09:12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

སྤྱི་ལོ༢༠༢༠ལོའི་ཟླ༥པའི་ཚེས༣༠ཉིན་གྱི་ཕྱི་དྲོར་སྡེ་རོང་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་བོད་ཡིག་སློབ་དཔྱོད་ཚོགས་ཆུང་གིས་རྒྱ་བོད་རྒྱུན་བཀོལ་ཐ་སྙད་ཀྱི་ཤེས་བྱ་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

འཛིན་གྲྭ་སོ་སོའི་སློབ་གྲོགས་ཚང་མས་ཟླ་ངོ་གཅིག་ལྷག་གི་རིང་དུ་ནངས་སྔ་དགོང་འཕྱི་སྒོས་དུས་ཚོད་དམ་འཛིན་དང་།ཐ་སྙད་གསོག་འཇོག་གི་ཐད་ལ་ཧུར་བརྩོན་གྱིས་གྲ་སྒྲིག་གང་ལེགས་མཛད་དེ་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་རྒྱུའི་ཆོད་སེམས་དང་ཡིད་ཆེས་ཁེངས་ཏེ་རེབ་འདིའི་འགྲན་བསྡུར་ལ་ཞུགས་།ཤེས་བྱ་འགྲན་བསྡུར་གྱི་ནང་དོན་ལ། རྒྱུན་པར་འཚོ་བའི་ཁྲོད་རྒྱ་སྐད་ཀྱི་མིང་བཏགས་ཤེས་ཀྱང་བོད་སྐད་ཀྱི་མིང་བཏགས་མི་ཤེས་པའི་ཐ་སྙན་གསར་པ་ཤ་སྟག་ཡིན་པའི་ཁར་ཐོག་མར་འཛིན་གྲྭ་ནང་ལོགས་འགྲན་སྡུར་བྱས་རྗེས་ཁྱད་དུ་འཕགས་པའི་སློབ་མ་གཉིས་རེ་བདམས་ནས་རྟིང་རྩོད་ཀྱི་འགྲན་སྡུར་ལ་ཞུགས།y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

འགྲན་ཞུགས་པ་རེ་རེས་རྒྱ་བོད་རྒྱུན་བཀོལ་ཐ་སྙད་ཆུ་བཞུར་བ་ལྟར་ཤར་མར་བློ་རུ་སྐྱོར་བར་བློ་ལྡན་སློབ་གྲོགས་རྣམས་ཀྱིས་བསྟོད་པའི་ཐལ་མོ་ལྷང་ལྷང་དུ་བརྡབས་པ་མ་ཚད། ལྷག་པར་དགེ་རྒན་རྣམས་ཀྱང་བཞུགས་སྟེགས་ལས་རང་དབང་མེད་པར་ཡར་བཞེངས་ནས་ཡི་རང་གི་ལྷ་རྫས་ཁ་བཏགས་འབུལ་བ།y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

བྱ་འགུལ་གྱི་མཇུག་ཏུ་སློབ་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་བྱ་འགུལ་ལ་སྤྱི་སྡོམ་གྱི་ཚུལ་དུ་རྗེས་མུར་རྒྱ་བོད་རྒྱུན་བཀོལ་ཐ་སྙད་གསོག་འཇོག་ཕྱོགས་ལ་ཤུགས་ཆེན་པོ་རྒྱག་དགོས་པའི་རེ་བ་བཏོན་པ་དང་། བོད་ཡིག་སློབ་དཔྱོད་ཚོགས་ཆུང་གི་ཚོགས་གཙོ་ཡེ་ཤེས་ཕུན་ཚོགས་ཀྱིས་ཐེངས་འདིའི་བྱ་འགུལ་ཁྲོད་ཀྱི་ལེགས་ཆ་ལ་བསྟོད་པ་དང་མི་འདང་བའི་ཆ་ལ་ད་དུང་ཧུར་ཐག་བྱ་དགོས་པའི་སྐོར་གྱི་སྙིང་ཕུར་བརྡབས་ཏེ་རྒྱུན་པར་ཕ་སྐད་བཤད་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་སྟེ་འགྲན་ཞུགས་པ་སོ་སོའི་སྐར་གྲངས་ཁྱབ་བསྒྲགས་བྱས་ཤིང་ཨང་རིམ་ལྟར་བྱ་དགའི་ལེགས་སྐྱེས་གནང་ཞིང་མགོ་བཀྲ་ཤིས་པར་བརྩམས་ཏེ་མཇུག་བདེ་ལེགས་པར་བསྡུས་པའོ།།y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

སྒང་པ་བོད་ཀྱི་སྐད་ཆའི་ནང་། །y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཞེ་ཚིག་མངོན་བརྗོད་ཕལ་སྐད་སོགས། །y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཐ་སྙད་ཕུན་སུམ་ཚོགས་པས་ན། །y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

གཞན་སྐད་བསྲེས་པ་ཡ་མ་བརླ། །y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

y1H康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论