ང་ཡི་དགེ་རྒན།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ང་ཡི་དགེ་རྒན།

ཡོང་ཁུངས། : ཁམས་པའི་སློབ་འབྲིང་དྲ་བ།   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 zgZ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གནག་ཅིང་སྣུམ་པའི་སྐྲའི་ལན་བུ་གཡོན་ཕྱོགས་སུ་དབྱུག་པའི་འོག་ཐོ་རེངས་སྐར་ཆེན་དང་འདྲ་བའི་སྤྱན་མིག་ཟུང་དེའི་འོག་ཏུ་དཀར་ལ་དམར་མདངས་རབ་ཏུ་རྒྱས་པ་ཁམ་བུའི་མེ་ཏོག་དང་འདྲ་བའི་མཁུར་མཚོས་གཉིས་དེ་བས་ནམ་ཡང་དཀར་ལ་འཚེར་བའི་ཚེམས་ཕྲེང་ལས་མཛུམ་མདངས་རྒྱས་པ་ནི་ངའི་སེམས་དབུས་སུ་ནམ་ཡང་སྙིང་རྗེ་ཤོས་དང་བྱམས་སེམས་ཆེ་ཤོས་ཀྱི་བོད་ཡིག་དགེ་རྒན་སྤེན་སྒྲོན་ལགས་ཡིན།རྒན་སྤེན་སྒྲོན་ལགས་ནི་སྐུ་གཟུགས་ཅུང་ཆུང་ལ་ཤེས་ཡོན་ཧ་ཅང་ཆེ་བའི་དགེ་རྒན་ཞིག་རེད།ཁོང་གི་ང་ཚོར་རང་ཉིད་ཀྱི་བུ་ཕྲུག་བཞིན་བྱམས་སྐྱོང་དང་ཐུགས་ཁུར་གནང་གི་ཡོད་ལ་ང་ཚོ་ཡང་ཁོང་ལ་ཧ་ཅང་དགའ་པོ་ཡོད། རྒན་སྤེན་སྒྲོན་ལགས་ཀྱི་སློབ་ཁྲིད་གནང་དུས་རྟག་ཏུ་དབྱུག་པ་ཐུང་ཐུང་ཞིག་ཕྱག་ཏུ་བསྣམས་ཏེ་ནག་པང་ཐོག་བྲིས་གནང་བའི་ཁམས་གཙང་ལ་གཟུགས་ལེགས་པའི་ཡི་གེ་རྣམས་མཛུབ་མོས་རི་བོ་སྟོན་པ་ལྟར་སློབ་པ་དང་སློབ་ཁྲིད་གནང་སྐབས་གསུང་སྐད་ཆེ་ལ་སྙན་ཆ་དོད་པ་ཞིག་གི་སྒོ་ནས་སློབ་ཁྲིད་གནང་གི་ཡོད་པས་སློབ་གྲོགས་རྣམས་ཁུ་སིམ་མེར་ཁོང་གི་སློབ་ཚན་ཉན་རྒྱུར་དགའ་ལ་བློ་ཁོག་ཆེན་པོས་ཁོང་གི་བཏོན་གནང་བའི་དྲི་བར་ལན་བརྒྱབ་རྒྱུར་ཡང་དགའ།
རྒན་ལགས་ཀྱི་རྟག་ཏུ་ང་ཚོར་སློབ་སྦྱོང་བྱེད་སྐབས་རང་ཚུགས་དང་མཉམ་ལས་འཚོལ་དཔྱད་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་གསུང་མྱོང་ལ་ལྷག་པར་དུ་ངའི་སེམས་ནང་བབ་ཆགས་ཟབ་ཤོས་ནི་སློབ་སྦྱོང་བྱེད་སྐབས་འཚེར་སྣང་དང་ཞེད་སྣང་སྤོང་དགོས་ཏེ་བློ་ཁོག་ཆེན་པོས་རྒན་ལགས་ལ་བཀའ་འདྲི་དང་དྲི་ལན་འདེབས་དགོས། ད་ལྟ་ཁྱེད་ཚོ་ནི་རིག་གནས་སྦྱོང་བཞིན་པའི་དུས་ཡིན་པས་ནོར་འཁྲུལ་ཤོར་བ་ནི་སྐྱོན་ཆ་མིན་ཏེ་ནོར་འཁྲུལ་བཏང་བ་ནི་སྐྱོན་ཆ་ཡིན་ཞེས་པའི་གསུང་བཤད་དེ་ཡིན། དུས་དེ་ནས་བཟུང་ངས་སློབ་ཚན་འཚོགས་སྐབས་བློ་ཁོག་ཆེན་པོས་དོགས་སློང་དང་དྲིས་ལན་འདེབས་ཀྱི་ཡོད་པས་རྒན་ལགས་ཀྱི་དེ་བས་ང་ལ་དགའ་བ་དང་ཐུགས་ཁུར་གནང་གི་འདུག དགེ་རྒན་ནི་ཕ་མ་གཉིས་པ་ཡིན་ཞེས་པའི་ངག་རྒྱུན་གྱི་བཤད་སྲོལ་དེ་ནི་དངོས་གནས་ཡང་དག་པ་ཞིག་རང་རེད་འདུག
མདོར་ན་རྒན་སྤེན་སྒྲོན་ལགས་ཀྱི་ང་ཚོར་བསླབ་པ་ནི་ཤེས་བྱ་རིག་གནས་ཁོ་ན་མ་ཡིན་པར་ཟ་ལུགས། འགྲོ་ལུགས། སྡོད་ལུགས་དང་ཡ་རབས་ཀྱི་སྤྱོད་པ་སོགས་ཤིན་ཏུ་མང་བས་ངའི་སེམས་དབུས་སུ་ཁོང་ནི་ནམ་ཡང་ངའི་ཨ་མ་ཡིན་ལ་ང་ནི་ནམ་ཡང་ཁོང་གི་བུ་ཕྲུག་རང་ཡིན།
zgZ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
 
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论