མཐོ་རྒྱུགས་ཀྱི་རྩོམ་སྦྱིན།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

མཐོ་རྒྱུགས་ཀྱི་རྩོམ་སྦྱིན།

ཡོང་ཁུངས། : འཕྲིན་སྟེགས   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟུར་མཆན། རྩོམ་ཡིག་འདི་དག་ཕྲན་གྱིས་ལོ་འདི་འགའི་མཐོ་རྒྱུགས་ཀྱི་རྩོམ་ཡིག་གི་ཁ་ཕྱོགས་གཞིར་བཟུང་སྟེ་བྲིས་པ་ཡིན་ལ། རྩོམ་ཡིག་འབྲི་མི་ཤེས་པའི་སློབ་གྲོགས་དག་ལ་ཟུར་ལྟའི་དཔྱད་གཞི་ཙམ་དུ་ཕུལ་བ་ལགས་ན་ཁྱོད་ཚོར་རྔོ་ཏིལ་འབྲུ་ཙམ་ཐོགས་པའི་སྨོན་འདུན་ཞུ། z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མི་གཤིས་ཀུན་སྤྱོད།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ཀུན་སྤྱོད་གཙང་བས་ཀུན་ཀྱི་ཡིད་དུ་འཐད་ཅེས་པའི་ཚིག་གིས་མདུན་བསུས་ཏེ་གླེང་བར་འདོད་པ་ནི། སྨྲ་ཤེས་ཤིང་དོན་གོ་བའི་མིའི་ཤ་གཟུགས་སུ་གྲུབ་པ་ཞིག་ཡིན་ཕྱིན།དེར་མི་གཤིས་ཀྱི་ཕོར་བ་གཙང་མ་ཞིག་མཁོ་བ་ཀུན་གྱིས་གླེང་གིན་འདུག་སྟེ། མི་ནི་འཚོ་བའི་རྩུབ་བརྡར་དང་བརྡབ་གསིག་ཁྲོད་འཚར་ལོངས་བྱུང་དགོས་ལ།བརྡབ་གསིག་དེའི་ཁྲོད་ནས་མི་གཤིས་ཀྱི་གད་སྙིགས་ཁ་ཤས་ལྷང་ལ་འབུད་ངེས། གད་སྙིགས་ནི་ཀུན་ཀྱིས་ཕངས་སེམས་དང་གནོང་འགྱོད་ཅི་ཡང་མེད་པར་གཡུག་འགྲོ་བ་བཞིན། སྤྱི་ཚོགས་ཀྱིས་ཀྱང་ཁྱོད་རང་དོར་འགྲོ་བ་མ་ཡིན་ནམ། མི་གཤིས་ངན་པ་ནི་ཕྱི་ཡི་གཤིས་རྒྱུད་གྱོང་བོ་ལ་གོ་ན། ཀུན་སྤྱོད་བཟང་པོ་ནི་ནང་གི་སེམས་རྒྱུད་གཙང་མ་ལ་གོ་དགོས་ཏེ། མི་གང་ཡང་རུང་བ་ཞིག་གི་ཕྱི་ཡི་སྤྱོད་ལམ་བཙོག་ཅིང་ནང་གི་བསམ་བློར་འབག་བཙོག་གིས་གོས་འདུག་ན་དེ་ནི་ཕྱི་ནང་འདམ་གྱིས་སྦགས་ཤིང་གཡའ་ཡིས་གོས་པའི་བུམ་པ་ཞིག་རེད། དེ་ནི་པོ་ཏོ་བ་རིན་ཆེན་གསལ་གྱིས་གསུང་བའི་སྣོད་དྲི་མ་ཅན་དེ་མ་ཡིན་ནམ། དྲི་ལྡན་སྣོད་ལ་དཀར་གསུམ་ཟས་མི་ཆགས།དྲི་ལྡན་སྣོད་ལ་མངར་གསུམ་གཡང་མི་འཁོར།། དྲི་ལྡན་སྣོད་ནི་རྡོག་པའི་ལྷམ་ཆད་འདྲ།། དྲི་ལྡན་སྣོད་ནི་མགོ་ནག་མི་ཡིས་འདོར།། དེས་ནི་ང་ཚོ་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ། འཇོན་ནུས་ཆེ་བ།ཤེས་ཡོན་ལྡན་པ། ཀུན་སྤྱོད་གཙང་བ།མི་གཤིས་ལེགས་ལ་གུས་ཞབས་ལྡན་པའི་མི་ཞིག་ཡོང་བར་འབད་དགོས་པའི་འབོད་སྐུལ་གཏོང་གི་འདུགདེ་དག་ནི་ཐོག་མའི་ཕ་མའི་སློབ་གསོ་དང་།སློབ་ཆུང་སློབ་གསོ། སྤྱི་ཚོགས་སློབ་གསོ་ལ་ཐད་ཀར་འབྲེལ་འདུག་སྟེ། བྱིས་པའི་དུས་སུ་ཚང་མར་དྭངས་གཙང་ཆུ་ཤེལ་ལྟ་བུའི་སེམས་པ། ནག་ནོག་དྲི་མས་མ་བསླད་པའི་གཤིས་ཀ གཡོ་སྒྱུའི་གདོན་གྱིས་མ་བཟུང་བའི་སྤྱོད་ལམ་སོགས་ཡོད་ཀྱང་། རིམ་བཞིན་སྤྱི་ཚོགས་ཀྱི་འབྲེལ་འདྲིས་དང་རྒྱུ་ནོར་གྱི་ཧམ་སེམས་དང་འགྲོགས་ནས།མི་ཡི་རྩ་བའི་རང་བཞིན་ནས་འགྱུར་ཏེ། ཁྲེལ་གཞུང་མེད་པ། རྩིས་ཐང་མེད་པ། ངོ་ཚ་མེད་པའི་ངོ་བོ་ཞིག་གསར་ཏུ་ཆགས་ཡོང་།
z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     བྱིས་དུས་ཀྱི་ཕ་མའི་སློབ་གསོ་ལེགས་ཤིང་སློབ་ཆུང་གི་དགེ་རྒན་གྱིས་ཀྱང་སློབ་གསོ་ལེགས་པོར་བཏང་ཡོད་ན་སློབ་མ་རེ་རེ་ནི་མ་གཞི་ནས་འཇིག་རྟེན་གྱི་གནས་ལུགས་ཤེས་པའི་སློབ་མ་ཚད་ལྡན་འབའ་ཞིག་ཏུ་བསྐྱེད་བསྲིང་བྱ་ཐུབ་ཀྱང་། ང་ཚོ་དེ་ལས་ལྡོག་སྟེ་ཕ་མས་བྱིས་པ་ལང་ཤོར་དང་སྤྱོད་ངན་ལ་གོམས་པར་བྱས་ཏེ་ཡིད་ལ་གང་དྲན་ལས་སུ་འཇུག་པ་དང་། ལག་ལ་ཅི་ཤོར་བཀོལ་དུ་འཇུག་པ།ཁ་ལ་གང་ཡོང་བཤད་དུ་འཇུག་པའི་གོམས་སྲོལ་ཆགས་པར་བྱས་ཚེ།ད་ནི་ནད་ཡམས་བཞིན་དུ་བཅོས་དཀའ་བའི་གནས་ཤིག་མ་ཡིན་ནམ།        z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     