ཨ་མའི་གོམ་སྒྲ། 
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཨ་མའི་གོམ་སྒྲ། 

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ། : ཐང་ལྷ།  ཀློག་གྲངས །: སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

VSC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྩོམ་བྱང་། ཨ་མའི་གོམ་སྒྲ། VSC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

མིང་། ཐང་ལྷ།VSC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

སློབ་གྲྭ།  ཆ་ཚང་གསུམ་པ།VSC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

འཛིན་གྲྭ།  བཞི་བཅུ།    VSC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

     གོམ་སྒྲ་དེ། ངའི་ཡ་ཆུང་སེམས་ཀྱི་འཕར་སྒྲ་ཡིན། ངའི་ཁྲ་ཆུང་མིག་གི་འཁོར་ཕྱོགས་ཡིན། གོོམ་སྒྲ་དེས།ངའི་དར་ལུང་རྣ་བའི་ལོངས་སྤྱོད་ཡིན། ངའི་སྐྲ་ལོའི་ཁ་ཕྱོགས་དང་སྙན་ངག་གི་བླ་སྲོག་ཡིན།  གོམ་སྒྲ་དེ། ངའི་སྙིང་ཁོང་ལ་གླུ་དང་གར་གྱི་བྲག་ཆ་བཞག། ང་ལ་གནའ་གཏམ་གྱི་ངོ་མཚར་གླེང་།   ངས་ནམ་ཡང་ཨ་མའི་གོམ་སྒྲར་ཉན་ནས་ཡོད།  ངས་ནམ་ཡང་ཨ་མའི་གླུ་སྐད་ལ་ཉན་ནས་ཡོད།བརྩེ་འཛུམ་གྱི་མེ་ཏོག་བཞད་བཅུག་པའི་གོམ་སྒྲ། VSC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

      ཚེ་སྲོག་གི་འོད་མདངས་འཁྱིལ་བའི་གོམ་སྒྲ།ཨ་མའི་དཀའ་སྤྱོད་ཀྱི་ཞབས་རྗེས་གསལ་བའི་གོམ་སྒྲ།  འཚོ་བའི་མྱ་ངམ་ཐང་ཆེན་རྡོག་འོག་ཏུ་མནན་པའི་གོམ་སྒྲ། བྱམས་དང་སྙིང་རྗེས་བརླན་པའི་གོམ་སྒྲ། མཛེས་སྡུག་གི་གོམ་སྒྲ།  སྙན་འཇེབས་ཀྱི་བྱིས་གླུ་རེ་རེ་དང་འདྲ། ཟབ་བརླིང་གི་གོམ་སྒྲ། སྙིང་སྟོབས་དགུ་འགྱུར་གྱི་རི་རབ་ལྷུན་པོ་དང་འདྲ།སྙིང་ཐག་པ་ནས་གུས་འདུད་ཞུ། ཨ་མ་ལགས།ངའི་ཡིད་སེམས་ན་དྲོད་ཀྱིས་འཕྱོ་བའི་གོམ་སྒྲ།ང་རང་ཨ་མའི་སྙན་འཇེབས་ཀྱི་རྡོག་སྒྲའི་འགྱུར་ཁུག་ཁྲོད་ནས་ནར་སོན་བྱུང་། ང་རང་ཨ་མའི་སྤྱན་ཟུང་གི་འཛུམ་འོད་ཁྲོད་དུ་བདེ་བར་འཚོ་བཞིན་ཡོད། སྙིང་གི་ཁོང་དང་རུས་པའི་གཏིང་ནསབཀའ་དྲིན་ལན་བརྒྱར་ཞུ། ཨ་མ་ལགས་ནི་ང་ལ་ཚེ་སྲོག་གི་གླུ་ཆུང་སྩོལ་མཁན་དེ་ཡིན། VSC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

      ཨ་མ་ལགས་ནི་ངའི་འཇིགས་མེད་ཀྱི་སྤོབས་པའི་འབྱུང་རྩ་དེ་ཡིན། ཨ་མ་ལགས་ནི་ངའི་མཛེས་སྡུག་གི་ཡིད་འཕྲོག་ལྷ་མོ་དེ་ཡང་ཡིན།  VSC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论