ང་ཡི་ཨ་མ་ལགས།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ང་ཡི་ཨ་མ་ལགས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མི་གསལ  ཀློག་གྲངས །: སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།
         ཨ་མ་ཞེས་པའི་ཐ་སྙད་དེ་ཐོས་འཛིན་རྣ་བའི་བུ་གར་རྒྱུ་ཐེངས་རེར།  ངའི་དྲན་འཛིན་གྱི་ངོས་སུ་ཨ་མའི་བྱམས་བརྩེ་ཡིས་ཕྱུག་པའི་ཞལ་རས་དང་།    ནམ་ཡང་འཇལ་ཐབས་བྲལ་བའི་བཀའ་དྲིན་དེ་ཡིད་ལ་གསལ་ལེར་དྲན་བྱུང་།P12智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
         རྒྱུ་རྐྱེན་ནི་ང་རང་ནི་དྲིན་ཆེན་ཨ་མའི་བརྩེ་སེམས་དྲོན་མོའི་ཐུགས་འོག་ནས་ཚེ་སྲོག་གི་   འབུས་ཤིང་ལྷག་བསམ་དཀར་པོའི་གཅེས་སྐྱོང་འོག་ཉམ་ཆུང་གི་ལང་ཚོ་ལ་གཉོམ་ལག་རྒྱས་པ་དང་།      ཨ་མས་ཕྱག་ཟུང་ལ་བརྟེན་ནས་ང་རང་ལང་ཚོ་ལྡན་པའི་ན་གཞོན་ཞིག་ཏུ་་ཆགས་ཐུབ་སོང་ལ།    ན་མཉམ་གྱི་སློབ་མ་ཚོ་དང་ལྷན་དུ་དགའ་སྐྱིད་ལྡན་པའི་སློབ་གྲྭའི་འཚོ་བར་ཡང་རོལ་རྒྱུ་བྱུང་སོང་།    དྲིན་ཨ་མས་བྱམས་བརྩེ་ཡོད་པས་ཆུང་དུས་ནས་དགུན་གསུམ་གྲང་འཁྱག་གིས་ས་གཞི་ཁེངས་ཀྱང་གཏན་ནས་གྲང་མ་མྱོང་ལ།    སྟོན་གསུམ་ཁ་ཆར་གྱི་འབབ་རྒྱུན་དྲག་ཀྱང་གཏན་ནས་ཞུམ་མ་མྱོང་།    བུ་ངའི་སྙིང་ཁོང་ན་ནམ་ཡང་་གཟིམ་པ་མེད་པའི་ཨ་མ་P12智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ལགས།P12智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
         བུ་ཆུང་ངའི་ལྷག་བསམ་གྱི་ཕྱུག་པའི་དྲིན་ཆེན་ཨ་མ་ནི་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པའི་བུད་མེད་དཀྱུས་མ་ཞིག་ཡིན་ལ།        ཁོང་སྐུ་གཟུགས་འབྱོར་ཡང་བདེ་ལྕག་འཁྱུག་པོ་ཡོད། རྟག་ཏུ་ལུས་ལ་སྣམ་བུའི་ཕྱུ་པ་ཞིག་གྒྱོན་ཞིང་སྤྱན་ཟུང་ལས་བྱམས་བརྩེ་ལྷག་པར་མངོན།    ལོ་ཞིག་གི་དབྱར་གསེང་ལ།    ཨ་མ་ལགས་ཀྱིས་ངས་སློབ་སྦྱོང་ལ་དཀའ་སྤྱད་འབད་བརྩོན་བྱེད་ཀྱིན་མེད་པ་ཤེས་ཏེ་ང་ལ་བཀའ་བཀྐྱོན་དྲག་པོ་གནང་བ་རེད།   ངས་སྣང་མེད་ཀྱི་ཚུལ་ཞིག་བསྟན་ནས་ཁྱིམ་མཚེས་ཀྱི་གྲོགས་པོ་འབོད་དེ་རྐང་འཁོར་ཞོན་ནས་རྩེད་རུ་འགྲོ་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ།   ཨ་མས་ངའི་རྗེས་དེད་ནས་ཡོང་བཞིན་འདུག་པ་དང་།   ཨ་མ་ལགས་ཁོང་ཁྲོས་མ་བཟོད་བར་ང་ལ་ཁྱེད་ཀྱི་རྣམ་ཀུན་སློབ་གྲྭའི་ནང་སློབ་སྦྱོང་མི་བྱེད་པ་མ་ཟད་དུས་རྒྱུན་སློབ་མ་ངན་པའི་རྗེས་སུ་སོང་ནས་གང་འདོད་དུ་གཞན་ལ་བརྙས་བཅོས་དང་འཕྱ་སྨོད།   དེ་བཞིན་རྒྱག་རེས་དང་ཐ་མག་འཐེན་པ་སོགས་ཀྱི་བྱ་ངན་སྤྱོད་མང་པོ་བྱེད་ཀྱི་ཡོད་པ་འདྲ།    དེ་རིང་ངས་ཁྱེད་ལས་སླ་པོར་མ་བཞག་ཐག་ཆོད་ཡིན་ཞེས་ཉེས་རྡུང་དྲག་པོ་བཏང་བྱུང་།   དེ་ནི་ཨ་མ་ལགས་ཀྱི་ཉེས་རྡུང་བཏང་བ་ཐེངས་མ་དང་པོ་ཡིན་པས་སེམས་པ་ཧ་ཅང་སྐྱོ་ནས་དུས་ཡུན་རིང་པོ་ཞིག་ངུས་པ་ཡིན།  དུས་དེ་ནས་བཟུང་སྟེ་ངས་འབད་བརྩོན་ལྷོད་མེད་ཀྱིས་སློབ་སྦྱོང་བྱས་པས་ཡར་ཐོན་མངོན་གསལ་བྱུང་བ་རེད།ད་ལྟ་བསམ་བློ་ཞིབ་མོ་བཏང་དུས་དེ་ནི་རླབས་ཆེ་བའི་མ་ཡུམ་ཞིག་གིས་བུ་ཕྲུག་ལ་བཅངས་བའི་རེ་སྨོན་དང་བརྩེ་སེམས་ཁོ་ན་རེད།P12智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
        ཨ་མའི་བྱམས་བརྩེ་ནི་ཀུན་ལས་ལྷག་ཅིང་།      ངས་ནམ་ཡང་འཇལ་ཐབས་འབྲལ་བའི་ཨ་མའི་བཀའ་དྲིན་ཡིད་ལ་དྲན་བཞིན་སློབ་སྦྱོང་གི་ལམ་བུར་་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད།  ཨ་མས་ནམ་ཡང་ངའི་རྒྱབ་ཕྱོགས་ན་བརྩེ་སེམས་ཀྱི་མིག་ཟུང་རྒྱང་དུ་བསྲིང་ཏེ་བུ་ངའི་ཕྱོགས་སུ་གཟིགས་ཡོད།    ང་ནམ་ཡིན་ཡང་ཨ་མའི་རེ་འདུན་དང་རང་ཉིད་ཀྱི་མདུན་ལམ་གྱི་ཆེད་དུ་སློབ་སྦྱོབ་ལ་དཀའ་སྤྱད་འབད་བརྩོན་བྱེད་རྒྱུ་ཡིན།      ངའི་སྙིང་དང་འདྲ་བའི་ཨ་མ་ལགས།   ཁྱེད་རང་ནམ་ཡང་ནད་མེད་ཚེ་རིང་ཡོང་བར་མཁྱེན།   ཨ་མ་ལགས།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论