ཚེ་འཕྲོ་མའི་རེ་བ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཚེ་འཕྲོ་མའི་རེ་བ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2020-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཚེ་འཕྲོ་མའི་རེ་བ།Rta杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

   
བསིལ་རླུང་ཟ་ཟི་གཡོ་ཞིང་།།
བྱེའུ་སྐད་ལྷང་ལྷང་གྲག་པའི།།
དབེན་གནས་སྐྱིད་པོ་དེ་རུ།།
ཁ་འདོན་གླེག་བམ་ཁྲིག་ཁྲིག།
རྡོ་རྗེའི་མགུར་དང་འགྲོག་ནས།།
རང་སེམས་ཉི་ཟླ་འདྲ་བོ།།
ཚུར་ཚུར་ཨེ་འཁོར་བལྟ་ཞོར།།
སངས་རྒྱས་དབྱེར་མེད་བླ་མ།།
ཡ་ཆུང་སྟེང་ལ་འབྲི་ནས།།
མི་རྟག་འདུས་བྱས་ཆོས་ལ།།
ངེས་འབྱུང་སྐྱེ་བའི་རེ་བ།།
Rta杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྒྱུ་མའི་རྩྭ་སྐྱ་མཐའ་དག།
གསེར་གྱི་ཟོར་བས་བྲེག་ཏེ།།
མུན་པའི་གནས་མལ་འདི་ནས།།
འོད་ཀྱི་ལམ་ཞིག་བརྙེད་ཅིང་།།
རང་ངོ་རང་ལ་འཕྲོད་དེ།།
ལྷ་ཆེན་རྒྱལ་བའི་ཞལ་ངོ་།།
འགྲོ་བསྡོད་བར་ནས་ཤར་བའི།།
རི་ལས་མཐོ་བའི་རེ་བ།།
Rta杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཕ་མ་ཉི་ཟླའི་འདྲ་བོའི།།
དཀའ་སྡུག་རྔུལ་ཆུའི་ཕྲེང་བ།།
སྐྲ་ལོ་དཀར་ནག་བར་ནས།།
ས་ལ་འཐོར་ཚུལ་བསམ་ཞིང་།།
ལུས་ཀྱི་བ་སྤུའི་གསེང་ནས།།
སྤུ་ཡི་རྡོ་རིང་ལང་ཞིང་།།
རྒྱུད་ལ་སྐྱོ་ཤས་མེ་ཏོག།
སྐྱེ་ནས་ཡམ་ཡུམ་གཉིས་ལ།།
དྲིན་ཀྱི་བུ་ལོན་འཇལ་བ།།
ཚེ་ཡི་འཕྲོ་མའི་རེ་བ།།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论