གདུག་རྩུབ་ཆེ་བའི་ནད་དུག
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

གདུག་རྩུབ་ཆེ་བའི་ནད་དུག

ཡོང་ཁུངས། : སློབ་མའི་རྩོམ་ཡིག་ལས་བྱ།   རྩོམ་པ་པོ། : ཨ་སྒྲོན།  ཀློག་གྲངས །: སྤེལ་དུས། : 2022-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།
གདུག་རྩུབ་ཆེ་བའི་ནད་དུག
      གདུག་རྩུབ་ཆེ་བའི་ནད་དུག   ཁྱོད་ནི་སྙིང་རྗེ་དང་བརྩེ་བ་མེད་པའི་རལ་གྲི་ཞིག་དང་མཚུངས།   ཁྱོས་མི་ཁྲི་སྟོང་མང་པོའི་ཚེ་སྲོག་བླངས་པ་མ་ཟད།  མི་ཁྲི་སྟོང་མང་པོ་གཉེན་ཉེ་དང་ཁ་བྲལ་དུ་བཅུག   བྱིས་པ་ཁྲི་སྟོང་མང་པོ་དྭ་ཕྲུག་ཏུ་གྱུར།   ཁྱོད་ནི་ཅི་འདྲའི་གདུག་རྩུབ་ཆེ་བ་ལ་ཨང་།  WsS康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
      གདུག་རྩུབ་ཆེ་བའི་ནད་དུག   ཁྱོད་ནི་རྒྱལ་སྲིད་སྐྱོང་མིཤེས་པའི་རྒྱལ་པོ་ཞིག་དང་མཚུངས།   ཁྱོད་མེད་པའི་སྐབས་སུ།  ང་ཚོ་གར་འགྲོ་རང་དབང་དང་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བཞིན་ཡོད། ཁྱོད་ཐོན་པ་ནས་བཟུང་།   ང་ཚོའི་རང་དབང་ཁྱོད་ཀྱིས་ཚོད་འཛིན་བྱས་པ་དང་།  སློབ་མ་རྣམས་སློབ་གྲྭར་འགྲོ་མི་ཆོགཐ་ན་ཁྱིམ་མི་ལྷན་འཛོམས་ཀྱི་ལོ་གསར་ཞིག་ཀྱང་རོལ་མི་ཐུབ། WsS康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
      གདུག་རྩུབ་ཆེ་བའི་ནད་དུག  ཁྱོད་ནི་མི་ཡུལ་སྡུག་ལ་སྦྱོར་བའི་གདོན་འདྲེ་ཞིག་དང་མཚུངས།  ཁྱོད་མི་ཡུལ་དུ་ཐོན་པ་ནས་བཟུང་།  མི་ཡུལ་ནས་མི་ཞིག་ཤི་བ་ནི་གྲོག་མ་ཞིག་བསད་པ་ལྟར་ཧ་ཅང་སླ་ལ།  མི་ཤི་བའི་ཁ་གྲངས་ནི་ཆར་ཐིགས་བཞིན་ཧ་ཅང་མང་།  མི་ཡུལ་གྱི་མི་རྣམས་འཆི་བའི་སྐྲག་སྣང་དང་།WsS康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ཁྱིམ་མི་ཤི་བའི་སྐྱོ་སྡུག  ད་དུང་ཐག་རིང་ལ་ཡོད་པའི་གཉེན་ཉེས་དྲན་གདུང་གི་མཆི་མ་འཐོར་དགོས་བྱུང་། WsS康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
      ཁྱོད་ནི་ང་ཚོའི་མདུན་ལམ་བརླག་མཁན་དེ་ཡིན།  ང་རང་ནར་སོན་ན་ཁྱོད་ལ་ཕམ་པར་རྒྱག་པའི་དཔའ་བོ་ཞིག་བྱ་དགོས་ལ།  ཁྱོའི་ལག་ནས་ཤི་བའི་མི་ཁྲི་སྟོང་མང་པོའི་དགྲ་ཤ་ལེན་རྒྱུ་ཡིན།  
རྩོམ་སྒྲིག་པ། : མི་གསལ*
མཉམ་སྤྱོད །     
    匿名评论
  • 评论
人参与,条评论