མདོར་ན་དེ་ནི་གྱོང་གུད་ཅིག་དང་གནོང་འགྱོད་ཅིག་ཀྱང་ཡིན་ཏེ།ང་ཚོའི་ངག་རྒྱུན་དུའང་མི་ལ་ངོ་ཚ་མེད་ན་ཁྱི་ཡིན།ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན་ཞེས་པའི་དཔེ་མང་དུ་བཀོད་འདུག་པ་མ་ཡིན་ནམ།ང་ཚོ་མི་རེ་རེ་ནས་སློབ་གྲྭར་བརྒྱུད་དེ་སློབ་གསོ་མྱང་དགོས་པའི་རྒྱུ་མཚན་ཅི་རེད།ཞིབ་ཏུ་འགྲེལ་ན་འཇིག་རྟེན་གྱི་གནས་ལུགས་ཤེས་ཤིང་ལེགས་ཉེས་ཀྱི་བླང་དོར་འབྱེད་ཐུབ་ལ།གཞན་གྱི་སེམས་ཁམས་གསོ་ཐུབ་པའི་སྐྱེ་བུ་ཚད་ལྡན་ཞིག་བྱ་རྒྱུ་དེ་མ་ཡིན་ནམ།མི་ལ་ཡོད་དགོས་པ་ངོ་ཚ་དང་།ཤིང་ལ་ཡོད་དགོས་པ་ཕྱི་ཤུན་ཡིན་ན་ང་ཚོས་མ་མཐར་སྲུང་དགོས་པའང་མི་གཤིས་དང་ཀུན་སྤྱོད་མ་ཡིན་ནམ།མི་གཤིས་དང་ཀུན་སྤྱོད་གཙང་མིན་ནི་སྤྱི་ཚོགས་ཤིག་གི་ངོ་གདོང་ཡིན་ལ།མི་རིགས་ཤིག་གི་རིན་ཐང་དང་། དུས་རབས་ཤིག་གི་སྤུས་ཚད་ཀྱང་ཡིན་འདུག་སྟེ།ད་ལྟའི་དུས་རབས་སམ་སྤྱི་ཚོགས་སུ་མིས་རང་ཉིད་ཀྱི་ངོ་སོ་དང་ཁེ་ཕན་ལ་དམིགས་ཏེ། རིན་བྲལ་གྱི་ནོར་བུ་སྟེ་ནང་གི་སེམས་རྒྱུད་དང་ཕྱི་ཡི་སྤྱོད་ལམ་ལེགས་པོ་དོར་ཏེ་ཁྱི་གཟུགས་དང་ཝ་མོ་ཡི་ཟློས་གར་མང་དུ་འཁྲབ་ཀྱིན་འདུག་ལ།དེ་ནི་འཕེལ་རྒྱས་ཀྱི་བཀག་རྡོ་དང་མདུན་ལམ་གྱི་བར་ཆད་ཡིན་པས་འཇིག་རྟེན་གྱི་མི་བུ་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དོགས་ཟོན་རེ་བྱ་རྒྱུ་ནི་ཤིན་ཏུ་གནད་ཆེའོ།།     z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བརྩེ་སེམས།     z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      འཇིག་རྟེན་ལ་བརྩེ་སེམས་ཡོད་དགོས།མི་ཡུལ་ལ་བཀུར་བསྟི་ཆེ་དགོས ། ཕ་མའི་བརྩེ་སེམས་བུ་ལ་འཕྲོས་པས་བུ་ཡི་བསམ་བློར་གཉོམ་ལག་རྒྱས་སྲིད། བུ་ཡི་བཀུར་བསྟི་རྒན་ལ་ཆེ་བས་རྒན་གྱི་ཤེས་རིག་ཆར་དུ་འཇོ་ངེས།འཇིག་རྟེན་བརྩེ་བས་ཁྱབ་ན་དགོད་སྒྲ་མོད། འཇིག་རྟེན་བཀུར་བསྟིས་ཕྱུག་ན་འཆམ་མཐུན་ཡོང་།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    དེ་རིང་ངས་འཇིག་རྟེན་གྱི་མ་ཡུམ་ཡོད་ཚད་ཀྱི་བརྩེ་སེམས་ལ་གླུ་ཞིག་འབུལ་འདོད། མོ་ཡི་རིགས་འདི་འཇིག་རྟེན་མ་རུ་གཏོགས་ལ་མ་ཡི་རིགས་འདི་བྱམས་བརྩེ་སྙིང་རྗེས་ཕྱུག་འདུག ལུས་ཚེགས་དང་སེམས་ཚེགས་སྤོབས་པས་བསྲན་ནས། ཉིན་མཚན་གྱི་འབད་འཐབ་རྔུལ་ཆུར་བསྒྲེས་ཏེ། དྲོད་ཁོལ་གྱི་ཉི་ཟེར་ཞིག་ཁྱིམ་ལ་བསུ་བར་འབད་ཅིང་། བདེ་སྐྱིད་ཀྱི་རིལ་བུ་ཞིག་བུ་ལ་ལྡུད་པར་བྲེལ་འདུགz40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    ཕ་མ་ནི་འཇིག་རྟེན་གྱི་སློབ་དཔོན་དང་པོ་ཡིན་ལ་སློབ་དཔོན་ནི་འཇིག་རྟེན་གྱི་ཕ་མ་གཉིས་པ་ཡིན་པའི་གནས་ལུགས་ཀྱིས་སྣེ་དྲངས་ཏེ་གླེང་ན ། འཇིག་རྟེན་ལས་ཆེས་བཀུར་བསྟི་ཆེ་དགོས་པ་ནི་ཕ་མ་དང་དགེ་རྒན་ཡིན་པ་འདྲ་ཡང་། ཉེ་ལམ་སྤྱི་ཚོགས་ཀྱི་ཁ་ཕྱོགས་འགྱུར་གྱིན་འདུག་ལ་དུས་རབས་ཀྱི་གོམས་སྲོལ་ཡང་འགྱུར་གྱིན་འདུག་པས་བུ་ཡིས་ཕ་མ་སྒོར་བདའ་བཞིན་པ་དང་བུ་ཡིས་ཕ་མར་གཅར་རྡུང་བྱེད་པའི་སྣང་ཚུལ་སྤྱི་ཚོགས་ཀྱི་ཟ་ཟུར་གང་རུང་ན་ཆར་ཤུལ་གྱི་ཤྭ་མོ་ཇི་བཞིན་རྡོལ་གྱིན་འདུག་ལ་འཚོ་བ་ཡི་ཟབ་ས་རེ་ན་ཚེར་མ་བཞིན་སྐྱེས་ཀྱིན་འདུག་སྟེ། ལྟ་བ་གསར་བ་དང་འདོད་ཚུལ་ཐོལ་བརྒལ་གྱིས་ཁ་ཕྱོགས་འཚོལ་གྱིན་པའི་གསར་བུ་སྣང་མཐོ་དག་གི་རྗེས་སུ་འབྲང་སྟེ་དགེ་རྒན་དགྲ་རུ་འཛིན་པ་དང་དགེ་རྒན་གྱི་ནག་ཉེས་དང་སྤྱོད་ཚུལ་སུན་འབྱིན་བྱེད་པའི་ཚ་རླབས་གསར་བ་ཞིག་ཀྱང་དུས་རབས་ཀྱི་སྒལ་གཞུང་ན་རྭ་ཅོ་བཞིན་སྐྱེས་བཞིན་འདུག་པ་ནི་སྐབས་སྐབས་སུ་མི་རབས་ཤིག་གི་འཕེལ་རྒྱས་ལ་རྩིས་ཆོག་ཀྱང་སྐབས་སྐབས་སུ་མི་རབས་ཤིག་གི་གྱོང་གུད་དུའང་རྩི་ཆོག་པ་འདྲ། རང་ཉིད་ཀྱི་སྤོབས་པ་དང་སྙིང་སྟོབས་ཀྱི་དར་ཚོན་འཕྱར་ཐུབ་པ་དང་། རང་ཉིད་ཀྱི་དགའ་ཕྱོགས་དང་འདོད་མོས་ལ་རྩོད་ལེན་བྱ་ཐུབ་པ་ནི་འབྲས་བུ་རུ་རྩིས་ཆོག་ལ་མི་རིགས་ཀྱི་གོམས་སྲོལ་དང་ཆ་ལུགས་དོར་ཟིན་པ་ནི་གྱོང་གུད་ཅིག་ཀྱང་ག་ལ་མིན། ང་ཚོས་སྲོག་ཆགས་ཆུང་ངུ་ཙམ་ལའང་མ་རུ་འཛིན་པའི་བརྩེ་སེམས་དེས་ང་ཚོའི་སྲོག་རྒྱུན་བསྲིངས་པ་མ་ཡིན་ནམ།རང་གི་གཉེན་ཉེ་ཤ་ཁྲག་མེད་པར་བཀུར་བསྟི་ཆེ་བ་དེས་ང་ཚོའི་རིགས་རུས་བསྐྱེད་པ་མ་ཡིན་ནམ།ས་སྒང་རིལ་མོ་གོང་བུ་གཅིག་ཏུ་འགྱུར་བཞིན་པའི་སྦྲེལ་ཐགས་དེ་བརྩེ་སེམས་མ་ཡིན་ནམ། ཁ་ཕྱོགས་གཅིག་ལ་སྒྲིལ་བཞིན་པའི་སྲོག་རྒྱུན་དེ་བཀུར་བསྟི་མ་ཡིན་ནམ།བསིལ་ལྡན་ཁ་བ་ཅན་གྱི་ཞིང་ཁམས་འདི་ན། ཡིག་དྲུག་གི་དབྱངས་རྟས་རི་ལུང་སྐྱོམས་པ་ནི་ང་ཚོའི་ལང་ཚོ་རེད་ལ་མཆོད་འབུལ་གྱིས་ཆོ་ཀས་ས་ཆེན་བཀང་བ་ནི་ང་ཚོའི་གཟི་བྱིན་མ་ཡིན་ནམ། ཕ་མ་དང་བུ་ཡི་བརྩེ་བ།དགེ་རྒན་དང་སློབ་མའི་བརྩེ་བ། མི་དང་མི་ཡི་བརྩེ་བ།མི་དང་སྲོག་ལྡན་གཞན་གྱི་བརྩེ་བ།མདོར་ན་འཇིག་རྟེན་བརྩེ་བས་ཁྱབ་པར་ཤོག སྣང་བ་འོད་ཀྱིས་འཁྱུད་པར་ཤོགབཅུ་རིག་ན་བརྒྱ་བསོད་རྐྱང་བྱེད་པའི་བསམ་བློ་ནི་ང་ཚོའི་མ་རེད།སུ་རིག་ན་དེར་བརྙས་པར་བྱེད་པའི་ཀུན་སྤྱོད་ཀྱང་ང་ཚོའི་མ་རེད། གང་མཐོང་ན་དེ་དགྲ་རུ་འཛིན་པའི་ལྟ་བ་དེའང་ང་ཚོའི་མ་རེད། སྤྱི་ལ་སྙོམས་པའི་བརྩེ་བ་ཞིག་མཚོ་རུ་འཁྱིལ་དགོས་འདུགz40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

