མང་རྫོང་མཁར་གྲོང་སློབ་ཆུང་གི་སློབ་མའི་རྩོམ་ཡིག་གཅེས་བཏུས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

མང་རྫོང་མཁར་གྲོང་སློབ་ཆུང་གི་སློབ་མའི་རྩོམ་ཡིག་གཅེས་བཏུས།

ཡོང་ཁུངས། :   རྩོམ་པ་པོ། : ཀླུ་མོ་མཆོག་སོགས།  ཀློག་གྲངས །: སྤེལ་དུས། : 2023-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།
རྟ་རྒྱུག་གི་མཐོང་ཐོས།

མང་རྫོང་མཁར་གྲོང་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་ཀླུ་མོ་མཆོགOvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དབྱར་ཁར་སླེབས་པ་དང་། ངེད་ཚང་གི་རུ་བཀལ་ནས་དབྱར་སར་སོང་བ་ཡིན། ངེད་ཚང་གི་དབྱར་ས་ནི་མང་སྟོད་ཡིན་ཞིང་དེ་ནི་ས་སྐྱིད་པོ་དྲི་ཟའི་འཇིག་རྟེན་ཞིག་དང་འདྲ་བར། རི་ལུང་ཐང་གསུམ་རྩྭ་ལྗང་དང་མེ་ཏོག་གིས་ཁེབས་ཡོད་པ་ཞིག་ཡིན། དེའི་སྟེང་དུ་མང་ཆུ་སྔོན་མོ་ལྷུང་ལྷུང་གིས་འབབ་པར་མ་ཟད། ཆུ་འགྲམ་གྱི་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་སྐར་ཚོགས་ཐང་ལ་ལྷུང་བ་དང་འདྲ་བར་ཁྲ་ལམ་མེར་བཀྲམ་ཡོད།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དེ་རིང་། ང་ཚོ་སྡེ་བའི་ནང་དུ་རྟ་རྒྱུག་འགྲན་བསྡུར་ཐེངས་གཅིག་སྤེལ་བཞིན་ཡོད་པས། སྡེ་མི་རྣམས་ནངས་སྔ་མོ་ནས་རང་རང་གི་ལས་ཀར་ཚགས་སུ་བཅུག་རྗེས། ཁ་ལག་གཙང་མ་དང་བོད་ལྭ་གྲ་དག་གིས་ལྟད་མོ་ལ་ཆས་བཞིན་འདུག ང་དང་ཨ་མ་གཉིས་ཀྱིས་ཀྱང་ལག་གང་མགྱོགས་ཀྱིས་འབྲི་མོའི་འོ་མ་བཞོར་ཚར་དུ་བཅུག་པ་དང་། གོམ་པ་མགྱོགས་མོས་རྟ་རྒྱུག་ལ་ལྟ་རུ་སོང་བ་ཡིན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       རྟ་རྒྱུག་ས་ནི་མང་སྟོད་ཀྱི་གསེར་གཞུང་ཐང་ཡིན་པ་དང་། རྟ་པ་རྣམས་ཀྱིས་སྔ་མོ་ནས་རང་རང་གི་རྟ་ཁྲིད་ནས་རྒྱུག་རར་སླེབས་འདུག་མ་ཟད། ལྟད་མོའི་ཚོགས་ནི་ང་ཚོ་སྡེ་བའི་མི་གཅིག་པུ་མ་ཡིན་པར། ཉེ་འགྲམ་གྱི་སྡེ་བ་སོ་སོའི་ལྟད་མོ་བའང་མང་པོ་ཡོང་འདུག་པས་མི་ཚོགས་ཧ་ཅང་ཆེ། རྟ་རྒྱུག་མགོ་བརྩམས་མ་ཐག རྒྱུག་རྟ་དག་ནི་མདའ་མོ་གཞུ་ལས་ཤོར་བ་ནང་བཞིན་གཅིག་ལས་གཅིག་མགྱོགས་ཀྱིས་བང་གིས་རྒྱུག་པར་བྱེད། དེ་དག་ལས་རྟ་ལ་ལ་ནི་གཡུ་འབྲུག་སྔོན་མོ་དང་འདྲ་ལ། ལ་ལ་ནི་རླུང་ནག་འཚུབ་མ་དང་འདྲ་བར་ཧ་ཅང་མགྱོགས་པར་མ་ཟད། རྟ་ཡི་སྤུ་ག་རྣམ་པ་སྣ་ཚོགས་ཡོད་པ་ནི། ལ་ལ་ནི་སྔོན་པོ་གཡུ་དང་འདྲ་བ་དང་། ལ་ལ་ནི་དཀར་པོ་ཐང་དཀར་འདྲ། ལ་ལ་ནི་ནག་པོ་ཕོ་རོག་དང་འདྲ། ལ་ལ་ནི་གྲོ་བོ་སྲམ་དང་འདྲ། ལ་ལ་ནི་རྐྱང་རྐྱང་རྐྱང་དང་འདྲ། དེ་ལྟ་བུའི་རྟ་བ་དང་རྟ་ཕོ་དག་ནི་ལྷ་བཟོ་ཡིས་གོས་ཆེན་སྟེང་དུ་བྲིས་པའི་ཐང་ཀ་ཞིག་དང་འདྲ་བའི་རྩྭ་ཐང་སྟེང་རྒྱལ་ཕམ་རྩོད་ཀྱིན་པ་ནི་བསམ་གྱིས་མི་དཔོག་པ་ཞིག་རེད།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ང་ནི་རྟ་རྒྱུག་ལ་དེ་འདྲ་དགའ་བོ་མེད་ཀྱང་། མི་ཚོགས་ནི་སྨྱོས་པ་ནང་བཞིན་རྟ་རྒྱུག་སྟེང་ཀི་ཅོ་སྒྲོག་པ་དང་ལྷ་འབོད་ཀླུ་འབོད་བྱེད་པའི་ངང་ཚུལ་དེ་མཐོང་ན། ང་ལའང་རང་དབང་མེད་པར་ཀི་ཀི་བསོ་སོ་ལྷ་རྒྱལ་ལོ་ཟེར་འབོད་ཀྱི་ཚོར་བ་ཞིག་ལྷོག་ལྷོག་གདུས་ཡོང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

