བདག་གི་ཕུགས་བསམ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

བདག་གི་ཕུགས་བསམ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།
       དུས་རྒྱུན་དུ་ཕུགས་བསམ་གླེང་བའི་ཚེ།   ཚང་མས་རང་རང་གི་ཕུགས་བསམ་གང་ཡིན་ལྷུག་པོར་བརྗོད་ཀྱིན་ཡོད།    ངའི་ཕུགས་བསམ་ནི་མ་འོངས་པརམིང་དོན་མཚུངས་པའི་དགེ་བའི་བཤེས་གཉེན་ཞིག་བྱེད་འདོད་པ་དེ་ཡིན།o6D智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
    ཕུགས་བསམ་ནི་ཇི་འདྲའི་སྒུལ་ཤུགས་ལྡན་ཞིང་།    ཇི་འདྲའི་དམིགས་ཚད་མཐོ་བ།    ཇི་འདྲའི་ཡིད་སེམས་འགུལ་བའི་ཐ་སྙད་ཅིག་རེད་ཨང་།    སློབ་ཆུང་དུ་སྡོད་པའི་སྐབས་ངས་རང་ཉིད་ཀྱི་ཕུགས་བསམ་ཅི་ཡིན་གསལ་པོར་མི་ཤེས། སློབ་འབྲིང་གི་རྒྱལ་སྒོ་འཛུལ་བ་དང་།     ང་རང་དར་བབས་ཀྱི་གཞོན་ནུ་གཅིག་ཏུ་གྱུར། ཐེངས་ཤིག་སློབ་དཀྱིལ་ཡིག་རྒྱུགས་ནང་སབདག་གི་ཕུགས་བསམ"ཞེས་པའི་རྩོམ་ཡིག་ཅིག་འབྲི་རྒྱུ་བཏོན་འདུག   འོན་ཀྱང་།   ང་ཅི་བྱ་གཏོལ་མེད་དུ་ལུས་པའི་སྐབས། གླུ་བུར་དུ་ངའི་མིག་མདུན་དུ་འཛིན་བདག་གྱི་གཟུགས་བརྙན་དེ་མིག་ལམ་དུ་ལྷང་ངེར་འཆར།  ཁོང་ནི་དགེ་རྒན་དར་མ་ཞིག་ཡིན།    ཁོང་གི་སྐུ་གཟུགས་ཅུང་རིང་ལ་སྐུ་ཤ་འབྱོར་བ།  ཞལ་རས་དཀར་ལ་མིག་གཉིས་གྲུང་ཤ་ཤིན་ཏུ་འདོད། ཁོང་ནི་བདག་གི་སློབ་འབྲིང་ནང་འཇལ་བའི་དགེ་རྒན་དང་པོ་དེ་ཡིན།  ཁོང་གིས་ཞོགས་སྔ་ལངས་ཀྱི་སློབ་མ་རྣམས་སྐྱོར་སྦྱང་དུ་འཁྲིད་པ་དང་།   དགོང་འཕྱི་ཉལ་གྱིས་སློབ་མའི་སྦྱོང་གཞི་བཟོ་བཅོས་བྱེད་བཞིན་མཆིས།   གང་ལྟར་ཡང་ཁོང་གི་སློབ་མ་རྣམས་ཀྱི་ཆེད་དུ་སྐུ་ལས་ཚད་མེད་བཀྱོན་གནང་གི་ཡོད།   ང་རང་ཡངཁོང་དང་འདྲ་བའི་དགེ་རྒན་ཞིག་བྱེད་པར་འདོད།    གལ་ཏེ་ཁོང་ལྟ་བུའི་དགེ་བའི་བཤེས་གཉེན་དང་མ་འཇལ་ན།    ངའི་ཕུགས་བསམ་དེ་མུན་པའི་གླིང་དུ་ཚུད་སྲིད་ལ།    ཕུགས་བསམ་ཞེས་པ་གང་དུ་ཡོད་མེད་ཀྱང་མི་ཤེས།        ཁོང་གིས་རྟག་ཏུ་ང་ཚོར་“ཕུགས་བསམ་ནི་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་མི་ལ་དབང་བ་ཡིན”ཞེས་བཀའ་སློབ་གང་མང་གནང་གི་ཡོད་ལ།    དོན་ངོ་མའི་ཐོག་ནས་སློབ་མ་རྣམས་ལ་མི་གཤིས་གང་འདྲ་ཞིག་སྐྱོང་ལུགས་དང་།      བྱ་བ་གང་འདྲ་ཞིག་བསྒྲུབ་དགོས་པ་སོགས་ཀྱི་སྐུལ་མ་གནང་གི་ཡོད། ཁོང་དང་མཉམ་དུ་གཤིབས་པའི་ལོ་གསུམ་ནི་ཅི་འདྲའི་ཡུན་ཐུང་ལ་བདེ་སྐྱིད་དང་ལྡན་པ་ཞིག་རེད་ཨང་།  བཀའ་དྲིན་ཅན་གྱི་བཤེས་གཉེན་ཁོང་དང་ཁ་བྲལ་ལ་ཉེ་བའི་དུས་ངའི་སེམས་ནང་བརྗོད་ཀྱི་མི་ལངས་པའི་སྐྱོ་སྣང་ཞིག་དབང་མེད་དུ་སྐྱེས།      འོན་ཀྱང་“འཛོམས་པས་དགའ་བ་དང་།    བྲལ་བས་སྐྱོ་བ”ནི་འཇིག་རྟེན་གྱི་ཆོས་ཉིད་རེད།  ངས་ཡིག་རྒྱུགས་ནང་གཡུར་ཟའི་གྲུབ་འབྲས་ཐོབ་པར་བྱས་ཏེ་བཤེས་གཉེན་ཁོང་གི་དཀའ་དྲིན་རྗེས་སུ་དྲན་པ་བྱེད་རྒྱུ་ཡིན།o6D智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
       ངའི་སེམས་སུ་དགེ་རྒན་ནི་རླབས་ཆེ་བའི་མི་སྣ་ཞིག་ཡིན་པས། ང་རང་གི་ཕུགས་བསམ་ཡང་ནར་སོན་རྗེས་མིང་དོན་མཚུངས་པའི་དགེ་རྒན་ཞིག་བྱེད་རྒྱུ་དེ་ཡིན།  བླ་ན་མེད་པའི་ཕུགས་བསམ་དེ་མངོན་དུ་འགྱུར་བའི་ཆེད་དུ།   ངས་མཐོརིམ་སློབ་འབྲིང་གི་ཁོར་ཡུག་ཏུ་བསྐྱོད་ནས་རང་དགོས་ཀྱི་ཤེས་བྱར་བརྩོན་པ་ལྷོད་མེད་བྱ་རྒྱུ་ཡིན་ནོ། །o6D智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 
o6D智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论