ཆུ་ནི་ང་ཚོའི་ཚེ་སྲོག་གི་འབྱུང་ཁུངས་ཡིན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཆུ་ནི་ང་ཚོའི་ཚེ་སྲོག་གི་འབྱུང་ཁུངས་ཡིན།

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ། : མཚོ་སྔོན་ཡུལ་ཤུལ་རྫོང་།ཚེ་བརྟན  ཀློག་གྲངས །: སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།
         སའི་གོ་ལ་ནི་ང་ཚོའི་རྟེན་གཞི་ཡིན་ལ།ཆུ་ནི་ང་ཚོའི་ཚེ་སྲོག་གི་འབྱུང་ཁུངས་ཡིན།PnY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
          གལ་སྲིད་འཇིག་རྟེན་འདིར་ཆུ་མེད་པར་གྱུར་ན་གོ་ལ་འདིར་གནས་པའི་སྐྱེ་དངོས་སྲོག་ཆགས་ཐམས་ཅད་ཇི་ལྟར་འཚོ།ཡིན་ནའང་མི་མང་ཆེ་བས་ཆུ་དང་འབྲེལ་བ་ཡོད་པའི་རང་བྱུང་སྐྱེ་དངོས་སོགས་སྲུང་སྐྱོབ་བྱེད་པར་ད་དུང་དོ་སྣང་བྱེད་ཀྱིན་མེད།PnY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
          ངའི་ཕ་ས་ཕ་ཡུལ་ནི་རྨ་འབྲི་རྫ་གསུམ་སྟེ་ཆུ་བོ་ཆེན་པོའི་འབྱུང་ཁུངས་སུ་གྲགས་པའི་མདོ་ཁམས་ཀྱི་སྟོད་ཕྱོགས་ཏེ་མེས་རྒྱལ་ཆུ་མཛོད་ཀྱི་མཚན་སྙན་འཛིན་པའི་ཡུལ་ཤུལ་ཡིན།འདི་རུ་ས་མཐོ་ཞིང་རི་གཙང་བས་ས་ལ་དགེ་བཅུ་ཚང་ཞིང་།ཆུ་ལ་བྱིན་རླབས་མངའ་བ།གངས་རིའི་ཁོང་གསེང་ནས་བརྡོལ་བའི་ཆུ་ཕྲན་གྲངས་མེད་དང་ཡན་ལག་བརྒྱད་ལྡན་གྱི་ལྷ་ཆབ་སྔོན་མོ་སྟེ་རྨ་ཆུ་དང་འབྲི་ཆུ།རྫ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་ནི་ཡུལ་འདིའི་རྒྱན་དུ་གྲུབ་འདུག ཆུ་བྱ་སྣ་ཚོགས་གཡུ་ཡི་མཎྜལ་བཤམས་འདྲའི་མཚེའུ་སྟེང་ན་རང་དགར་རྩལ་འགྲན་གྱིན་ཡོད་ལ།རྩི་ཤིང་སྣ་ཚོགས་ལ་བཟང་དྲུག་སྨན་གྱི་བཅུད་སྣ་འཛོམས་ཤིང་།ཤྭ་བ་དང་དགོ་བ།གླ་བ།གནའ།རྐྱང་།འབྲོང་སོགས་རི་སྐྱེས་སྲོག་ཆགས་རྣམས་རྫ་སྤང་གཡའ་གསུམ་གྱི་སྟེང་ན་བག་ཡངས་སུ་རྒྱུ་བཞིན་འདུག ཡིན་ནའང་ལོ་ལོན་རྒན་རབས་རྣམས་ཀྱིས་དུས་རྒྱུན་ཆུ་མགོ་ལ་གནོད་བསྐྱལ་ན་ཀླུ་ལ་གནོད་སྲིད།ཆུ་མགོ་རྫོབ་པོར་གྱུར་ན་ཆུ་སྐམ་འགྲོ་ཞེས་ང་ཚོར་སྐྲག་སློང་བ་ལས་ཤེས་ཐུབ་པ་ནི་རང་གི་ཁོར་ཡུག་རང་གིས་གཅེས་སྤྲས་བྱེད་པར་སྐུལ་བ་དེ་ཡིན།རྒྱུ་མཚན་ནི་བདག་གིས་ཀྱང་ཆུ་མགོ་དང་ཁོར་ཡུག་ལ་རྫོབ་བཟོས་ནས་བཏུང་ཆུའང་མེད་པར་གྱུར་པའི་ལུང་བ་དུ་མ་ཞིག་མིག་གིས་མཐོང་མྱོང་།PnY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
         ད་ལྟ་ང་ཚོས་མཐོང་བཞིན་པའི་ས་གཡོ་བ་དང་ཆུ་ལོག་རྒྱུག་པ།མེ་དགྲ་འབྱུང་བ།ཐན་པས་གདུང་བ།བྱེ་རླུང་ངེས་མེད་དུ་ལྡང་བ།མི་དང་སེམས་ཅན་ལ་སྔོན་མེད་ཀྱི་འགོ་ནད་སོགས་བྱུང་དང་འབྱུང་བཞིན་ཡོད་པ་དེ་དག་ཀྱང་ང་ཚོས་གོ་ལ་དང་རང་བྱུང་ཁོར་ཡུག ཆུ་སོགས་ལ་གཅེས་སྐྱོང་མ་བྱས་པའི་དབང་གིས་རེད།ནང་སྒོས་སུ་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པར་བརྟེན།ང་ཚོས་དེ་རིང་ནས་བཟུང་རང་ནུས་ཡོད་རྒུ་བཏོན་ནས་ཆུ་མགོ་ལ་གཅེས་སྐྱོང་བྱེད་དགོས།
ཆུང་འབྲིང་སློབ་མའི་འགྲན་རྩོམ་གཅེས་བསྡུས་ཞེས་པ་ལས་བཏུས།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论