-----------------------------------------------------------OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཞབས་བྲོ་འཁྲབ་ཐེངས་གཅིགOvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མང་རྫོང་མཁར་གྲོང་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་ཤེས་རབ་བཟང་མོ།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ད་ཐེངས་ཀྱི་དབྱར་གནང་སྐབས་སུ། ང་ལ་ནམ་རྒྱུན་དང་འདྲ་བར་དགའ་སྡུག་ཆེན་པོ་ཞིག་གླེང་རྒྱུ་མི་འདུག་མོད། ངེས་པར་དུ་གླེང་འདོད་པའི་དོན་དག་ཁྱད་པར་བ་ཞིག་ཡོད་པ་ནི། ཨ་མ་ངེད་གཉིས་ཀྱིས་ལྷ་རྩེད་སྟེང་དུ་ཞབས་བྲོ་འཁྲབ་པ་དེ་རེད།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཉིན་མོ་དེར། ཨ་མ་ངེད་གཉིས་ཀྱིས་མཉམ་དུ་དགོང་ཇ་བསྐོལ་ཞོར་ལས་ཀར་སོང་བའི་ཨ་ཕ་ཡོང་བར་སྒུག་ཡོད་དུས་སུ། གློ་བུར་དུ་ཨ་ཁུ་ཞིག་ཡོང་ནས། ད་ལོའི་ལྷ་རྩེད་སྐབས་སུ་ང་ཚོ་སྡེ་བས་ཞབས་བྲོ་འཁྲབ་དགོས་པས། དེ་རིང་ནས་བཟུང་ཁྱིམ་ཚང་གཅིག་ནས་མི་གཅིག་ངེས་པར་དུ་སྡེ་བའི་ཞབས་བྲོ་རུ་ཁག་ཏུ་ཞུགས་དགོས་ཟེར། ཨ་མ་ནི་ཆུང་དུས་ནས་ཞབས་བྲོ་འཁྲབ་རྒྱུར་དགའ་བོ་ཡོད་པས། ཨ་མ་དང་ངེད་གཉིས་ཀ་ཞབས་བྲོ་རུ་ཁག་ཏུ་ཞུགས་འདོད་ཆེན་པོ་སྐྱེས་སོང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དགོང་མོར་ཨ་ཕ་ཡུལ་ལ་ཐོན་རྗེས། ཨ་མས་དོན་དག་དེ་ཨ་ཕར་བཤད་པ་ན། ཨ་ཕས་ཀྱང་ཞབས་བྲོ་འཁྲབ་ན་ལུས་ཕུང་སྦྱོང་བརྡར་གྱི་ནུས་པ་ཐོན་པས། ཁྱོད་གཉིས་ཀ་འཁྲབ་ཏུ་སོང་ཆོག་ཟེར། སྐད་ཆ་དེ་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་ནང་བཞིན་ཨ་མ་ངེད་གཉིས་ལ་དགའ་སྤྲོ་ཆེན་པོ་སྐྱེས་སོང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཞབས་བྲོ་སྦྱོང་བརྡར་ནི་སྡེ་ཨུའི་ར་སྐོར་ནང་དུ་བྱེད་དགོས་པ་དང་། དུས་ཚོད་ནི་དགོང་མོ་ཡིན་པ་རེད། དེའི་རྒྱུ་མཚན་ནི་སྡེ་མི་ཚང་མ་ལས་ཀ་བ་ཡིན་པས། ཉིན་མོ་ཁྱིམ་ཚང་གི་ལས་ཀ་ལས་ནས་ཚར་རྒྱུ་མེད་པ་ཞིག་ཡོད་པས་རེད། ངའི་ཨ་མས་རྒྱུན་པར་ཁྱིམ་ཚང་གི་ལས་ཀ་མང་པོ་ཞིག་ལས་དགོས་པས། ད་ལྟ་མོའི་ལག་པ་འཁོབ་ནས་ཞབས་བྲོ་ཡག་པོ་ཞིག་རྩེད་མི་ཐུབ་མོད། མོ་ནི་དཀའ་ངལ་ལ་མགོ་མི་སྒུར་ཞིང་བརྩོན་པ་རྒྱུན་འཁྱོངས་བྱེད་མཁན་ཞིག་ཡིན་པས། ཉིན་བཅུ་ཁ་ཞིག་རྗེས་སུ་ཞབས་བྲོ་ཡག་པོ་ཞིག་འཁྲབ་ཐུབ་པ་བྱུང་སོང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       རེ་སྒུག་གི་ཁྲོད་དུ། ལྷ་རྩེད་ཀྱི་ཉི་མར་ཐོན་བྱུང་། ང་ཚོ་སྡེ་བའི་འཁྲབ་སྟོན་ནི་ཆེས་སྔུན་མ་ཡིན་པས། ཨ་མ་ངེད་གཉིས་མ་ཟད། འཁྲབ་སྟོན་པ་ཡོངས་ཅུང་འཚབ་ཀྱིན་འདུག ངས་ལྟ་དུས་ཨ་མའི་ངོ་གདོང་ནི་དམར་པོ་ཀུ་ཤུ་ཞིག་དང་འདྲ། ཡིན་ནའང་། ཞབས་བྲོ་འཁྲབ་ཚར་རྗེས། མདོ་འཛིན་པས་ང་ཚོ་སྡེ་བའི་ཞབས་བྲོ་ཨང་དང་པོ་རེད་ཟེར། བྱ་དགའ་ལ་སྒོར་མོ་སྟོང་གཅིག་ཡོད་པ་རེད་ཟེར། ང་ཚོ་སྡེ་བའི་ཞབས་བྲོ་རུ་ཁག་ལ་རུ་མི་བཅུ་དགུ་ཡོད་པ་དང་། བྱ་དགའི་སྒོར་མོ་མི་བཅུ་དགུ་ལ་བགོས་ན་མི་རེར་སྒོར་མོ་ལྔ་བཅུ་ང་གཉིས་རེ་ཐེམས་ཀྱིན་འདུག་པས། ཨ་མ་ངེད་གཉིས་ལ་དགའ་སྤྲོ་ཁོག་ཏུ་མི་ཆུད་པ་ཞིག་སྐྱེས་བྱུང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       བྱ་དགའི་སྒོར་མོ་བགོས་རྗེས། ཨ་ཕས་ཨ་མ་ངེད་གཉིས་ལ་རང་གི་བརྩོན་པས་བཙལ་བའི་སྒོར་མོ་རང་གིས་བཀོལ་ཆོག་ཟེར། ངས་སྔ་མོ་ནས་རང་བློར་འབབ་པའི་དཔེ་ཁུག་ཅིག་ལ་བལྟས་ཡོད་པས། དེ་མ་ཐག་ཏུ་དཔེ་ཁུག་སོ་མ་ཞིག་ཉོས་པ་ཡིན། དྲང་མོར་བཤད་ན། ཞབས་བྲོ་འཁྲབ་རྒྱུ་དེ་ནི་སྐར་མ་འགའི་རིང་གི་དོན་དག་ཅིག་ཡིན་ནའང་། ཞབས་བྲོ་སྦྱོང་རྒྱུ་ནི་ཉིན་མང་པོ་ཞིག་གི་དཀའ་སྡུག་ཡིན་པས། ང་ལ་མཚོན་ན་དོན་དག་འདི་ནི་ཧ་ཅང་བརྗེད་དཀའ་བ་ཞིག་རེད།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

-----------------------------------------------------------OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སྦལ་བ་འཛིན་པའི་བྱིས་པ་ཆུང་ཆུང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མང་རྫོང་མཁར་གྲོང་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་ཟླ་བ་དབང་གྲགས།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཉིན་དེར། གནམ་ངོ་དྭངས་ཤིང་གསལ་ལ་ཉི་འོད་དྲོད་ཅིང་འཇམ། དེ་ནི་སྒོ་ཕྱིར་རྩེད་མོ་རྩེད་དུ་འགྲོ་བའི་ནམ་གཤིས་ཡག་པོ་ཞིག་ཡིན་པས། ཨ་ཕས་ང་རང་ཁྲིད་ནས་མང་ཆུ་ཁར་རྩེད་མོ་རྩེད་དུ་སོང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཆུ་ཁར་ཐོན་རྗེས། ཨ་ཕ་ཤིང་སྡོང་ཞིག་གི་བསིལ་གྲིབ་འོག་ཏུ་བསྡད་ནས་ལག་གི་ཁ་པར་སྣོག་ནས་བསྡད་བྱུང་བས། ང་ལ་ལས་རྒྱུ་གཞན་མེད་པར་ཆུ་ཁར་རྐང་བ་བཀྲུ་རུ་སོང་བ་ཡིན། ངས་རྐང་བ་ཆུ་ནང་དུ་བསྲིངས་ནས་བསྡད་ཡོད་དུས། གློ་བུར་དུ། ཉ་དང་འདྲ་བའི་འབུ་ཆུང་ཆུང་མང་པོ་མཐོང་བྱུང་། ངས་མྱུར་བ་མྱུར་དུ་མིང་མི་ཤེས་པའི་འབུ་ཆུང་ཆུང་དེ་དག་ལས་གཅིག་བཟུང་བ་ན། དེ་ནི་ཉ་མ་ཡིན་པར་ད་དུང་སྦལ་བར་གྱུར་མེད་པའི་ཉ་ཐོམ་བུ་ཞིག་ཡིན་པ་རེད། ཉ་ཐོམ་བུ་སྦལ་བར་འགྱུར་བའི་གོ་རིམ་དེ་ནི་སློབ་ཚན་ནང་དུ་སྦྱང་མྱོང་བས། ངས་ཉ་འཛིན་མ་ཐུབ་པར་སྦལ་བ་ཞིག་བཟུང་བར་སེམས་ནས་སྐྱིད་པོ་ཞིག་མི་འདུགOvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཉི་ཐོམ་བུ་དེ་ཕྱིར་ཆུ་ནང་དུ་བཏང་རྗེས། ང་ཡང་ཨ་ཕའི་