རང་བྱུང་ཁོར་ཡུག་ལ་བདག་སྐྱོང་བྱེད་དགོས།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

རང་བྱུང་ཁོར་ཡུག་ལ་བདག་སྐྱོང་བྱེད་དགོས།

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།
       འདི་ནི་ཁྱོད་ཀྱི་འཇིག་རྟེན་ཏེ།སྟོད་ན་ཕྲེང་བསྒྲིགས་རི་བོ་ཚར་དུ་དངར་ཞིང་བྱ་རྒྱལ་རྒོད་པོའི་གཤོག་འགྱུར་སྐྱེན་པ།བར་ན་ནགས་ཀླུང་སྔོན་མོ་ཚང་ཚིང་དུ་འཁྲིགས་ཤིང་བྱ་བྱིའུས་སྙན་པའི་གྲེ་འགྱུར་སྒྲོག་པ།སྨད་ན་ཡན་ལག་བརྒྱད་ལྡན་གྱི་དྭངས་གཙང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ།གཞན་ཡང་།ཁྱོན་ཡངས་པའི་རྩྭ་ཐང་དང་ཁྲ་ཆིལ་ལེའི་མེ་ཏོག བདེ་ཞིང་སྙོམ་པའི་ས་ཞིང་།འབྲུ་རིགས་སྣ་ལྔའི་མངར་བཅུད།སྔོ་ལྡེམ་པའི་ལྗོན་ཤིང་།སྟག་སེང་དོམ་དྲེད་དང་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ།བདེ་མྱུར་ཉ་སྲམ་འཁོར་བའི་གཤོང་ཁུགས་ཀྱི་ཆུ་མོ་དྭངས་ཤིང་བསིལ་བ་སོགས་མངོན་སུམ་གཞལ་དུ་མེད་པའི་ལྷ་ཡུལ་གྱི་ཞིང་ཁམས་ཤིག་དང་འདྲའོ།།yzX智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
           ཡིན་ན་ཡང་།དུས་ད་ལྟ་འབྱམས་ཀླས་པའི་རྩྭ་ཐང་སྐྱ་ཐེར་ཐེར།དྭངས་གསལ་གྱི་ཆུ་བོ་ནག་རོག་གེ རྫུབ་སྟུག་པོའི་ནགས་ཀླུང་མགོ་རྗེན་ནེར་ང་ཚོའི་སྤྱན་ལམ་དུ་བཤམས་ཟིན་ལ།ཁོ་ཚོས་ད་དུང་སྲོག་སྐྱོབས་རོགས་ཞེས་པའི་ངུ་འབོད་སྒྲོག་པ་ནི་དམར་རྗེན་དུ་ལུས་པའི་ལོ་ཆུང་གི་བྱིས་པ་ཞིག་དང་ཀུན་ནས་མཚུངས་པས།དངོས་གནས་ཤ་གསེང་ནས་ཙག་ཤེད་རྒྱུག་ཅིང་མགྲིན་ལམ་ནས་མཆི་མ་བརྣང་བ་ཞིག་རེད།ཡིན་ནའང་།མི་མི་ཉུང་བ་ཞིག་གིས་ད་དུང་སྔར་བཞིན་ས་གཞི་ནི་ཡངས་ཤིང་ཆེ་ལ་རྫོགས་མཐའ་བྲལ་བ་ཞིག་ཏུ་འཁུམས་ནས་ཚང་ཚིང་སྔོ་ལྗང་གི་གོས་རྒྱན་དང་བག་ཡངས་སུ་རྒྱུ་བའི་རི་དྭགས་སྣ་ཚོགས་གང་འདོད་དུ་བསད་པས་ང་ཚོའི་ཉེ་འཁོར་ཀུན་མྱ་ངན་གྱི་ཐང་ཆེན་དུ་གྱུར་ཅིང་།ཁྲོམ་པ་བསྐམས་པར་གྱུར་པའི་ཚེ།།ཆུ་ཡི་རིན་ཐང་ད་གཟོད་ཤེས་ཟེར་བའི་དཔེ་ལྟར་གྱུར་ཏོ།།yzX智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
           དེ་ལྟར་ན་ཁྱོད་ལ་ལྷོག་ལྷོག་ཏུ་ལྡིང་བའི་སྙིང་ཆུང་གསོན་པོ་ཞིག་དང་།དྲོན་མོར་བཞུར་བའི་ཁྲག་རྒྱུན་ཞིག་ཡོད་ན།རང་བྱུང་ཁམས་ཀྱི་ཡོད་ཚད་ལ་བདག་སྐྱོང་ཡག་པོ་བྱས་ཏེ།དུག་རླངས་འཕྱུར་བའི་མཁའ་དབྱིངས་དྭངས་གསལ་དུ་བསྒྱུར་བ་དང་།འབྱུང་བཞིར་གཙེས་པའི་ནད་ཡམས་རྒྱང་རིང་དུ་སྐྲོད་པར་འབད་པ་བྱེད་རིགས་སོ།།
ཆུང་འབྲིང་སློབ་མའི་འགྲན་རྩོམ་གཅེས་བསྡུས་ཞེས་པ་ལས་བཏུས།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论