ཕ་ཡུལ་དྲན་པའི་གླུ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཕ་ཡུལ་དྲན་པའི་གླུ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།
      ཕ་ཡུལ།   ངའི་སྣང་ངོར་ཤིན་ཏུ་ཡིད་འོང་འཕྲོག་པའི་གནས་མཆོག་ཅིག་ཡིན།     འདི་རུ་ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་ཚམ་ཚོམ་དུ་རྒྱུ།  དྲོ་ཞིང་འཇམ་པའི་ཉི་འོད་གསེར་ལྷམ་ལྷམ་དུ་འཕྲོ་ལ།    རི་མཐོ་ས་གཙང་།    སྤང་ལྗོངས་སྟེང་མེ་ཏོག་སྣ་ཚོགས་བཞད་ཅིང་།  ཆུ་མོ་དྭངས་ཤིང་གཙང་།7Lh智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
         ཞོགས་པར།        ཕ་ཡུལ་གྱི་རི་བོ་མཐོན་པའི་རྩེ་ལ་ན་བུན་ལང་ལོང་དུ་གཡོ་ཞིང་།       དེའི་གཤམ་ཀྱི་ཐང་དཀྱིལ་དུ་སྦྲ་གུར་ནག་པོ་ཚོམ་བུར་བཏབ་པའི་ཁྲོད་ནས།  ན་སོ་དར་ལ་འབབ་ཅིང་ལུས་ལ་ཐེར་མ་ནག་པོའི་ཕྱུ་པ་གྱོན་པའི་འབྲོག་མོ་ཞིག་གིས་ལག་ཏུ་འོ་ཟོ་ཐོགས་ནས་ཕྱུགས་རིགས་འཇོ་བའི་ལས་ལ་འབྲེལ་ཞིང་མཆིས།   དེ་ནས།   ཕྱུགས་རྫི་རྒན་པོས་སིལ་གླུ་ལེན་བཞིན། ཕྱུགས་རིགས་རྣམས་དེད་ནས་ཐག་རིང་གི་རྩྭ་ཆུ་འཛོམས་སར་འཚོ་བར་བསྐྱོད།      ཉིན་དགུང་སླེབས་མཚམས་སུ།  གནམ་གཤིས་འགྱུར་ནས་སྤྲིན་ནག་ལང་ལོང་དུ་འཁྲིགས་ཤིང་། ཞིང་ནང་དུ་ལས་ལ་འབྲེལ་བའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ངང་ནང་ལ་ལོག་ཡོང་བཞིན་འདུག   སྐར་མ་ལ་དྲུག་ཙམ་སོང་རྗེས་དྲག་ཆར་ཤག་ཤག་ཏུ་བབས་ཤིང་རི་ཤུར་ཐམས་ཅད་ནས་ཤྭ་འོད་རྒྱུག་བཞིན་འདུག   ཞིང་པ་ཚོས་དྲག་ཆར་དཀྱིལ་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་འདུག་ལ།  ཁ་ཤས་ལག་ཏུ་ཁྱེམ་དང་འགའ་ཞིག་ལག་ཏུ་ཏོག་ཙེ་སོགས་འཁྱེར་ནས་རང་རང་གི་ཞིང་ནང་དུ་ཤྭ་འོད་ཀྱི་གནོད་འཚེ་མ་ཕོག་པ་བྱེད་བཞིན་འདུག   ངས་ཀྱང་ཆར་གོས་ཤིག་གྱོན་ཏེ་ལག་ཏུ་ཁྱེམ་ཞིག་འཁྱེར་ནས་ཞིང་ནང་དུ་བརྒྱུག་ཕྱིན་པ་ཡིན་པས།    ཞིང་ལ་ཤྭ་འོད་ཀྱི་གནོད་འཚེ་ཕོག་མི་འདུག      དེ་ནི་སེམས་བཟང་ཅན་གྱི་མི་ཞིག་གིས་ཞིང་གི་ཆུ་རྐ་ཚང་མ་དམ་པོར་བཀག་ཟིན་འདུག  ང་ཚོའི་ཕ་ཡུལ་གྱི་མི་རྣམས་ནི་གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པ།     མི་གཞན་ལ་རོགས་པ་བྱེད་རྒྱུ་དགའ་བ་སོགས་ཀྱི་བོད་རིགས་ཀྱི་སྔ་མོའི་གཤིས་རྒྱུད་རྣལ་མ་ཞིག་ལྡན་ཡོད།    ཕྱི་དྲོའི་ཉི་མནུབ་མཚམས་སུ་ཕྱུགས་རྫི་རྒན་པོ་རྣམས་ཀྱིས་ཕྱུགས་ཟོག་དེད་ནས་ཁྱིམ་དུ་ལོག་ཕེབས་བྱུང་།   ཕྱུགས་རིགས་རྣམས་ནི་ཤ་ཤེད་རྒྱས་ཤིང་གཅིག་ལས་གཅིག་བཟང་བ་དང་གཅིག་ལས་གཅིག་སྤུ་མདོག་ལེགས་པ་འདུག     ཕྱུགས་རྫི་རྒན་པོ་ཚོས་དེ་རིང་གི་དྲག་ཆར་སྐོར་གྱི་ལབ་བརྡོལ་མང་དུ་བྱེད་བཞིན་གདའ།7Lh智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
      ངའི་ཕ་ཡུལ་གྱི་ཡུལ་ལྗོངས་ནི་ལྟ་ན་སྡུག་ལ།   ཕྱུགས་རིགས་སྣ་མིན་སྣ་ཚོགས་དང་།   མི་རྣམས་ནི་སེམས་པ་བཟང་ཞིང་ལས་ལ་བརྩོན་པ་མ་ཟད།     བུ་ཕྲུག་ལ་བྱམས་སྐྱོང་ཚད་མེད་བྱེད་ཀྱི་ཡོད།        ང་རང་ཡང་ཕ་མ་སྤུན་མཆེད་དང་ཡུལ་མི་ཚོའི་བཀའ་དྲིན་སློབ་གྲྭའི་ར་བའི་ནང་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་རྒྱུ་བྱུང་བས།   ཕ་ཡུལ་མི་དྲན་ག་ལ་སྲིད།      ངས་སློབ་སྦྱོང་ཧུར་ཐག་བྱས་ནས་ཕ་ཡུལ་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ནོ། །
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论