ཟླ་ངོགས་ཀྱི་དྲན་པ།
སྤེལ་དུས། 2022-11-23 14:21:27 ཡོང་ཁུངས།ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ། རྡེབ་ཚད།
℃རྩོམ་པ་པོ། ལྷ་མི་རྒྱལ། ནང་དོན་འདི་སྤེལ་མཁན། lalong1985
ཡིད་འོང་པད་མའི་སྐྱེད་ཚལ་ན། །
འགྲོས་ལྡན་ངང་གིས་ལྡིང་བ་ཡི། །
རྐང་དྲུག་གཞོན་ནུ་བུང་བ་ཁྱེད། །
མགྲིན་གླུ་ལེན་ཞིང་གར་ལ་རྩེ། །
དོ་ནུབ་དཀར་གསལ་ཟླ་འོད་འོག །
འཛུམ་ཆུང་ཞལ་གང་འཁྱིལ་བ་ཡི། །
སྒེག་ལྡན་ན་ཆུང་བུ་མོ་ཡིས། །
དབེན་ཞིང་འཇགས་པའི་ལྡིང་ཁང་དུ། །
འཇམ་མཉེན་ཕྱག་ཆུང་རྒྱུད་མང་བཀྲོལ། །
ཡིད་གཅུགས་མཛའ་བོ་སྒུག་བཞིན་ཡོད། །
༢༠༢༢ ༡༡ ༡
འགྲོས་ལྡན་ངང་གིས་ལྡིང་བ་ཡི། །
རྐང་དྲུག་གཞོན་ནུ་བུང་བ་ཁྱེད། །
མགྲིན་གླུ་ལེན་ཞིང་གར་ལ་རྩེ། །
དོ་ནུབ་དཀར་གསལ་ཟླ་འོད་འོག །
འཛུམ་ཆུང་ཞལ་གང་འཁྱིལ་བ་ཡི། །
སྒེག་ལྡན་ན་ཆུང་བུ་མོ་ཡིས། །
དབེན་ཞིང་འཇགས་པའི་ལྡིང་ཁང་དུ། །
འཇམ་མཉེན་ཕྱག་ཆུང་རྒྱུད་མང་བཀྲོལ། །
ཡིད་གཅུགས་མཛའ་བོ་སྒུག་བཞིན་ཡོད། །
༢༠༢༢ ༡༡ ༡
མཉམ་སྤྱོད་བྱེད་གནས།