གམ་དུ་ཡོང་ནས་ཁོའི་ཁ་པར་ལ་ལྟ་ཞོར་སིལ་ཏོག་ཅིག་གི་མགོ་ལ་ཟོ་བཏབ་ནས་བསྡད་པ་ཡིན། སྐབས་ཤིག་ལ། ངའི་རྣ་ལམ་དུ་སྦལ་བའི་སྐད་ཐོས་བྱུང་། ངའི་སེམས་ལ་གང་ལྟར་ཉ་ནི་འཛིན་མ་ཐུབ་པས། སྦལ་བ་ཡིན་ཀྱང་བཟུང་ནས་རྩེད་དགོས་བསམ་སྟེ། ཆུ་ཁར་རྒྱུག་སོང་ནས་བལྟས་པ་ན། ཆུ་ནང་དུ་སྦལ་བ་མང་པོ་ཡོད་པ་རེད།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངས་ལག་པ་ཆུ་ནང་དུ་བསྲིངས་ནས་སྦལ་བ་འཛིན་རྩིས་བྱེད་དུས་སུ། ཨ་ཕས་ཐག་རིང་ནས་སྐད་ཤུགས་ཆེན་པོས། ཟླ་བ། སྦལ་བ་འཛིན་མི་རུང་། སྦལ་བ་ནི་འུ་ཚོ་ཞིང་བའི་གྲོགས་པོ་ཡིན་པས། གྲོགས་པོ་ལ་གནོད་པ་བྱེད་མི་རུང་ཟེར།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངས་སྦལ་བ་ཞིང་བའི་གྲོགས་པོ་ཡིན་དོན་མི་ཤེས་ནའང་། སྲོག་ཆགས་གང་དང་གང་ཡིན་རུང་དེ་ལ་ཚེ་སྲོག་ཡོད་པ་དང་། དེའི་ཚེ་སྲོག་ལ་གནོད་པ་བྱེད་པའི་དབང་ཆ་མི་སུ་ལའང་མེད་པ་ཤེས་པས། ང་དེ་མུར་ཕྱིར་ཨ་ཕའི་གམ་དུ་ཡོང་བ་ཡིན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

-----------------------------------------------------------OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རི་དྭགས་གླིང་ཀར་ལྟ་སྐོར་དུ་སོང་བ།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མང་རྫོང་མཁར་གྲོང་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་ཆོས་དབྱིངས་སྒྲོལ་མ།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དབྱར་གནང་གི་སྐབས་སུ། ཨ་ཕས་ང་དང་ནུ་མོ་གཉིས་ལ་དོན་བཟང་ཞིག་བཤད་པ་ནི། སང་ཉིན་ང་ཚོ་ཟི་ལིང་དུ་འགྲོ་ཞེས་པ་དེ་རེད། ང་རང་ཧ་ཅང་དགའ་ནས་དེ་མ་ཐག་ཏུ་ཟི་ལིང་དུ་གོན་རྒྱུའི་ལྭ་བ་དག་གྲ་སྒྲིག་བྱས་པ་ཡིན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཕྱི་ཉིན། ང་ཚོས་སྔ་མོར་ལངས་ནས་ནངས་ཇ་འཐུང་བའི་རྗེས་སུ། ཨ་ཕའི་རླངས་འཁོར་ལ་བསྡད་ནས་ཟི་ལིང་ལ་འགྲོ་བའི་ལམ་དུ་ཞུགས་པ་ཡིན། ལམ་བར་དུ། ནུ་མོས་གཞུང་ལམ་གཡས་གཡོན་གྱི་རྩྭ་ཐང་དང་རི་རྒྱུད། རྩྭ་ཐང་གི་རྟ་ནོར་ལུག་གསུམ། ཞིང་ས་དང་ལྗོན་ཤིང་སོགས་མཐོང་ཚད་རི་མོ་འབྲི་དེབ་སྟེང་དུ་བྲིས་པ་ན། ལམ་མི་བདེ་བའི་རྐྱེན་གྱིས་རླངས་འཁོར་ས་ལྡིང་གནམ་ལྡིང་བྱས་པས། མོའི་རི་མོ་ག་གུག་དང་ཀྱག་ཀྱོག་ཏུ་ཡག་པོ་ཞིག་འབྲི་ཐབས་མ་བྱུང་། མོ་ཁོང་ཁྲོ་ལངས་པའི་རྣམ་པ་དེ་ནི་དགོད་བྲོ་བ་ཞིག་ཡིན་པས། ཨ་ཕ་ངེད་གཉིས་མོའི་ཚུགས་ཀར་བལྟས་ནས་བགད་པ་ཡིན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཕལ་ཆེར་དུས་ཚོད་གསུམ་ཙམ་འགོར་རྗེས། ང་ཚོ་གཞི་ནས་ཟི་ལ་སླེབས་པ་དང་། ཟི་ལིང་ནི་ང་ཚོའི་རྫོང་མཁར་དང་མི་འདྲ་བར་ག་ས་གང་དུ་ཐོག་ཁང་མཐོན་པོས་ཁེངས་ཡོད་པ་ཞིག་རེད། ཨ་ཕས་རླངས་འཁོར་ས་འོག་གི་རླངས་འཁོར་འཇོག་སར་བཞག་རྗེས། ང་ཚོ་མཉམ་དུ་དྲོས་ཇ་འཐུང་དུ་སོང་བ་ཡིན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དྲོས་ཇ་འཐུང་རྗེས། ཨ་ཕས་ནུ་མོ་ངེད་གཉིས་ཁྲིད་ནས་ཟི་ལིང་རི་དྭགས་གླིང་ཁར་ལྟ་རུ་སོང་། རི་དྭགས་གླིང་ཀ་དེ་ནི་གྲོང་ཁྱེར་གྱི་དཀྱིལ་སྙིང་དུ་ཡོད་པ་དང་། གླིང་ཀའི་སྒོ་ཁ་ལྟད་མོ་བ་མང་པོ་འདུག