ཚངས་དབྱངས་རྒྱ་མཚོ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཚངས་དབྱངས་རྒྱ་མཚོ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ལྷ། ཁམས་པ།  ཀློག་གྲངས །: སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཚངས་དབྱངས་རྒྱ་མཚོ།W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

             ལྷ། ཁམས་པ། 
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཤག་ཆུང་སྒེའུ་ཁུང་ནས་ཟུར་མིག་འཛུམ་ཞིང་།།
བརྩེ་བའི་གླུ་ཆུང་གི་རྟ་ཁྱུ་འདེད་དུས།།
མར་ཁའི་སྨན་ཆུང་དེའི་ཐུགས་ཀྱི་ཞིང་སར།།
ལས་འཕྲོའི་སྨོན་ལམ་གྱི་འབྲུ་དྲུག་སྨིན་སོང་།།
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁ་འབྲས་ཉི་ཟླ་བཞིན་རབ་ཏུ་མཚར་བ།།
འདུ་ཁང་གསེར་ཁྲི་ཡི་བདག་པོ་ཡིན་པའི།།
བན་ཆུང་གཞོན་པ་དེའི་ཉལ་ཁེབ་འོག་ན།།
ལྷ་སའི་གཙང་ཆུ་ཡི་ཀླུ་མོ་གཟིམས་འདུག།
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གང་འདོད་གླུ་ཆུང་རེ་ངག་ནས་ཤོར་དུས།།
ལྷ་སའི་མི་ཚོགས་དག་ཅག་གེར་ལུས་འགྲོ།།
སྐབས་རེར་སྐྱོ་གི་ཟེར་ངུས་ཀྱང་ཆོག་འདྲ།།
སྨན་ཆུང་གཟི་མདངས་ཅན་ངུ་རོགས་ཡོང་གི།
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྣང་བའི་སྤང་གཞུང་གི་འཇའ་རིས་ཡག་པོ།།
ཆང་ཁང་གར་མ་དེའི་དབུ་ལ་དཀྲི་དུས།།
མགུར་ཆུང་མུ་ཏིག་གི་ཕྲེང་བ་དཀར་པོས།།
བཀྲ་ཤིས་གཡང་འགུག་ཀྱང་བྱས་པ་ཡིན་འདུག།
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མགོ་བོ་ཀྲོག་ཀྲོག་གི་སྡོང་རྒན་འོག་ནས།།
ཟླ་འོད་བྱ་ཁྱུ་དག་མིག་ལ་ཐོགས་དུས།།
མ་སྐྱེ་ཨ་མ་ལགས་དྲན་པའི་གཞས་ཆུང་།།
བར་སྣང་སྤྲིན་པ་ཡི་བར་ནས་མཆེད་བཞག།
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལི་ཡུལ་ཐང་དཀར་གྱི་གཤོག་པ་འདྲ་ལེ།།
མེ་ལོང་དཀར་པོའི་ངོར་ཡང་ཡང་འཆར་བས།།
ཐ་སྙད་ཕུང་ངེ་འགའ་དབྱངས་ཀྱིས་བཙེམ་ནས།།
ཁང་ཀླད་བྱ་ཕོ་ལ་ཁྱེར་རོགས་ཞུས་སོང་།།
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལས་སྐལ་རྩྭ་སྐྱ་ཡི་གསེབ་ཏུ་བོར་བའི།།
ཞེན་པ་དགུ་ཆགས་ཀྱི་འཕྱོངས་རྒྱས་ཟླ་སྒྲོལ།།
ཡིད་སེམས་པདྨ་ཡི་གུར་ནང་བཞག་ཏེ།།
ཕྱི་མ་བདེ་ཆེན་གྱི་དག་པའི་ཞིང་ནས།།
ཐེངས་གཅིག་འཕྲད་རྒྱུ་དེ་ཞེ་ཐག་བཅད་ཐལ།།
W2w康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྡེ་གཞུང་མི་ཆེན་ཚོའི་མིག་ནས་ཡལ་བ།།
བོད་ཡུལ་བུ་མོ་ཡི་སྙིང་ཁར་བཞུག་པའི།།
རྫོང་རྒྱབ་མི་རྐྱང་དེ་རིག་འཛིན་ཚངས་དབྱངས།།
འདུ་འབྲལ་འཁོར་བ་འདིའི་ཉིན་སྲིབ་མཐོང་བས།།
ཆ་མེད་སྤྱན་ཆབ་འགའ་ཐང་དུ་ལྷུང་ཞོར།།
མི་མཐོང་མི་མཇལ་བའི་གནས་ལ་བུད་སོང་།།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论