   ཀུན་ལ་ཁྱབ་པའི་བརྩེ་བ་ཞིག་མེ་རུ་འབར་དགོས་འདུགམཐོ་དམའ་སྙོམས་པའི་བརྩེ་བ་ཞིག་རླུང་རྟར་འཕྱོ་དགོས་འདུག ལྷག་པར་དུ་དུས་རབས་ཀྱི་འཁོར་འགྲོས་མྱུར་ཞིང་འཁོར་ལོ་ཡི་ཁ་ཕྱོགས་ནོར་བའི་དེ་རིང་ང་ཚོར་ངེས་པར་དུ་དགོས་པ་ནི་བརྩེ་བ་རེད། མི་རབས་ཀྱི་བསམ་ཚུལ་འགྱུར་ཞིང་འགྱུར་ཚུལ་གྱི་རྦ་རླབས་མཐོ་བའི་དེ་རིང་ང་ཚོར་དགོས་པ་ནི་བཀུར་བསྟི་རེད། སུས་ཀྱང་དོར་མི་ཆོག་པ་ནི་བརྩེ་སེམས་རེད།བཀུར་བསྟི་རེད། ཆོག་ཤེས་རེད། བྱམས་པ་རེད། འཆམ་མཐུན་རེད། འདྲ་མཉམ་རེད། ངས་འདི་ལྟར་གླེང་ཡོང་དུས། ཀུན་གྱིས་ཆོག་ཤེས་བསྟེན་མི་རུང་ཆོག་ཤེས་བསྟེན་ན་རྗེས་སུ་ལུས་ཞེས་མི་བཤད་པའི་ངེས་པ་མེད་ལ།ངས་འདིར་གླེང་གིན་པའི་ཆོག་ཤེས་ནི་ཕྱིའི་རྒྱུ་ནོར་གྱི་ཆོག་ཤེས་སུ་གོ་བ་ལས་རིག་གནས་སྦྱངས་པའི་ཆོག་ཤེས་ལ་གཏན་ནས་གོ་ཡི་མེད་པ་ཤེས་པར་གྱིས་ཤིག  z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

                   z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སྲུང་སྐྱོབ།  འཆམ་མཐུན།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      ཉེ་བའི་ལོ་འདི་འགར་འཛམ་གླིང་ས་སྒང་ཧྲིལ་བོའི་ཁྱོན་ལ་རི་འགུལ་ས་གཡོ་དང་།མེ་རི་འཕྱུར་ཏེ་ཆུ་བྲུག རླུང་གཡུག་དྲགས་ཆར་གྱི་སྣང་ཚུལ་རྒྱུན་དུ་འབྱུང་གིན་འདུགདེ་ལ་བསམ་གཞིག་རེ་བྱས་ཚེ་ཡོད་ཚད་ང་ཚོས་སྐྱེད་པའི་ནག་ཉེས་སུ་མི་བགྲང་ཐུ་མེད་རེད་དེ། འཇིག་རྟེན་ཁམས་ཀྱི་མི་བུ་ཚང་མའི་སེམས་ཁམས་འདོད་རྔམ་དང་ཧམ་སེམས་ལ་ཕྱོགས་ཀྱིན་པའི་སྣང་ཚུལ་ཉིན་རེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ལ་ཧམ་སེམས་དེས་བསྐྱེད་པའི་མཇུག་འབྲས་ནི་སླར་ཡང་ང་ཚོས་མི་འཁུར་ཐུ་མེད་རེད། སའི་གོ་ལ་ནི་ང་ཚོའི་མ་ཡུམ་ཡིན་ལ་མ་ཡུམ་གྱི་བྱམས་བརྩེ་ཐུགས་ཁུར་དང་སྤྱི་སྙོམས་ཀྱི་ལྷག་བསམ་ལ་ང་ཚོ་སྲོག་ལྡན་ཀུན་གྱིས་སྲུང་སྐྱོབ་བྱ་དགོས་ལ་སེམས་ཀྱིས་ཀྱང་སྐྱོང་དགོས་པ་མ་ཡིན་ནམ། ནམ་ཞིག་ས་ཆེན་གྱི་ཞེ་བློ་གཏིང་ནས་ཁྲོས་ཏེ་ཚེ་སྲོག་གི་ཀ་བ་རྨང་ནས་འགྱེལ་ན། ང་ཚོ་ནི་ནུས་མེད་མཐུ་མེད་ཀྱི་རྩེད་ཆས་སྙིང་ཉེ་བ་དེ་ཚོ་མ་ཡིན་ནམ། འཇིག་རྟེན་མ་རུ་མ་གྱུར་གཅིག་ཀྱང་མེད་ཅེས་པའི་དཔེ་བཞིན་དུ་འཇིག་རྟེན་གྱི་ཁྱོན་ནམ།ས་སྒང་རིལ་མོ་འདིའི་ཟུར་ངོས་གང་དག་ན་འཚོ་ཞིང་བཞེས་པའི་སྲོག་ལྡན་ཡོད་ཚད་མ་ཡུམ་གཅིག་གི་ཐུགས་རྒྱུད་ལས་འཁྲུངས་པ་ཡིན་ལ།མ་ཡུམ་དེ་ནི་ས་ཆེན་ཨ་མ་རེད། མཐོ་བའི་རི་ལ་གནས་པའི་རི་དྭགས་དང་གཅན་གཟན།དམའ་མོ་སྤང་ལ་ཡན་པའི་རྟ་ནོར་ལུག་གསུམ། རྒྱ་རྫོང་ནགས་སུ་འཁོར་བའི་འདབ་ཆགས་ཁྱུ་ཚོགས། དམར་པོ་བྲག་ལ་ལྡིང་བའི་བྱ་རྒྱལ་རྒོད་པོ། སྨྲ་ཤེས་དོན་གོའི་འགྲོ་བ་མི་རིགས།གཅིག་ལ་གཅིག་རྟེན་གྱིས་འཚོ་བ་མ་ཡིན་ནམ། གཅིག་གྲོགས་གཅིག་རྒྱབ་ཏུ་བསྙེས་པ་མ་ཡིན་ནམ། དེས་ན་ང་ཚོས་ཕན་ཚུན་ལ་རོགས་རམ་བྱ་དགོས། ཕན་ཚུན་ལ་སྲུང་སྐྱོབ་བྱ་དགོས། ཕན་ཚུན་ལ་འཆམ་མཐུན་ཡོང་དགོས། ད་ལོ་ང་ཚོས་ས་ཆེན་གྱི་བྲང་གཞུང་སྔོག་ཐུབ་ཀྱང་། ད་ལོ་ང་ཚོས་ནགས་ཚལ་གྱི་ཚེ་སྲོག་འབྲེག་ཐུབ་ཀྱང་། ད་ལོ་ང་ཚོས་སྲོག་ལྡན་གྱི་རྒྱུ་བ་གཅོད་ཐུབ་ཀྱང་། སང་ལོ་ང་ཚོའི་ས་ཆེན་འགུལ་ན་སུས་བསྐྱོར། སང་ལོ་ང་ཚོའི་མེ་རི་འབར་ན་སུས་དལ། སང་ལོ་ང་ཚོར་ཐན་པས་གཙེས་ན་སུས་སྐྱོབ ། སྐབས་ཐོག་གི་བདེ་བ་རག་པ་སུས་ཀྱང་ཐུབ་ཀྱང་། ཡུན་རིང་གི་འཆམ་མཐུན་དང་འབྱུང་འགྱུར་གྱི་འབོད་སྐུལ་ལ་སུ་ཡིས་གསན་མྱོང་ཨང་།