ཅུང་མ་འགོར་བར་ཨ་ཕས་སྤ་སེ་ཉོས་ནས་ཐོན་བྱུང་བས། ང་ཚོའང་ལྟད་མོ་བ་མང་པོའི་གྲས་སུ་བཙངས་ནས་ལྟད་མོར་སོང་བ་ཡིན། གླིང་ཀ་འདི་ནི་དེ་འདྲ་ཆེན་པོ་ཞིག་མིན་ནའང་། དེ་རུ་སེང་གེ་དང་སྟག གཟིག་སོགས་གཅན་གཟན་མཆེ་བ་ཅན་མང་པོ་ཡོད་པ་མ་ཟད། རི་བོང་དང་སྤྲེའུ། རྨ་བྱ། འབྲོང་སོགས་རྩྭ་གཟན་རྨིག་པ་ཅན་དང་བྱ་བྱེའུ་གཤོག་པ་ཅན་མང་པོ་ཡོད་པས། ང་ནི་གློ་བུར་དུ་བརྙན་འཕྲིན་མཐོང་བའི་སྲོག་ཆགས་ཀྱི་འཇིག་རྟེན་ཞིག་ཏུ་སླེབས་པ་དང་མཚུངས།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཨ་ཕས་བཤད་ན། ལྷ་རི་རི་དྭགས་གླིང་ཀ་ནི་འདི་ལས་ཀྱང་ཆེ་ཞིང་། རི་དྭགས་ཧ་ཅང་པོ་ཡོད་པ་རེད་ཟེར་མོད། ངའི་སེམས་ནས་རི་དྭགས་འདི་འདྲ་མང་པོ་ཞིག་ལྕགས་རར་བཅུག་ཡོད་པས། དེ་དག་གིས་རང་དབང་གི་འཚོ་བ་ཞིག་རོལ་མི་འདོད་དམ་སྙམ་ནས་སེམས་སྡུག་སྐྱེས་བྱུང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

-----------------------------------------------------------OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩྭ་ཐང་གི་ཉིན་གཅིགOvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མང་རྫོང་མཁར་གྲོང་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་རིག་བཟང་མཚོ།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       སློབ་སྐབས་རེ་རེའི་དབྱར་གནང་གི་སྐབས་སུ། ང་ཚོ་སློབ་མ་ཚོར་རང་ཉིད་དགའ་བའི་དོན་དག་གང་མང་ཞིག་འབྱུང་གིན་ཡོད་དེ། དཔེར་ན། མཇལ་སྐོར་ལ་འགྲོ་བ་དང་ཡུལ་སྐོར་བྱེད་པ། ཕ་མ་གཉིས་ལ་ལས་ཀ་ལས་རོགས་བྱེད་པ། ན་ཟླ་རྣམས་དང་མཉམ་དུ་རྩེད་མོར་རྩེད་པ་ལྟ་བུའོ། །OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ད་ཐེངས་དབྱར་གནང་གི་སྐབས་སུ། ང་རང་ང་ཚོ་སྡེ་བའི་རྒྱབ་ཕྱོགས་སུ་སྤང་ཐང་ཞིག་ཡོད་པ་དེ་ལ་རྩེད་མོ་རྩེད་དུ་སོང་བ་ཡིན། རྩེད་མོ་རྩེད་དུ་འགྲོ་བའི་ཉིན་མོ་དེར། ཨ་ཕས་སྔ་མོ་ནས་ལུག་གཅིག་བཟུང་ནས་བཤའ་རྩིས་འདུག་པས། ངས་དེ་ནི་ཨ་ཕས་གཞན་གྱི་སྲོག་བཅད་ནས་སྡིག་པ་བསགས་པ་ཡིན་པ་དང་། སྐད་ཡིག་དགེ་རྒན་གྱིས་ང་ཚོས་བྱ་བྱེའུ་འབའ་འབུ་ཙམ་ཡང་དོན་མེད་དུ་གསོད་མི་ཉན་པ་དང་། གལ་ཏེ་མཉམ་མ་བཞག་པར་བསད་པ་ཡིན་ན། མ་ཎི་བཏོན་ནས་སྡིག་བཤགས་བྱེད་དགོས་ཟེར་བ་དྲན་བྱུང་། ངས་དོན་དག་དེ་ཨ་ཕར་བཤད་པ་ན། ཨ་ཕས་དེ་འདྲ་དོ་སྣང་བྱེད་ཀྱིན་མི་འདུག་མོད། ངས་རང་སེམས་ནས་མ་ཎི་ཁྲི་གཅིག་བཏོན་ནས་སྡིག་བཤགས་བྱེད་དུ་དྲན་ཤིང་། རྩེད་མོ་རྩེད་དུ་ཕྱི་ཉིན་འགྲོ་རྒྱུ་བྱས།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཕྱི་ཉིན་སྔ་མོར། ཨ་ཕས་ང་ཚོ་ཁྱིམ་མི་གང་བོར་ཁྲིད་ནས་རྩྭ་ཐང་དུ་རྩེད་མོ་རྩེད་དུ་སོང་བ་རེད། ཨེ་མ། དབྱར་གྱི་རྩྭ་ཐང་ནི་ཅི་འདྲའི་མཛེས་ཤིང་ཡིད་དུ་ཡོང་བ་ལའང་། སྔོ་ལྗང་ལྗང་གི་སྤང་ལྗོངས་སྟེང་དུ་མེ་ཏོག་རྣམ་པ་སྣ་ཚོགས་ཁྲ་ལམ་མེར་བཞད་ཡོད་པ་དང་། ཁྲ་ལམ་ལམ་གྱི་མེ་ཏོག་སྟེང་དུ་བྱ་བྱེའུ་འབའ་འབུ་རྣམ་པ་སྣ་ཚོགས་འཕུར་ལྡིང་བྱེད་ཀྱིན་འདུག ལྷག་པར་དུ་རྐང་དྲུག་སྦྲང་མ་དང་ཕྱེ་མ་ལེབ་ཀྱི་གཤོག་འགྱུར་སྣ་ཚོགས་ནི་ཆེད་དུ་ང་ཚོ་ལ་བསུ་བ་བྱེད་པ་དང་འདྲ་བོ་འདུགOvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཨ་ཕ་དང་ཨ་མ་གཉིས་ཀྱིས་གུར་ཕུབ་དང་ཟ་མ་ལས་ཀྱིན་འདུག་མོད། ང་དང་ནུ་བོ་གཉིས་ལ་དོན་དག་གཞན་མེད་པས་རང་དགར་རྩེད་མོ་རྩེད་ནས་བསྡད་པ་ཡིན། སྐབས་ཤིག་ལ། ང་ཚོ་སྡེ་བའི་ཁྱིམ་ཚང་གཞན་འགའ་ཡང་སླེབས་བྱུང་བས། ངེད་གཉིས་ལ་རྩེད་རོགས་མང་པོ་བྱུང་བ་དང་རྩེད་མོ་ཡང་སྣ་ཚོགས་རྩེད་རྒྱུ་ཡོད་པར་གྱུར། ང་ནི་རྩེད་མོ་སྣ་ཚོགས་ལས་ཐག་ལྡིང་རྩེད་རྒྱུར་དགའ་བ་དང་སྤོ་ལོ་འཕེན་རྒྱུར་ཡང་དགའ་བོ་ཡོད་པས། ཐག་ལྡིང་འགྲན་སྡུར་སྟེང་ཨང་དང་པོ་བླངས་པ་ཡིན་ལ། ད་དུང་ཐག་འཐེན་འགྲན་སྡུར་ལའང་ངེད་མིང་སྲིང་གཉིས་ལ་བྱ་དགའ་ཐོབ་སོང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཕལ་ཆེར་ཕྱི་དྲོའི་བར་དུ་ང་ཚོ་བྱིས་པ་ཚོ་ནི་ཟ་མའང་ཟ་རྒྱུ་བརྗེད་པ་ལྟར་རྩེད་མོ་རྩེད་ནས་བསྡད་པ་ན། གློ་བུར་དུ་གནམ་ངོ་འཁྲུགས་ནས་སྤྲིན་ནག་འཕྱུར་བ་དང་། ཐག་རིང་ནས་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་བྱུང་བས། ང་ཚོས་མྱུར་དུ་རང་རང་སར་དངོས་པོ་རྣམས་ལ་བསྡུ་གསོག་བྱས་ནས་རླངས་འཁོར་ནང་དུ་བཞག་པ་དང་། དེ་མུར་རླངས་འཁོར་ལ་བསྡད་ནས་ཡུལ་ལ་རྒྱུག་པ་ཡིན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

-----------------------------------------------------------OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

འབྲོག་པའི་རྩྭ་ཐང་གི་མཐོང་ཐོས།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མང་རྫོང་མཁར་གྲོང་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་བསམ་འགྲུབ་སྒྲོན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ད་ཐེངས་ཀྱི་དབྱར་གནང་སྐབས་སུ། ངེད་ཚང་གི་ཕ་མ་གཉིས་དང་ཨ་ཅེ་ངེདཚོ་འབྲོག་པའི་རྩྭ་ཐང་སྟེང་རྩེད་མོ་རྩེད་དུ་སོང་བ་ཡིན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ང་ཚོ་ནི་ཨ་ཕའི་རླངས་འཁོར་ནང་དུ་བུད་ནས་སོང་བ་ཡིན་པས། ལམ་བར་ནས་རྒྱ་ལམ་གཡས་གཡོན་གྱི་ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བ་དག་ལ་ལྟད་མོར་བལྟས་ནས་འགྲོ་ཐུབ་སོང་། འབྲོག་པའི་རྩྭ་ཐང་ནི་རོང་བའི་ཞིང་ས་དང་མི་འདྲ་བར་མཐའ་ཡས་ཤིང་ཁོད་ཡངས་པར་མ་ཟད། དེ་ན་རི་མཐོན་པོ་དང་བྲག་གཟར་མོ། ཆུ་ཆེན་པོ་རྣམ་པ་སྣ་ཚོགས་ཡོད་པ་རེད།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       