མར་ཁུ་རྒྱལ་མཚན་དང་ཞྭ་ནག་པ་གཉིས་ཀྱི་སྙན་ངག་འོས་སྦྱོར།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

མར་ཁུ་རྒྱལ་མཚན་དང་ཞྭ་ནག་པ་གཉིས་ཀྱི་སྙན་ངག་འོས་སྦྱོར།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཞྭ་ནག་པ།  ཀློག་གྲངས །: སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 0uA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཞྭ་ནག་པས་སྙན་རྩོམ་ཚན་པ་གཉིས།
 
སྒོ་བརྒྱབ་ཟིན།
 
                             མར་ཁུ་རྒྱལ་མཚན།
ལྡེ་མིག་ཅིག་ལག་ཏུ་བཟུང་ནས།
གླུ་དབྱངས་ལེན་བཞིན།     ཟྭ་ཡོད་ཚད།
ངས།    ལྡེ་མིག་རྐང་གཅིག་གིས་ཕྱེ་ན་བསམ།
 
ཡང་ན།     ལྡེ་མིག་དེའི་མིང་ལ་ལྷག་བསམ་ཟེར།
ཡང་ན།    ཟྭ་ཡོད་ཚད་ཀྱི་མིང་ལ་ཚུལ་འཆོས་ཟེར།
 
ང་ལ་ཅི་ཡང་མ་འདྲི།
ངའི་འོངས་འཕྱི་བའི་ཁེར་རྐྱང་གི་མགྲོན་པོ་ལགས།
སྒོ་མོ་ཡོད་ཚད་སྔར་ནས་བརྒྱབ་འདུག
 
 
ཁྱི།
                    ཞྭ་ནག་པ།
 
ཁྱི་ལ་ནང་སེམས་བཅོལ་ཆོག
ཁྱིས་རང་ངོ་དང་གཞན་ངོ་ཤེས
ཁྱི་ནི་གཞན་ཞིག་དང་གཏན་ནས་མི་འདྲ
 
གྲང་འཁྱག་གོས་སུ་གྱོན་ནས་རང་ཉིད་ངོ་ཤེས་མཁན
ཁྱི་ལས་གཞན་གཅིག་ཀྱང་མེད
རྩྭ་གསེབ་ཏུ་གཅིན་པ་གཏོང་མཁན་ཁྱི་ལས་གཞན་ཧ་ཅང་མང
རེད་དེ     རང་ངོ་རང་གིས་ཤེས་མཁན་ཁྱི་ལས་གཞན་གཅིག་ཀྱང་མེད
 
ཁྱི་ལ་རང་སྲུང་གི་འདི་ཤེས་ཡོད
ཁྱིས་བཟང་ངོ་དང་ངན་ངོ་ཤེས
ཁྱི་ནི་གཞན་ཞིག་དང་གཏན་ནས་མི་འདྲ
 
བཟོད་པའི་ཕ་རོལ་ཏུ་ཕྱིན་མཁན་ཁྱི་ལས་གཞན་གཅིག་ཀྱང་མེད
ཁོས་གྲང་འཁྱག་ལྟ་བུའི       བཀྲེས་སྐོམ་ལྟ་བུའི
སྡུག་བསྔལ་མཐའ་དག་ལ་བཟོད་སྲོན་བྱེད་ཐུབ
 
2019-6-3
རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论