z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    ནམ་ཞིག་ས་ཆེན་ཨ་མའི་དོན་སྣོད་ལ་གས་ཁ་ཤོར་ཏེ་ཉམ་ཐག་གི་གནས་སུ་ལྷུང་ན་ང་ཚོའི་འཚོ་རྟེན་གྱི་ཁྱིམ་གཞིས་གང་དུ་འཛིན། ནམ་ཞིག་ང་ཚོའི་ཚེ་སྲོག་གི་འཕར་ལྡང་འཇགས་ཏེ་འབྱིན་རྔུབ་ཀྱི་རྒྱུ་བ་ཆད་ན་ང་ཚོའི་དབུགས་རྒྱུན་གྱི་རྟ་རྔ་གང་དུ་མཐུད། ནམ་ཞིག་ང་ཚོའི་འཚོ་གནས་ལ་འཐབ་འཛིང་བྱུང་སྟེ་རྙོག་འཛིང་གི་འཁོར་ལོ་བསྐོར་ན་ང་ཚོའི་ཞི་བདེ་ཡི་ལྷ་བྱ་གང་ནས་འབོད། ལོ་འདི་གར། ཀུན་གྱིས་མགྲིན་པ་གཟེངས་སུ་བཏེགས་ནས་འཆམ་མཐུན་གླེང་གིན་འདུག ཀུན་གྱིས་གནས་ལུགས་དར་ལ་བརྒྱུས་ནས་སྲུང་སྐྱོབ་བཤད་ཀྱིན་འདུག ཀུན་གྱིས་ལུས་ངག་རྩལ་དུ་སྤྲུགས་ནས་ཞི་བདེ་འབོད་ཀྱིན་འདུགམདོར་དེད་ན། དེ་ནི་ཁ་གཡང་ཞིག་གམ་སྣང་ཚུལ་ཞིག་རེད།དེ་ནི་རྣམ་པ་ཙམ་དང་ཟེར་སྒྲོས་ཤིག་རེད། དེ་ནི་སྲིད་ཇུས་ཙམ་དང་ངག་རྒྱུན་ཞིག་རེད། དོན་དངོས་སུ་ཁོར་ཡུག་སྤོབས་པས་སྲུང་སྟེ་དམངས་ལ་ཞབས་ཞུ་སྒྲུབ་མཁན་ཅི་ཙམ་ཡོད། འཆམ་མཐུན་མིག་བཞིན་གཉེར་ཏེ་སྤྱི་སྙོམས་ལས་ལ་འབད་མཁན་དུ་ཙམ་ཡོད། ཞི་བདེ་རྒྱང་ནས་བསུས་ཏེ་སྤྲོ་དགའི་འཚོ་བ་རོལ་མཁན་ག་ཚོད་ཡོད། རང་རང་གི་ཁེ་ཕན་གྱི་ཆེད་དུ།རང་རང་གི་སྐབས་བབ་ཀྱི་ཆེད་དུ།  རང་རང་གི་སྙན་གྲགས་ཀྱི་ཆེད་དུ། རང་རང་གི་ངོ་སོ་ཡི་ཆེད་དུ། གཞན་གྱི་ཚེ་སྲོག་ལ་བརྙས་བཅོས་གཏོང་བར་ཕངས་སེམས་མེད་ལ། གཞན་གྱི་བདེ་སྐྱིད་ལ་རྡོག་རྫིས་གཏོང་བར་གནོང་འགྱོད་ཅིག་གང་ནས་ཡོད་དམ།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    འཇིག་རྟེན་བདེ་བ་ཇི་སྙེད་པ།དེ་ཀུན་གཞན་བདེ་འདོད་ལས་བྱུང་།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།དེ་ཀུན་བདག་བདེ་འདོད་ལས་བྱུང་བས་ས་སྒང་རིལ་མོ་འདིའི་སྟེང་ན་འཚོ་སྡོད་ལ་རེམ་པའི་སྲོག་ལྡན་ཀུན་ཀྱིས་འཆམ་མཐུན་ཞེས་པའི་ཐ་སྙད་འདིའི་སྲོག་དབང་ལ་ཟབ་ཞུགས་བྱས་ཏེ། སྲུང་སྐྱོབ་ཅེས་པའི་གནས་ལུགས་དེའི་འཚོ་སྟངས་ལ་འང་བསམ་གཞིག་རེ་བྱ་རྒྱུ་ནི་ཐུགས་འཇགས་མཛོད་ཅེས་བཤད་འདོད་པ་ཡིན། ང་ཚོ་ད་དུང་འཚོ་དགོས། ང་ཚོས་ད་དུང་འཚོལ་དགོས། ང་ཚོས་ད་དུང་སྐྱོང་དགོས། ང་ཚོར་ད་དུང་ཕྱི་རབས་པ་ཡོད་ངེས། ང་ཚོར་ད་དུང་བདེ་འཇགས་དང་ཚེ་སྲོག་དགོས་ངེས།     z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

              z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སྙིང་སྟོབས།  ལྷག་བསམ།

     ང་ཚོ་སྨྲ་ཤེས་ཤིང་དོན་གོ་བའི་མི་རུ་སྐྱེས་པའི་ཉིན་ནས་བློ་གཤོག་གསར་བ་རེ་སེམས་དང་དྲན་པའི་དབུས་སུ་སྙིང་ཕུར་བཞིན་བརྡབ་དགོས་འདུགདེས་ནི་ཁྱེད་ཀྱི་མདུན་བསྐྱོད་ལ་སྒུལ་ཤུགས་གསར་བ་རེ་སྦྱིན་སྲིད་ལ་ཁྱེད་ཀྱི་མི་ཚེ་ལ་བཀྲག་མདངས་གསར་བ་རེའང་སྣོན་སྲིད།དེ་ནི་སྙིང་སྟོབས་རེད།སྙིང་སྟོབས་ཀྱི་གོ་ཆ་རེད།སྙིང་སྟོབས་ཀྱི་གོམ་སྒྲ་རེད།དེ་ནི་ལྷག་བསམ་རེད།ལྷག་བསམ་གྱི་དར་ཆ་རེད།ལྷག་བསམ་གྱི་ལྕག་ཚན་རེད།སྙིང་སྟོབས་རྒྱན་ཆ་བཞིན་ལུས་སུ་བཀླུབས་ནས་འཇོ་སྒེག་ངོམ་ཆོགསྙིང་སྟོབས་གོ་ཚོན་བཞིན་ལག་ལ་འཆང་ནས་ཕ་རོལ་ལ་དཔུང་འཇུག་བྱས་ཆོགལྷག་བསམ་དར་ཆ་ལྟར་མཐོ་རུ་བསྒྲེངས་ནས་རང་ཉིད་ཀྱི་དགེ་མཚན་བསྒྲགས་ཆོགལྷག་བསམ་ཡིག་དྲུག་ལྟར་དབྱངས་སུ་བཀུག་ནས་ངག་སྒོ་ཡི་བཀག་རྒྱ་བསལ་ཆོགསྙིང་སྟོབས་དགོས་པ་ནི་མི་རབས་ཤིག་གི་མདུན་བསྐྱོད་ལ་སྐུལ་བའི་ལྕག་ཚན་རེད།ལྷག་བསམ་དགོས་པ་ནི་མི་རིགས་ཤིག་གི་སྲོག་དབང་ལ་ཞུགས་པའི་གཟུངས་ཐག་རེད།སྙིང་སྟོབས་འཛོམས་ཤིང་ལྷག་བསམ་ལྡན་ན་ང་ཚོའི་མི་ཚེ་ལ་བཀྲག་མདངས་འཚེར་ངེས།ཆོད་སེམས་བརྟན་ཞིང་ཡིད་ཆེས་ཡོད་ན།ང་ཚོར་མི་འགྲུབ་པ་ཡོད་མི་སྲིད་ལ།ང་ཚོར་སྐྲག་དངངས་དང་ཞེ་ཕམ་ཡོད་ག་ལ་སྲིད།དུས་རབས་སྙིང་སྟོབས་ཀྱིས་སྒུལ་ཞིང་མི་རིགས་ལྷག་བསམ་གྱིས་ཕྱུག་ན་འཇིགརྟེན་མདུན་བསྐྱོད་ལ་ཕྱོགས་འགྲོ།སྙིང་སྟོབས་ནི་མི་རེ་རེ་དགོས་ཤིང་ཕྱོགས་སོ་སོ་ལ་དགོས་ངེས།སྙིང་སྟོབས་ཀྱི་གོ་ཁྲབ་ལུས་ལ་སྤྲས་ནས་ཤེས་རིག་གི་གཤིན་ཐང་སྤོབས་པས་བརྒལ་དགོས།སྙིང་སྟོབས་ཀྱི་རལ་གྲི་ལག་ཏུ་བཟུང་ནས་རྨོངས་མུན་གྱི་གཡག་སྐམས་ཐབས་ཀྱིས་བཤའ་དགོས།སྙིང་སྟོབས་ཀྱི་བཟའ་བཅའ་ལེགས་པོར་སྒྲིགས་ནས་འབྱུང་འགྱུར་ལ་དཔུང་འཇུག་བྱ་དགོས།སྙིང་སྟོབས་ནི་བཀོལ་ཤེས་བྱ་དགོས།སྙིང་སྟོབས་ལ་བདག་པོ་རྒྱག་དགོས།སྙིང་སྟོབས་ཀྱི་དར་ཚོན་འཕྱར་དགོས།རང་ལམ་རང་གིས་སྙེགས་པའི་ཆོད་སེམས་ནི་སྙིང་སྟོབས་ཡིན།རང་དོན་རང་གིས་སྒྲུབ་པའི་འཆར་གཞི་ནི་སྙིང་སྟོབས་ཡིན།རང་བློ་རང་ལ་ལྐོགས་སུ་མ་གྱུར་བ་ནི་སྙིང་སྟོབས་རེད།དུས་རབས་མདུན་བསྐྱོད་ལ་རེམ་ཞིང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་པའི་དེ་རིང་།ཚན་རིག་གིས་གོ་ལར་ཁ་ལོ་བསྒྱུར་བ་ནི་སྙིང་སྟོབས་རེད།ཤེས་རིག་གིས་མི་ཡི་ལས་དབང་བསྒྱུར་བ་ནི་སྙིང་སྟོབས་རེད།ཁེ་ལས་ཀྱིས་འཇིག་རྟེན་ཡོམ་ཡོམ་སྒུལ་བ་ནི་སྙིང་སྟོབས་རེད།སྙིང་སྟོབས་དེ་ལ་ལྷག་བསམ་གྱི་ཚན་ཁ་སྤྲས་དགོས་པའང་བདེན་དོན་རེད།རང་དོན་གཙུག་གི་གཙུག་ལ་བཀུར་ཏེ་གཞན་དོན་གྲམ་པའི་རྡོ་རུ་གཡུག་པ་ནི་གྱོང་གུད་ལ་རྩི་དགོས།སྙིང་སྟོབས་ཆེ་དྲགས་ན་ཧམ་སེམས་ལ་འགྱུར་འགྲོ།ཧམ་སེམས་མོད་པ་ནི་རང་ཉིད་ཕུང་བའི་རྒྱུ་རུ་འགྱུར་སྲིད།བཅུ་ཡོད་ན་བརྒྱ་ཡོད་ན་འདོད་པའི་ཧམ་སེམས་ཀྱིས་རང་ཉིད་ཕུང་ལ་སྦྱོར་སྲིད།བརྒྱ་འབྱོར་ན་སྟོང་འབྱོར་ན་འདོད་པའི་འདོད་རྔམ་དེས་རང་གི་ཚེ་སྲོག་བརླགས་སྲིད།སྙིང་སྟོབས་ཀྱིས་རིག་གནས་སྦྱོང་དགོས།ལྷག་བསམ་གྱིས་འཚོ་བ་སྐྱོང་དགོས།བརྩེ་སེམས་ཀྱིས་འབྱུང་འགྱུར་བསུ་དགོས། དཔུང་བ་ཐུར་དུ་སྨད་པའི་བཟོ་ལྟ་དེས་མདུན་ལམ་མི་རྙེད།སེམས་པ་ཐང་ལ་ལྷུང་བའི་སྣང་ཚུལ་དེས་བདེན་དོན་མི་འགྲུབ།ང་ཚོའི་མདུན་ཕྱོགས་ནའང་འོད་ཟེར་ཡོད་པ་བརྗེད་མི་ཉན།ང་ཚོའི་ཕྲག་སྟེང་ནའང་ལས་དོན་ཡོད་པ་བརྗེད་མི་ཉན།ང་ཚོའི་ལུས་སྟེང་ནའང་ཟུངས་ཁྲག་ཡོད་པ་བརྗེད་མི་ཉན།ང་ཚོའི་དུས་རབས་ལའང་འགྲན་རྩོད་ཡོད་པ་བརྗེད་མི་ཉན།ང་ཚོས་སེམས་རྒྱུད་ནའང་སྙིང་རྗེ་ཡོད་པ་བརྗེད་མི་ཉན།ང་ཚོའང་ཁོ་ཚོར་འགྲོགས་ནས་མདུན་དུ་འགྲོ།ང་ཚོའང་དུས་ལ་འགྲོགས་ནས་མདུན་དུ་འགྲོ།ང་ཚོའང་ཤེས་རིག་སྦྱོང་གིན་མདུན་དུ་འགྲོ།མདུན་ཕྱོགས་ན་འཆམ་མཐུན་ལ་འབོད་པ་གཏོང་བའི།ཞི་བདེ་ལ་གཡབ་མོ་བྱེད་པའི།འགྲན་རྩོད་ཀྱི་རྦ་རླབས་འཕྱོ་བའི།དུས་ཀྱི་མེ་ལོང་ཞིག་ལྷམ་མེར་ཡོད་སྐད།འཚོ་བའི་གཡུ་མཚོ་ཞིག་ལྷུན་གྱིས་ཆགས་སྐད།སྙིང་ཉེ་བའི་མི་ཡི་ཚོགས་ཡ།ཁྱེད་ཚོས་སྙིང་སྟོབས་ཀྱིས་དར་ཆ་འཕྱར་ནས་ཤོག  ཁྱེད་ཚོས་རྣམ་དཔྱོད་ཀྱི་གོ་ཁྲབ་སྤྲས་ནས་ཤོགཁྱེད་ཚོས་ལྷག་བསམ་གྱི་བསིལ་གདུགས་ཁྱེར་ནས་ཤོག        z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

                        z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 རྨི་ལམ།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    ང་ཚོ་ཨ་མའི་མངལ་ལས་སྐྱེས་ཤིང་འགྲོ་འདུག་གི་བྱ་བ་ཚགས་སུ་ཆུད་པ་ནས་རེ་རེ་ལ་སེམས་ཀྱི་གཏིང་དུ་སྦས་པའི་ཕུགས་འདུན་རེ་ཡོད།ཕུགས་འདུན་དེ་ནི་རྨི་ལམ་རེད།རྨི་ལམ་འདི་མངོན་འགྱུར་བྱ་ཆེད་བརྩོན་པའི་རྔུལ་ཆུ་མང་དུ་བསགས་དགོས་ལ།ཤ་ཡི་བཅུད་དང་རུས་པའི་ཕབས་ཀྱང་མང་དུ་གཏང་དགོས།        z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

   རྨི་ལམ་ལ་རྒྱལ་ཁབ་ཀྱི་རྨི་ལམ་དང་མི་རིགས་ཀྱི་རྨི་ལམ།ཐུན་མོང་གི་རྨི་ལམ་དང་མི་སྒེར་གྱི་རྨི་ལམ་སོགས་མང་དུ་ཡོད་དེ།རྨི་ལམ་རེ་རེའི་རྨི་སྟངས་མི་གཅིག་ལ་རིན་ཐང་དང་ངོ་བོ་ཡང་ག་ལ་གཅིགརྨི་ལམ་དེས་ནི་ཁྱོད་ཀྱི་མི་ཚེ་གཅིག་གམ་ཡང་ན་དུས་རབས་ཤིགད་དུང་འདས་མ་ད་གསུམ་གྱི་ཁ་ཕྱོགས་ལ་བརྡར་གཅོད་བྱ་ཐུབ་ངེས།རྨི་ལམ་མང་བའི་མི་ལ་གྲུབ་འབྲས་མོད་ཅིང་རྨི་ལམ་མང་བའི་མི་ལ་བསམ་གཞིག་མོད་ངེས།བསམ་གཞིག་ནི་མི་ཞིག་འབྱུང་འགྱུར་ལ་ཕྱོགས་པའི་ཐོག་པའི་གོམ་སྒྲ་དང་མཐའ་མའི་སྔུར་བ་ཡིན་སྲིད་པས།རྨི་ལམ་དང་རྨི་ལམ་ལས་མི་ཚེ་ལ་བཀྲག་མདངས་འཚེར་ཞིང་།བསམ་གཞིག་དང་བསམ་གཞིག་ལས་འཚོ་བ་ཡི་རིན་ཐང་རྟོགས་ངེས།
z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    ང་ཚོ་གསར་དུ་སློབ་གླིང་གང་རུང་གི་སྒོ་ཐེམ་བརྒལ་ཏེ་ཤེས་རིག་གི་མེ་ཏོག་ལམ་མེར་བཀྲ་ཤིང་གདམས་ངག་དང་ལྟ་བ་ཡི་རི་བོ་ཐང་མར་བརྡལ་བའི།སློབ་དཔོན་གྱི་འཆར་འགོད་ཉི་ཟླར་ཤར་ཞིང་འགྲན་རྩོད་གྱི་རྦ་རླབས་ཆེས་ཆེར་འཕྱུར་བའི།ཁ་ཕྱོགས་ཀྱི་མདའ་མོ་དྲང་ལ་གཏད་ཅིང་རང་ཚུགས་ཀྱི་ས་འཛིན་གྱེན་དུ་བསླངས་པའི།བསམ་བློ་ལ་གཤོག་ཟུང་རྒྱས་ཤིང་བདེན་དོན་གྱི་མེ་ལོང་རིང་དུ་གསལ་བའི་ཤེས་རིག་གི་དགའ་ཚལ་ཞིག་ལ་འགྲོ་འདོད་པ་ནི་རྨི་ལམ་རེད།རྨི་ལམ་ནི་སེམས་ཀྱིས་བསྒོམས་ཏེ་འགྲུབ་འགྲོ་བ་མི་སྲིད་ལ།ལྷ་བསང་བཏང་བ་ཙམ་གྱིས་མི་ཡོང་ཞིང་།ང་རྒྱལ་གྱིས་མགོ་འཕང་མཐོ་རུ་བཏེགས་པས་དེ་བས་ཀྱང་ངོ།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     