མ་ཡུམ་རང་བྱུང་ཁམས།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

མ་ཡུམ་རང་བྱུང་ཁམས།

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།
       ང་ཚོ་མི་སུ་ལའང་དྲིན་ཆེན་གྱི་མ་ཡུམ་རེ་ཡོད།འགྲོ་བ་མིའི་རིགས་ཀྱི་མ་ཡུམ་ནི་རང་བྱུང་ཁམས་ཆེན་མོ་འདི་ཡིན་ལ།མིའི་རིགས་ནི་རང་བྱུང་ཁམས་ཆེན་མོའི་ཕང་བར་གནས་པའི་བུ་ཕྲུག་ཡིན་པས་རང་བྱུང་ཁམས་དང་འབྲལ་ཐབས་མེད།འོན་ཀྱང་མི་ལ་ལས་རང་ཉིད་ཀྱི་གནས་སྐབས་ཙམ་གྱི་འཚོ་བ་ཇེ་ལེགས་སུ་གཏོང་ཆེད།རང་བྱུང་ཁམས་ཆེན་མོ་འདིར་སྙིང་རྗེ་སྤུ་ཙམ་ཡང་མེད་པར་ས་རྐོ་རྡོ་སློག་དང་ནགས་ཚལ་གཅོད་པ།རི་དྭགས་གང་བྱུང་དུ་གཤོར་བ།དེ་མིན་བཟོ་གྲྭ་སྣ་ཚོགས་ལས་དུ་སྤྲིན་ལྷོག་ལྷོག་ཏུ་འཕྱུར་དུ་འཇུག་པ་དང་།གད་སྙིགས་སོགས་གང་བྱུང་དུ་གཡུགས་ནས་མ་ཡུམ་རང་བྱུང་ཁམས་ཆེན་མོར་གནོད་འཚེ་གཏོང་བཞིན་ཡོད་ལ།རང་བྱུང་ཁམས་ལ་གནོད་འཚེ་བཏང་ན་འགྲོ་བ་མིའི་རིགས་ལ་ཡང་གནོད་པ་ཤིན་ཏུ་ཆེ།SDO智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
       ང་ཚོས་ངེས་པར་དུ་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་བདག་སྐྱོང་བྱེད་དགོས།དུས་རྒྱུན་དུ་སྡོང་འཛུགས་ནགས་སྐྲུན་དང་ས་ཆུ་སྲུང་སྐྱོབ་བྱས་ཏེ་མ་ཡུམ་རང་བྱུང་ཁམས་ཆེན་མོར་ལྗང་མདོག་གི་ལྭ་བ་ཞིག་བཟོ་དགོས་པར་མ་ཟད།རང་བྱུང་ཁམས་ཀྱི་མཁའ་དབུགས་དང་ས་གཤིས།རྩྭ་རྩི་ཤིང་དང་རི་སྐྱེས་སྲོག་ཆགས་སོགས་ལ་སྲུང་སྐྱོབ་བྱེད་དགོས་ཤིང་།ད་དུང་ས་འོག་གི་གཏེར་རྫས་རང་དགར་སྔོག་འདོན་བྱེད་པར་བཀག་འགོག་བྱེད་དགོས།ང་ཚོས་དེ་ལྟར་རང་བྱུང་ཁམས་ལ་བདག་སྐྱོང་བྱས་ན།འུ་ཅག་གི་མ་ཡུམ་རང་བྱུང་ཁམས་ཆེན་མོ་འདི་ཉིད་ནམ་ཡང་བྱམས་སེམས་ལྡན་པའི་མ་ཡུམ་ཞིག་ཡིན་པར་གདོན་མི་ཟ།SDO智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
     རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་ནི་མཐར་གཏུགས་ན་འགྲོ་བ་མིའི་རིགས་ལ་སྲུང་སྐྱོབ་བྱེད་པ་ཡིན་པས།འུ་ཅག་གིས་མཉམ་གཅིག་ཏུ་མཐུན་སྒྲིལ་འབད་བརྩོན་བྱས་ཏེ་བྱམས་ལྡན་གྱི་མ་ཡུམ་རང་བྱུང་ཁམས་ལ་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་དགོས།
ཆུང་འབྲིང་སློབ་མའི་འགྲན་རྩོམ་གཅེས་བསྡུས་ཞེས་པ་ལས་བཏུས།
 SDO智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论