རྩྭ་ཐང་གི་ཁ་དབུགས་ནི་དྭངས་ཤིང་གསལ་ལ། རྩྭ་ཐང་གི་ནམ་མཁའ་ཡང་མཛེས་མའི་ཞལ་རས་ལྟར་ཡིད་དུ་འོང་བ་ཞིག་རེད། གནམ་འོག་གི་མུ་མཐའ་མེད་པའི་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་ཀྱིས་ཁེབས་ཡོད་པས། ངས་ལམ་གྱི་ལྟད་མོར་གཡེང་བསྡད་ནས་ཨ་ཕའི་གྲོགས་པོ་ཚང་ལ་ཇི་ལྟར་སླེབས་པའང་མ་ཤེས།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ངས་མཉམ་འཇོག་དུས། ང་ཚོ་སྦྲ་ནག་ཅིག་གི་གམ་ལ་སླེབས་འདུག ང་ཚོ་རླངས་འཁོར་ལས་ཐང་ལ་བབས་མ་ཐག སྦྲ་ནང་ནས་ཨ་ཁུ་འབྲོག་པ་ཞིག་གིས་ལག་ཏུ་ཁ་བཏགས་བཟུང་ནས་ང་ཚོ་བསུ་རུ་སླེབས་བྱུང་། ཁོའི་གདོང་ན་དགའ་བའི་འཛུམ་གྱིས་ཁེངས་ཡོད་པ་དང་། ང་ཚོ་མི་རེ་རེར་ལག་འཇུ་དྲོན་མོ་རེ་བྱས་རྗེས། ད་ནི་མྱུར་དུ་ཁྱིམ་ལ་འགྲོ་ཟེར་ནས་མགྲོན་བསུ་བྱས་བྱུང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ང་ཚོ་སྦྲ་ནང་དུ་སོང་བ་ན། སྦྲ་ནང་དུ་དོ་ཆ་ཡག་པོར་བརྩིགས་ཡོད་པ་དང་། གོ་ཁ་རུ་སྡེར་ཀ་མང་པོ་བསྒྲིགས་ཤིང་གདན་གསར་བ་བཏིངས་ནས་བཞག་ཡོད་པས། ཨ་ཕའི་གྲོགས་པོ་དེ་ནི་མགྲོན་རྩིས་ཧ་ཅང་ཆེ་བ་ཞིག་ཡིན་པ་ཤེས་ཐུབ། ཐབ་ཀའི་སྟེང་གི་སླ་ང་ལས་ཅི་ཞིག་ལྷོག་ལྷོག་ཏུ་གདུ་བཞིན་འདུག་ལ། ཤ་དྲི་དང་འོ་དྲི་སྦྲ་ནང་ཧྲིལ་བོར་ཁྱབ་འདུགOvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དྲོས་ཇ་ཞིམ་པོ་ཞིག་འཐུང་རྗེས། ཨ་ཕ་དང་ཁོའི་གྲོགས་པོ་གཉིས་ཀྱིས་མུ་མཐུད་ཤ་ཟ་ཞོར་ཁ་བརྡ་བྱེད་ཀྱིན་འདུག་པས། ཨ་མས་ང་དང་ནུ་མོ་གཉིས་ཁྲིད་ནས་སྒོར་བུད་པ་དང་། འབྲོག་པའི་བྱིས་པ་མང་པོ་དང་མཉམ་དུ་རྩེད་མོ་རྩེད་དུ་སོང་བ་ཡིན། འབྲོག་པའི་བྱིས་མོ་དག་ནི་འབའ་འདེབས་རྒྱུར་དགའ་བ་དང་། རྡེའུ་དཀར་ནག་གིས་ལུག་དང་ནོར་བཅོས་ནས་རྩེད་རྒྱུར་དགའ་བོ་འདུགOvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཉིན་གཅིག་གི་ཉི་མ་ནི་ཧ་ཅང་ཐུང་བས། མིག་རྡེབ་དབང་ཙམ་གྱིས་ཉི་མ་ནུབ་ཕྱོགས་ཀྱི་རི་རྩེར་སླེབས་འདུག་པས། ང་ཚོས་ཨ་ཕའི་གྲོགས་པོ་ཚང་ལ་བདེ་མོ་བཞག་ནས་ཡུལ་ལ་འགྲོ་དགོས་བྱུང་སོང་མོད། ཉིན་དེ་ནི་ང་ལ་མཚོན་ན་ཧ་ཅང་བརྗེད་དཀའ་བའི་ཉིན་མོ་ཞིག་དང་། དོན་དག་དེ་ནི་ཧ་ཅང་བརྗེད་དཀའ་བའི་དོན་དག་ཅིག་རེད།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