ཁྱོད་ཀྱིས་རང་ཉིད་བསམ་ན།རང་གི་ཁ་ཕྱོགས་བསམ་ན།རང་གི་ཕ་མ་དང་ཕ་ཡུལ།མི་རིགས་དང་རྒྱལ་ཁབ།ད་དུང་རང་གི་སང་ཉིན་གྱི་རྨི་ལམ་བསམ་ན།ཡིག་ཆུང་གི་ཤག་སྒྲར་རྣ་བས་གསན་དགོས་ལ།གསུང་རབ་ཀྱི་རི་བོར་སེམས་ཀྱིས་འགོས་ཏེ།རྒན་གྱི་ངག་ཚིག་གི་བདུད་རྩི་ཕངས་མེད་བཏུང་དགོས་ཨང་།སྐབས་དེར་དགེ་རྒན་ནི་ཁྱེད་ཀྱིས་མགོན་དུ་བྱོན་པའི་ཉི་མ་དེ་ཡིན་ལ།གྲོགས་སུ་ཕེབས་པའི་ཙན་དན་གྱི་ལྗོན་པ་ཞིག་ཀྱང་ཡིན་སྲིད།དགེ་རྒན་ལ་ཉམས་མྱོང་གི་བུམ་ཆུ་གང་ཞིག་ཕངས་མེད་དུ་ཡོད་ལ།ཐབས་རྩལ་གྱི་མདའ་མོ་རེ་དང་ཡིད་འཇོག་གི་རིལ་བུ་རེ་གཉིས་ཞོར་ཞོར་ལ་ཡོད་སྲིད།ཁྱེད་ཀྱི་རྨི་ལམ་དགེ་རྒན་གྱིས་རྟོགས་སྲིད་ལ་ཁྱེད་ཀྱི་རྨི་ལམ་དེ་དགེ་རྒན་གྱིས་ཀྱང་རྨི་སྲིད།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    གཞོན་པའི་ཤེད་ལས་རྒན་པོའི་ཇུས་བཟང་བས།ན་གཞོན་ཧོལ་རྒྱུགས་ཀྱིས་བྱ་བའི་མཐར་མི་འཁྱོལ།རང་སྣང་རླུང་སྐུར་གྱིས་ཕུགས་ཀྱི་གླགས་མི་རྙེད།སེམས་པ་འཚབ་འཚུབ་ཀྱིས་ལས་ཀྱི་གཏིང་མི་དཔོགངེས་མེད་འདུར་རྒྱུགས་ཀྱིས་ལམ་གྱི་སྣེ་མི་ཟིན།ཐོག་མར་རང་ཉིད་ཀྱི་རྨི་ལམ་དེ་གཏན་འཁེལ་རྒྱུ་གནད་དུ་ཆེ་ལ།རྨི་ལམ་གཏན་འཁེལ་བྱས་རྗེས་རྨི་ལམ་གྱི་ངོ་བོ་དང་ཆོས་ཉིད་ལའང་བསམ་གཞིག་བྱ་དགོས་ཨང་།རྨི་ལམ་གྱི་རྨི་སྟངས་དང་ཁ་ཕྱོགས་གཞན་ལ་འདྲི་དགོས་ལ།རྨི་ལམ་གྱི་ངོ་བོ་དང་འཚོལ་སྟངས་གཞན་གྱིས་སྔོག་དགོས་འདུགརྨི་ལམ་ནི་ས་བོན་ཞིག་ཡིན་ན་དེ་ཡང་ཆུ་ལུད་དྲོད་བཤེར་འཛོམས་དགོས་ལ།བདག་པོ་དང་མཐུན་རྐྱེན་གཞན་དག་ཀྱང་ཞོར་ལ་ཚང་དགོས་པ་མ་ཡིན་ནམ།མི་བུ་ཞིག་གི་རྨི་ལམ་ནི་ཐུན་མོང་གི་རྨི་ལམ་ལ་འབྲེལ་ཞིང་ཐུན་མོང་གི་རྨི་ལམ་ནི་མི་རིགས་ཀྱི་རྨི་ལམ་ལ་འབྲེལ་ཏེ།དེའི་ན་མི་རིགས་ཀྱི་རྨི་ལམ་ནི་རྒྱལ་ཁབ་ཀྱི་རྨི་ལམ་ལའང་དེ་བཞིན་དུ་འབྲེལ་ངེས་ཡིན་སྲིད་ན་ང་ཚོ་རེ་རེའི་རྨི་ལམ་ལ་རིན་ཐང་ཅི་འདྲའི་ཆེ་ཨང་།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    རྨི་ལམ་ནི་ལང་ཚོ་རེད།བཀྲག་མདངས་ལམ་ལམ་འཚེར་བའི་ལང་ཚོ་རེད།རྨི་ལམ་ནི་ཁ་ཕྱོགས་རེད།སེམས་པ་རྐྱང་རྐྱང་འཁྲེང་བའི་ཁ་ཕྱོགས་རེད།རྨི་ལམ་ནི་ཕུགས་བསམ་རེད།འདོད་འདུན་རུམ་ལ་བཅུག་པའི་ཕུགས་བསམ་རེད།ཕུགས་བསམ་དེ་རིང་བོར་ན་སང་ཉིད་སླར་ཡང་བཙལ་ཆོག་ཀྱང་།ཁ་ཕྱོགས་དེ་རིང་འཆོལ་ན་སང་ཉིན་སླར་ཡང་བསྙེག་ཆོག་ཀྱང་།ལང་ཚོ་དེ་རིང་རྒས་ན་སང་ཉིད་སླར་ཡང་སྐྲུན་ཆོག་གམ།དེ་བས་ང་ཚོས་མི་ཚེ་གཅིག་ལ་དོན་སྙིང་ཡོད་པའི་རྨི་ལམ་གཅིག་རྨི་དགོས་ལ།རྨི་ལམ་གཅིག་གི་ཟློས་གར་དེ་ཐེངས་གཅིག་ལ་འཁྲབ་ནས་འགྲུབ་པར་བྱ་དགོས།རྒྱུ་མཚན།ནམ་རིང་ན་རྨི་ལམ་ཇེ་མང་ལ་འགྲོ་སྲིད་ལ་རྨི་ལམ་མང་བའི་སེམས་པར་ལྷོད་འཇགས་ཡོང་དཀའ།                      z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


རིན་ཐང་།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      འཇིག་རྟེན་གྱི་དངོས་ཟོག་གང་ཞིག་ཡིན་ཡང་རང་ནུས་ཀྱི་རིན་ཐང་ཕྲན་བུ་རེ་རྒྱུད་ལ་སྣུམ་བཞིན་དུ་སིམ་འདུག་ལ་རྐང་བཞིན་དུ་ཞགས་འདུག་པ་ནི་ཆོས་ཉིད་ཡིན་ཏེ།ཆོས་ཉིད་དེར་སུས་ཀྱང་རྡོག་རྫིས་བྱ་མི་འོས་ཤིང་བྱས་ནའང་མི་ཆོག་སྟེ།རྒྱུ་མཚན་ས་སྟེང་གི་གྲོག་སྦུར་ཡན་ཆད་ལ་རང་རང་གི་ཚེ་སྲོག་གི་རིན་ཐང་དང་ཚེ་སྲོག་གཅེས་སྤྲས་ཀྱི་ལྟ་བ་ཡོད་སྲིད།བསག་བཅས་ཀྱི་ཕུང་བོ་ཞིག་མ་གཞི་ནས་གྲུབ་པ་ཡིན་ན་དེའི་རིན་ཐང་ལ་བརྩི་འཇོག་བྱ་རྒྱུ་ནི་མ་མཐའི་འགན་དབང་ཡིན་ཏེ།མི་ཚེའི་རིན་ཐང་དང་།དངོས་བོའི་རིན་ཐང་།ཚེ་སྲོག་གི་རིན་ཐང་།ང་ཚོས་གཅེས་ནོར་དུ་རློམ་ཆོག་པའི་རིན་ཐང་མང་པོ་དོན་མེད་དུ་འཕྲོ་བརླགས་སུ་གཏོང་གིན་པ་ནི་ལུས་དང་ཡིད་ཀྱིས་མི་ཐེག་པའི་གྱོང་གུད་ཅིག་ཡིན་སྲིད་ལ།ངག་དང་ཚིག་གིས་མི་ཁྲོལ་བའི་ཕམ་ཉེས་ཤིག་ཅི་ལ་མིན་ཨང་།དུས་རབས་ཚན་རིག་གིས་གཡོས་ཤིང།དཔལ་འབྱོར་འགྲན་རྩོད་ཀྱིས་སྐྱོམས་ཏེ།དབང་ཐང་ངོ་སོ་ཡིས་སྒུལ་གྱིན་པའི་དུས་རབས་འདིར།ང་ཚོར་ཚེ་སྲོག་གི་རིན་ཐང་མི་གཙོ་རྩྭ་བཞིན་དུ་དོར་འགྲོ།མི་ཚེའི་རིན་ཐང་མི་གཉེར་ལྷམ་ལྟར་དུ་གཡུག་འགྲོ།དངོས་པོ་ཡི་རིན་ཐང་མི་གཙོ་དབུགས་ཇི་བཞིན་ལྷོད་འགྲོ།དེས་ན་ང་ཚོར་གཙོ་བ་ནི་ཅི་རེད་ཟེར་ན།དངུལ་ལོ་རེད།དབང་ཐང་རེད།སྙན་གྲགས་རེད།ངོ་སོ་རེད།
