ངའི་སློབ་གྲོགས།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ངའི་སློབ་གྲོགས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།
    སློབ་མ་ཚང་མར་རང་ལ་ཆ་རྒྱུས་ཡོད་པའི་སློབ་གྲོགས་རེ་ཡོད་ལ།  བདག་ལའང་བག་ཆགས་ཟབ་མོ་རེ་བཞག་མྱོང་བའི་སློབ་གྲོགས་ཤིག་ཡོད།   ཁོ་མོའི་ཕྲ་ཞིང་རིང་བའི་གཟུགས་བྱད་དང་སྒོར་ཞིང་དཀར་བའི་ངོ་གདོང་།  སྤྱང་གྲུང་ལྡན་པའི་མིག་ཟུང་སོགས་ནི་ངའི་སེམས་ནས་ནམ་ཡང་བརྗེད་ཐབས་མེད།jZC智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
            ཁོ་མོས་དུས་དང་རྣམ་པ་ཀུན་དུ་དགེ་རྒན་ལ་བརྩི་བཀུར་བྱེད་པདང་།  སློབ་གྲོགས་ཕན་ཚུན་བར་ལ་མཐུན་སྒྲིལ་བྱེད་པ་མ་ཟད།    ད་དུང་རང་ལས་ཞན་པའིསློབ་གྲོགས་རྣམས་ལ་སློབ་སྤྱོང་གི་ཐད་ནས་རོགས་རམ་སོགས་བྱས་པས་རྒན་ལགས་ཚོས་ཁོ་མོའི་བྱ་སྤྱོད་བཟང་པོ་དེ་ལ་་བསྟོད་བསྔགས་གཏོང་མྱོང་ཞིང་།    ཁོ་མོའི་སློབ་སྦྱོང་གི་བརྩོན་སེམས་ལ་འཛིན་གྲྭའི་སློབ་གྲོགས་ཡོངས་མིག་དཔེ་ལྟ་ཡུལ་དུ་འགྱུར།    ཁོ་མོའི་བྱ་སྤྱོད་ཡག་པོ་དེ་དག་ལ་འཛིན་བདག་གིས་ཚད་མཐོན་པོའི་གདེང་འཇོག་བྱེད་པ་མ་ཟད།    སློབ་སྦྱོང་བྱེད་དགོས་པའི་སློབ་གསོ་བཏང་བས་jZC智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
སློབ་གྲོགས་མང་བོར་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་རེད།  ཁོ་མོས་རྒྱུན་དུ་སློབ་གྲྭའི་ཁོར་ཡུག་གི་གཙང་སྦྲ་དང་སློབ་གྲྭའི་སྤྱི་རྫས་ལ་རང་ཁྱིམ་གྱི་ཅ་ལག་ལྟར་གཅེས་སྤྲས་བྱེད་ཀྱི་ཡོད།  བདག་གི་སློབ་གྲོགས་ནི་དུས་ཚོད་ཀྱི་རྐྱེན་དང་ཁོར་ཡུག་གི་རྐྱེན་གང་ཞིག་འཕྲད་ཀྱང་རང་གི་སློབ་སྤྱོང་བྱེད་པའི་གོམས་གཤིས་བཟང་པོ་དེ་ནམ་ཡང་བློས་གཏོང་མི་སྲིད་པའི་སློབ་མ་ཞིག་ཡིན་པ་དང་།  ཤེས་བྱ་ནི་རང་གི་མི་ཚེའི་མདུན་ལམ་མངོན་དུ་གྱུར་པའི་ཐབས་ལམ་ཉག་ཅིག་ཡིན་པ་གསལ་པོར་རྟོགས་པས་ང་ཚོའི་འཛིན་གྲྭའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཤོས་ཀྱི་སློབ་མ་jZC智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཞིག་ཡིན།     བདག་གི་སློབ་གྲོགས་དེ་ལ་ཡ་རབས་ཀྱི་ཀུན་སྤྱོད་གཙང་མ་ཞིག་དང་སློབ་སྤྱོང་ལ་འདུན་པ་ལེགས་པོ་ཞིག་ལྡན་པས།ངེད་གཉིས་སློབ་གྲོགས་བཟང་བོ་ཞིག་ཏུ་གྱུར་སོང་།              jZC智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཁོ་མོའི་སློབ་སྤྱོང་བྱེད་སྟངས་དང་ཡ་རབས་ཚུལ་ལྡན་གྱི་གཤིས་ཀ་བཟང་བོ་དེས་ང་ལའང་བག་ཆགས་ཟབ་མོ་བཞག་བྱུང་། དུས་ཚོད་གང་ཙམ་སོང་རྗེས་ཁོ་མོའི་གཤིས་སྤྱོད་བཟང་པོ་དེ་དག་ངའི་མིག་དཔེ་ལྟ་ཡུལ་དུ་གྱུར།jZC智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
  ཁོ་མོའི་བླ་མེད་ཀྱི་གཤིས་རྒྱུད་དང་། འཛད་མེད་ཀྱི་བརྩེ་སེམས།  ཞུམ་པ་མེད་པའི་བརྩོན་འགྲུས་བཅས་ལ་གུས་མོས་རྗེས་སུ་ཡི་རང་ཞུའོ། །
jZC智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论