-----------------------------------------------------------OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བརྗེད་དཀའ་བའི་དོན་དག་ཅིགOvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མང་རྫོང་མཁར་གྲོང་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་ཡེ་ཤེས་རྡོ་རྗེ།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ད་ལོའི་དབྱར་གནང་སྐབས་ཀྱི་ཉིན་ཞིག་ལ་བྱུང་བའི་དོན་དག་དེ་ནི། ངས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དུས་རྒྱུན་དང་འདྲ་བར། ཞོགས་པའི་ཉི་གཞོན་གྱིས་ཉིན་གཅིག་གི་སྒོ་གླེགས་དལ་བུར་ཕྱེས་པ་དང་ལྷན་ཅིག ང་རང་སྐྱིད་ཀྱི་རྨི་ལམ་ལས་སད་དེ་མལ་ལས་ལངས་པ་ཡིན། མདང་དགོང་ཉལ་ཁར། ཨ་ཕས་ངེད་ཕུ་ནུ་གཉིས་ལ། ལས་བྱ་སྔ་མོ་ནས་འགྲུབ་སོང་ན། གང་དུ་རྩེད་པར་འགྲོ་འདོད་ན་དེ་རུ་སོང་ཆོག་ཅེས་ཁས་བླངས་ཡོད་པས། ངས་མྱུར་བ་མྱུར་དུ་ནུ་བོ་ཡང་གཉིད་ལས་བསླངས་ཏེ་ལས་བྱ་བྲིས་པ་ཡིན།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ལས་བྱ་བྲིས་ཚར་རྗེས། ནུ་བོ་ནི་གཟེབ་ལས་ཤོར་བའི་བྱེའུ་ཕྲུག་ཅིག་དང་འདྲ་བར་ཁྱིམ་མཚེས་ཚང་ལ་ཤོར་སོང་བས། ང་རང་གཅིག་པུ་གར་འགྲོ་འདིར་འགྲོ་མེད་པར་ལྕགས་རྟ་སྐོར་ནས་སྒོ་ཕྱིར་སོང་བ་ཡིན། ལམ་བར་དུ། ང་ལས་ཅུང་ཆེ་བའི་ཨ་ཅེ་གཉིས་ཀྱིས་ནུ་བོ་ཆུང་ཆུང་ཞིག་ལ་ཐུབ་ཚོད་བྱེད་ཀྱིན་པ་མཐོང་བྱུང་། ནུ་བོ་ཆུང་ཆུང་དེ་ནི་ང་ཚོ་སློབ་གྲྭའི་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན་པ་དང་། ཨ་ཅེ་དེ་གཉིས་ལས་ལྡབ་འགས་ཆུང་བ་རེད། ང་མྱུར་བ་མྱུར་དུ་རྒྱུག་སོང་ནས་ཁོ་ཚོར་བར་བཀག་པ་ན། ཨ་ཅེ་དེ་གཉིས་ཀྱིས་ང་ལ་ཁོ་ནི་ཁྱོད་ཀྱི་ནུ་བོ་ཡིན་པས་ཁ་ཡ་བྱེད་མི་དགོས་ཟེར།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ནུ་བོ་ཆུང་ཆུང་དེ་ནི་ངའི་ནུ་བོ་མིན་ནའང་ངའི་ནུ་བོ་བཞིན་ཆུང་ཆུང་ཞིག་ཡིན་པས། ངས་མོ་གཉིས་ལ་ཐུབ་ཚོད་བྱེད་དུ་འཇུག་མི་འདོད། དེ་བས། ངས་ཨ་ཅེ་དེ་གཉིས་ལ་ཁྱོད་གཉིས་ཁོ་ལ་ཐུབ་ཚོད་བྱས་ན་ཅི་བྱ། ད་དུང་མུ་མཐུད་དུ་ཐུབ་ཚོད་བྱེད་ན་ངས་ཁོའི་ཁྱིམ་བདག་ལ་བཤད་ངེས། ངེད་གཉིས་ཁྱོད་གཉིས་ལ་སྐྲག་མོད། ཁོའི་ཨ་ཕ་དང་ཨ་མ་གཉིས་ཁྱོད་གཉིས་ལ་སྐྲག་པ་མ་རེད་ཅེས་བཤད་པ་ན། ཨ་ཅེ་དེ་གཉིས་ཀྱིས་ཀྱང་མུ་མཐུད་དུ་ཅི་ཡང་མི་བཤད་པར་ཕར་བུད་སོང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དོན་དག་དེ་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་ནའང་། ངས་རང་གི་དཔའ་ངར་དང་སྙིང་སྟོབས་སྐྱེད་ནས་ནུ་བོ་ཆུང་ཆུང་ཞིག་གི་རྒྱབ་ནས་ལངས་པ་ཡིན་པས། ནུ་བོ་ཆུང་ཆུང་དེས་ང་ལ་བཀའ་དྲིན་ཞུས་པར་མ་ཟད། ང་ཡང་རང་ཉིད་ཀྱི་སྟེང་ལ་སྨོན་པ་ལྟ་བུ་ཞིག་སྐྱེས་བྱུང་།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

-----------------------------------------------------------OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཛུབ་སྟོན་དགེ་རྒན། འབྲོང་ཕྲུག་ལྷ་ཆེན་རྒྱལ།OvT康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论