z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    གཟིག་པགས་གྱོན་པའི་བོང་བུ་ནམ་ཡང་བོང་བུ་ཡིན་ལ།ཚོན་གྱིས་སྤྲས་པའི་ཝ་མོ་ནམ་ཡང་ཝ་མོ་ཡིན་སྲིད་པས་མགོ་ལ་རུ་ཐུར་བཙུགས་ཏེ་འབྲོང་ཁྱུ་ལ་འགྲོ་མཁན་དང་།འཕོང་ལ་དཀར་རྩི་བྱུགས་ཏེ་དགོ་གྲལ་དུ་འགྲོ་མཁན་ཚོ་ནི་ཚུལ་འཆོས་དང་གཡོ་ཟོལ་གྱིས་སྦགས་པའི་གཟུགས་རིས་ཤིག་མ་ཡིན་ནམ།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    ཕྱི་འཕྱོར་ནང་རུལ་གྱི་རྣམ་པ་ནི་རིན་ཐང་མ་ཡིན།སྟོབས་ཆེ་དོན་སྟོང་གི་གཟུགས་པོ་དེ་རིན་ཐང་མ་ཡིན།བཅོས་འཛུམ་ཝུ་བ་ཡི་མེ་ཏོག་ཀྱང་རིན་ཐང་མ་ཡིན།ཁ་འཇམ་ཁོག་རྩུབ་ཀྱི་སྤྱོད་པ་དེ་རིན་ཐང་མ་ཡིན།རྒྱུ་འབྲས་མིག་བཞིན་སྲུང་ཞིང་བདེན་པ་སེམས་ཀྱིས་བརྡར་བ་ནི་རིན་ཐང་རེད།ལེགས་ཉེས་ཚད་ཀྱིས་འཇལ་ཏེ་དུས་ཀྱི་སྒལ་རྣག་འདྲུ་བ་ནི་རིན་ཐང་རེད།དོན་གྱིས་གནས་ལུགས་ཤེས་ཤིང་མཛའ་བརྩེ་གཙུག་ཏུ་བཀུར་བ་ནི་རིན་ཐང་རེད།དལ་བརྒྱད་འབྱོར་བཅུ་ཡི་མི་ལུས་ཁྱོད་ལ་ཐོབ་ན་གཅེས་སྤྲས་གསེར་ནག་གི་ཕོར་བ་ཡང་ཡང་ཕྱི་རྒྱུ་མ་བརྗེད་རོགས།སྐལ་ལྡན་ལས་འཕྲོ་ཡི་གདམས་ངག་ཁྱོད་ལ་འབྱོར་ན་དམ་འཛིན་ཞགས་པ་ཡི་ཨ་ལོང་ཡང་ཡང་སྦྲེལ་རྒྱུ་མ་བརྗེད་རོགས།གོ་སྐབས་ཉི་མ་ཡི་འཛུམ་བག་ཁྱོད་ལ་འཕྲོས་ན་ལུས་ངག་དམར་རྗེན་གྱིས་དྲོད་ཁོལ་ཡང་ཡང་གླན་རྒྱུ་མ་བརྗེད་རོགས།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     གསོད་གཅོག་འཕྲོག་བཅོམ་གྱི་ལས་འདི་སྡུག་པ་ལ།རྐུ་ཁྱེར་གཡོ་ལེན་གྱི་བྱ་འདི་རྫོབ་པ་ལ།བརྙས་བཅོས་མནར་གཅོད་ཀྱི་ཚུལ་འདི་སྐྱོ་བ་ལ།ཁྱོད་དགའ་ང་སྐྱིད་ཀྱི་འཚོ་བ་དབྱར་གྱི་ཉི་མ་རེད།སྤྱི་སྙོམས་ཉི་མ་འདི་སེམས་ཀྱིས་བསྐྱོར་རན་འདུགའཆམ་མཐུན་དུས་རབས་ཀྱི་འཛུམ་བག་དམ་པའི་གསུང་སྒྲོས་རེད།གཞན་ཕན་བདུད་རྩི་ཡི་བྱིན་རླབས་སྙིང་ལ་སྒོམ་ཚོད་རེད།འཇིག་རྟེན་བདེ་སྐྱིད་ཀྱི་སྙིང་བོ་གཞན་ཕན་རེད།འཚོ་བ་བདེ་ལྡན་གྱི་གཞི་མ་འཆམ་མཐུན་རེད།ཕུན་ཚོགས་དགེ་ལེགས་ཀྱི་ངོ་བོ་རིན་ཐང་རེད།མི་ཚེ་ཡི་རིན་ཐང་ཤེས་ཤིང་འཚོ་བ་ཡི་ཇུས་འགོད་ལེགས་ན།ང་ཚོ་མཐོ་རིས་སུ་བགྲོད་པ་རྒྱང་ཐག་མི་རིང་།ང་ཚོ་ཐར་ལམ་ལ་ཞུགས་པར་ངལ་བ་མི་དགོས།ང་ཚོ་དག་ཞིང་ལ་བཞུད་པར་རྔུལ་ཆུ་མི་འཛར། དེ་བས་ང་ཚོས་འཇིག་རྟེན་གྱི་རིན་ཐང་དང་འཚོ་བའི་རིན་ཐང་།མི་ཚེ་ཡི་རིན་ཐང་དང་ཚེ་སྲོག་གི་རིན་ཐང་རྨང་ནས་ཤེས་དགོས་ལ།རིན་ཐང་དེའི་རྒྱབ་ལ་ཡིབ་པའི་རིན་ཐང་ཡང་ཁྱོན་ནས་རྟོགས་འོས།དུས་ཚོད་ལ་མཐའ་མེད་ཀྱང་ཚེ་སྲོག་ལ་མཐའ་ཡོད་པ་ཤེས་པར་གྱིས་ལ།ཚེ་སྲོག་གི་རིན་ཐང་དུས་ཚོད་ཀྱིས་གཅོད་ཅིང་དུས་ཚོད་ཀྱི་དམ་འཛིན་བདག་འཛིན་ལ་ཐུག་ཡོད་པ་ཤེས་པར་གྱིས། མི་ཚེ་ནི་མ་གཞི་ནས་བུམ་པ་ཞིག་ཡིན་ན།ཤེས་རིག་ནི་བུམ་པར་འཁྱིལ་བའི་བདུད་རྩི་དང་།བདུད་རྩིའི་ཐིགས་པ་རེ་རེ་ཚེ་སྲོག་གི་རིན་ཐང་མ་ཡིན་ནམ།མི་ཚེ་ཡི་རིན་ཐང་མ་ཡིན་ནམ།འཚོ་བ་ཡི་རིན་ཐང་མ་ཡིན་ནམ།ང་ཚོས་དུས་ཚོད་དམ་འཛིན་བྱ།ང་ཚོས་ཤེས་རིག་ནན་གྱིས་སྦྱོང་།ང་ཚོས་བདེན་པ་གཙུག་ཏུ་བཀུར།ང་ཚོས་གཞན་ཕན་མིག་བཞིན་སྲུང་།དེ་ནི་ང་ཚོ་མི་རུ་སྐྱེས་པའི་རིན་ཐང་ཡིན།ང་ཚོ་དྲང་མོར་འགྲེང་བའི་སྒལ་ཚིགས་ཡིན།ང་ཚོ་མདུན་དུ་བསྐྱོད་པའི་ལག་རྟེན་ཡིན།                     z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


བརྩོན་འགྲུས།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       བརྩོན་པ་དག་དང་བྲལ་གྱུར་ན།།དོན་ཆུང་ཡིན་ཡང་འགྲུབ་པར་དཀའ། ཞེས་པའི་ཚིག་གིས་མདུན་བསུས་ཏེ་གླེང་འདོད་པ་ནི་བརྩོན་འགྲུས་རེད།བརྩོན་འགྲུས་ནི་སེམས་ཀྱི་གཟུགས་ཐགས་དང་སྦྲེལ་བའི་དུས་རབས་ཀྱི་འཕར་སྒྲ་ཞིག་རེད།བརྩོན་འགྲུས་ནི་གོམ་པའི་འདེགས་འཇོག་དང་བསྟུན་པའི་རླུང་རྟ་ཡི་འཕྱོ་སྟངས་ཤིག་རེད། བརྩོན་འགྲུས་ནི་མི་ལའི་སྲས་མཁར་དགུ་ཐོག་རེད། ཐང་སྟོང་རྒྱལ་བོའི་ལྕགས་ཟམ་རེད། ཐོན་མིའི་དབྱངས་གསལ་སོ་བཞི་རེད།ཡོན་ཏན་མ་ལུས་བརྩོན་འགྲུས་ཅན་ལ་ཕྱོགས་འགྲོ་ལ་བརྩོན་འགྲུས་ཅན་ཡང་རིག་པའི་ཁྲི་ལ་བཞུགས་སྲིད།དུས་ཚོད་ཀྱི་སྔ་ཕྱིའི་གོམ་འགྲོས་བར་ནས་རྒྱལ་ཁའི་རྟ་ཕོ་ཞིག་རྒྱང་ལ་བྱེར་སྲིད་ལ།བརྩོན་སེམས་ཀྱི་ཚོན་ཆའི་བཟང་ངན་ལས་དཔའ་བོ་ཞིག་གཡུལ་ནས་ཕམ་ཡང་སྲིད།བརྩོན་པ་ཆུ་མོ་ལྟར་བཞུར་དགོས།མེ་ལྕེ་ལྟར་འབར་དགོས།རླུང་རྟ་བཞིན་འཕྱོ་དགོས།རྟ་མཆོག་བཞིན་རྒྱུགས་དགོས།
