དམའ་འབྲིང་གི་འཚོ་བ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

དམའ་འབྲིང་གི་འཚོ་བ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།
         དུས་ཚོད་ནི་ཤིན་ཏུ་འགྲོ་མགྱོགས་པས་ཡུན་ཐུང་གི་དམའ་འབྲིང་ལོ་གསུམ་གྱི་འཚོ་བ་དེ་མིག་འབྱེད་འཛུམ་ཙམ་ཞིག་ལ་འདས་སོང་།btO智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
       ལྷན་འཛོམས་ནི་ཁ་སང་གི་ལོ་རྒྱུས་སུ་སོང་ཞིང་།  གྱེས་བྲལ་ནི་ང་ཚོའི་མིག་མདུན་དུ་ལྷག          འདས་སོང་གི་ལོ་ཟླ་ནི་ཕྱིར་མིག་དང་དྲན་གསོ་ཙམ་ལས་མ་འདས་མོད། དགའ་སྐྱོ་འདྲེས་མའི་ལོ་གསུམ་གྱི་ལོ་རྒྱུས་དོན་དངོས་རེ་རེ་དལ་གྱིས་བསྒྱུར་ཚེ་བརྗེད་པར་དཀའ་བའི་གཏམ་རྒྱུད་གང་མང་ཞིག་ཀྱང་བསམ་པའི་འཆར་ཡན་གྱི་ངོས་སུ་མངོན་ཡོང་།      ལོ་ཟླ་དེ་དག་གི་ནང་དུ་ང་ཚོས་མཉམ་ཅིག་ཏུ་དགེ་བའི་བཤེས་གཉེན་དམ་པའི་བསླབ་བྱ་ཉན་ཞིང་ཤེས་བྱའི་ཉིང་བཅུད་མཉམ་དུ་རོལ།       ལྷན་ཅིག་ཏུ་བསམ་ཡུལ་ལས་འདས་པའི་རྩེད་མོར་གཡེང་ནས་རིན་བྲལ་གྱི་དུས་ཚོད་གང་མང་འཕྲོ་བརླག་བཏང་།    ཆབས་ཅིག་ཏུ་སེམསགཅོང་ན་བའི་དཀའ་སྡུག་དུ་མ་ཁྱད་དུ་གསོད་མྱོང་།    དུས་ཚིགས་དེ་དག་གི་ནང་དུ་དགོད་སྒྲ་ཡང་ཡོད་ལ་ངུ་ངག་ཀྱང་ཡོད།         ཤེས་བྱའི་སྦྱངས་འབྲས་ཅུང་ཟད་བདོག་མོད།    དུས་ཚོད་གང་མང་ཡང་ཆུད་ཟོས་སུ་བུད་སོང་།      མཚམས་མཚམས་ལ་རང་ཉིད་ཀྱི་སྦྱངས་བརྩོན་ལས་བྱུང་བའི་གྲུབ་འབྲས་ལོན་པར་བྱ་དགའ་དང་གཟེངས་སུ་བསྟོད་ཅིང་།      སྐབས་སྐབས་སུ་ང་ཚོས་ལས་བྱ་མ་འགྲུབ་པར་སློབ་བྱོལ་བྱས་ནས་དགེ་རྒན་གྱིས་དབྱུག་པས་ཁ་ལོ་བསྒྱུར་བའི་སྣང་བརྙན་དེ་དག་ལ་བསམ་གཞིག་ཅིག་བྱས་ཚེ་དགོད་བྲོ་བ་དང་ངུ་ཤོར་བའི་ཚོར་བ་ཅི་ཡང་སྦྱིན་ཐུབ།btO智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
      དེ་བས་དམའ་འབྲིང་གི་འཚོ་བའི་ཁྲོད་དུ་དགའ་བ་ཡོད་ལ་སྐྱོ་བ་ཡང་ཡོད། འཚོ་བ་ལས་ཐོབ་པའི་ཉམས་མྱོང་རེ་རེ་ནི་མདུན་བསྐྱོད་ཀྱི་སྒུལ་ཤུགས་ཤིག་དང་འདྲ་བས།   འུ་ཅག་ལྷན་དུ་འགྲོགས་པའི་ལོ་ཟླ་དེ་དག་དེ་དག་བརྗེད་དུ་མེད་ལ་རིན་ཐང་ཆེ་བའི་དྲན་རྟེན་ཞིག་ཏུ་བརྩི་འོས་སོ། །
btO智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论