z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

   མི་ཞིག་གི་ཤེས་རབ་ཀྱིས་བརྒྱ་ཆའི་གཅིག་དང་བརྩོན་པས་བརྒྱ་ཆའི་གོ་དགུ་ཟིན་པ་བདེན་སྲིད་ན།ང་ཚོར་མགོ་རྨོག་དཀར་ཅན་གྱི་ཁྲབ་རྨོག་མི་དགོས།དུང་དཀར་བོའི་གྲངས་འབོར་བམ་བརྩེགས་མི་དགོས།ཕྱུགས་ཁྲ་ཁྲས་ཁེངས་པའི་ལྷས་ར་མི་དགོས།ཁྲི་རྔམ་ཁ་ཅན་གྱི་གཡོ་འཛུམ་མི་དགོས།ད་དུང་བདག་མེད་དུ་ལུས་པའི་དགའ་ལྡན་གསེར་ཁྲི་དགོས།སུས་ཀྱང་བཏུང་མི་ཚར་བའི་རིག་པའི་མཚོ་མོ་དགོས།སུས་ཀྱང་བཙལ་ཅིང་སྙེག་འདོད་པའི་ཕུགས་འདུན་རླབས་ཆེན་དགོས།གནམ་ལ་སྐས་རྐང་བཙུགས་ནས་ཉི་ཟླ་ལག་པས་འཛིན་འདོད་པ་ནི་ང་ཡིན།ཆུ་ལ་ཟམ་ལ་འཕངས་ནས་ཉ་མོ་རྡོག་པས་འཐུ་འདོད་པ་ནི་ང་ཡིན།བརྩོན་པས་གོ་ཁྲབ་བགོས་ཏེ་ཡི་གེའི་དམག་དཔུང་བཅོམ་འདོད་པ་ནི་ང་ཡིན། སྤོབས་པའི་རལ་གྲི་བསྣམས་ཏེ་གཡུལ་ས་རྣམ་པར་གཤགས་འདོད་པ་ཡང་ང་རང་ཡིན།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      མེས་པོ་གོང་མ་ནས་ཐུར་ལ་བརྩིས་ན། ཆོས་རྒྱལ་སྲོང་བཙན་གྱི་མཛད་རྗེས་གླིང་ལ་ཁྱབ་མྱོང་། བློན་ཆེན་ཐོན་མིའི་དཔའ་མཛངས་ཀྱི་མེ་ལྕེ་སྲིད་ལ་མཆེད་མྱོང་། འཁོར་གསུམ་སྤྲས་པའི་དཔའ་བོའི་དཔུང་ཚོགས།ཀི་སྒྲས་ཅོང་ཆེན་རྡུང་བའི་གནའ་མིའི་ཟིལ་ཤུགས།ངའི་རྣ་ལམ་ན་ད་དུང་གྲགས་ཀྱིན་འདུགངའི་ཚོར་ཤེས་ན་ད་དུང་འགུལ་གྱིན་འདུགད་ལྟའི་དུས་རབས་འདིར།ད་ལྟའི་སྤྱི་ཚོགས་འདིར་།ད་ལྟའི་མི་རབས་འདིར། སྙིང་སྟོབས་བྲག་རི་འདྲ་ཞིག་མེད་པ་མིན་ཡང་། ཆོད་སེམས་ཕ་བོང་འདྲ་ཞིག་མེད་པ་མིན་ཡང་།བརྩོན་སེམས་ཆུ་མོ་འདྲ་ཞིག་མེད་པ་མིན་ཡང་། རང་རྟོགས་རིལ་བུ་་མ་ཞིག་མེད་པས་ལན་ནམ།འགན་འཁྲི་ཚེ་སྲོག་འདྲ་ཞིག་དབེན་པས་ལན་འདུག གང་ལྟར་ཡང་ཕུགས་འདུན་གྱི་མཚོ་མོ་རླབས་སུ་མི་འཕྱོ། གྲུབ་འབྲས་ཀྱི་རི་བོ་མཐོ་རུ་མི་འཕགས།བདེན་དོན་གྱི་གཙང་བོ་ཤག་སྒྲས་མི་རྒྱུ།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     ང་ཚོ་ལྟག་ཆུ་ཆད་པའི་རྫིང་བུ་ཞིག་ཡིན་མི་འོས།འགྲམ་དར་ཆགས་པའི་མཚོ་མོ་ཞིག་ཡིན་མི་འོས། སྨུག་པས་གཡོགས་པའི་གངས་རི་ཞིག་ཡིན་མི་འོས།ཐིག་ལེ་ནོག་པའི་རྒྱ་སྟག་ཅིག་ཡིན་མི་འོས། རྒྱུ་མཚན།ང་ཚོ་གངས་རི་བཞིན་འགྱིང་བའི་གངས་ལ་ཉི་འོད་ཕོག་པའི།རྒྱ་མཚོ་བཞིན་ལྟེམས་པའི་མཚོ་ལ་ཉ་སྲམ་འཁོར་བའི།བྲག་བཞིན་རྔམ་པའི་བྲག་ལ་རྒོད་པོ་ལྡིང་བའི། སྟག་རྒོད་བཞིན་ངར་བའི་སྟག་ལ་ཐིག་ལེ་འཛོམས་པའི།དུས་རབས་ཀྱི་ཅོང་ཆེན་ཞིག་གམ་མི་རབས་ཀྱི་དཔའ་བོ་ཞིག་ཅིས་ཀྱང་ཡིན་འོས།ང་ཚོས་བརྩོན་པའི་གོ་ཁྲབ་སྤྲས་ཏེ་རང་ཉིད་ཀྱི་ཕུགས་འདུན་བཙལ་ཕོད།རྣམ་དཔྱོད་ཀྱི་མེ་དཔུང་བསྒྲོན་ཏེ་རང་ཉིད་ཀྱི་ཁ་ཕྱོགས་སྙེག་དགོས། སྒྱིད་ལུག་ཕག་གི་མགོ་བོ་ང་ཚོར་མི་མཁོ། ཕྱོགས་ཞེན་གདོན་གྱི་ཁ་དུག་ང་ཚོར་མི་མཁོ། རྣམ་གཡེང་བོང་བུའི་གོམ་འགྲོས་ཀྱང་ང་ཚོར་མི་མཁོ། རང་གི་ལས་དོན་རང་གིས་བསྒྲུབ་ཕོད་པའི་བརྩོན་སེམས་དེ་ང་ཚོར་དགོས་འདུགརང་གི་ལུས་ངག་རང་གིས་ཉར་ཐུབ་པའི་རང་རྟོག་དེ་ང་ཚོར་དགོས་འདུགརང་གི་སེམས་ཁམས་རང་གིས་སྐྱོང་ཐུབ་པའི་ལྷ་རྗེ་དེ་ང་ཚོར་དགོས་འདུགབརྩོན་འགྲུས་ཅན་ལ་འཕགས་པའི་ནོར་བདུན་འཁོར་ཞེས་པའི་ལེགས་བཤད་དེར་སྲོག་དབང་གསར་བ་རེ་སྤྲས་ན།ང་ཚོ་དུས་ཀྱིས་དེད་པའི་འཚོལ་སྙེག་པ་ཡིན། ང་ཚོ་རླུང་གིས་བདས་པའི་རྒྱང་བཞུད་པ་ཡིན། ང་ཚོ་བརྩོན་པས་དབུལ་བའི་སློབ་གཉེར་བ་ཡིན། ང་ཚོར་ནོར་བདུན་འཁོར་བའི་གཡང་ཞིག་དར་ཤོག་ཀྱེ།  ང་ཚོར་ནོར་གྱིས་ཕྱུག་པའི་བསོད་ནམས་སྨིན་ཤོག་ལགས།z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

   རྒྱུ་མཚན།  ང་ལ་དུས་རབས་ཀྱི་འགན་འཁྲི་ལྕི་འདུག   ང་ལ་རེ་བཞག་གི་རི་བོ་མཐོ་འདུག   ང་ལ་འཚོལ་སྙེག་གི་བྲེལ་བ་ཆེ་འདུགz40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


z40康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论